ཀྲུང་གོ་བོད་ཀྱི་དྲ་བ།

རི་སྐྱེས་སྲོག་ཆགས་ཀྱི་འཆམ་མཐུན་ཁྱིམ་གཞིས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ལྷ་སྒྲོན་མཚོ་ཡིས་བསྒྱུར།   སྤེལ་དུས། : 2022-08-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

3.jpg

ཁྲུང་ཁྲུང་མགོ་ཁྲ་ཞིག་གིས་ཉ་འཛིན་པ།

4.jpg

ཆུ་འཐུང་བཞིན་པའི་ལུག་ཁྱུ།

5.jpg

ཁྲུང་ཁྲུང་སྐེ་ནག

6.jpg

མཚོ་སྔོན་པོའི་གསེར་ཉ།

7.jpg

རྩྭ་ཐང་གི་ལུག

༨.jpg

ནོར་འགའ་ཡིས་ཆུ་ཁ་ནས་རྩྭ་ཟ་བཞིན་པ།

༩.jpg

རི་སྐྱེས་སྲོག་ཆགས་བྱ་རྒོད།

༡༠.jpg

རི་སྐྱེས་སྲོག་ཆགས་གཙོད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཛེས་སྡུག་ལྡན་པའི་མཚོ་སྔོན་གྱི་སྐོར་གླེང་སྐབས། ཁྱེད་ཀྱི་སེམས་སུ་གཙང་གསུམ་འབྱུང་ཡུལ་གྱི་རྩྭ་ཆུ་བཟང་པོ་དང་། ནོར་ལུག་ཤ་ཤེད་རྒྱས་པ། རི་སྐྱེས་སྲོག་ཆགས་ཀྱི་རིགས་མང་བའི་རང་བྱུང་འཆམ་མཐུན་གྱི་རྣམ་པ་ཞིག་འཆར་ངེས་ཡིན། གཙང་གསུམ་འབྱུང་ཡུལ་ནི་མཚོ་བོད་མཐོ་སྒང་གི་དབུས་དཀྱིལ་དུ་ཆགས་པ་དང་། དེ་ནི་མཐོ་སྒང་གི་སྐྱེ་དངོས་སྣ་མང་རང་བཞིན་གཅིག་བསྡུས་ཆེ་བའི་ས་ཁུལ་ཞིག་ཡིན་པས“མཐོ་གྲང་སྐྱེ་དངོས་རིགས་ཀྱི་ཐོན་ཁུངས་མཛོད”ཅེས་པའི་མཚན་སྙན་ལྡན་ཞིང་། གནས་དེ་རུ་གཙོད་དང་ཨ་བྲ། གནའ་བ། རྐྱང་། གསའ། ཁྲུང་ཁྲུང་སྐེ་ནག ཁྲུང་ཁྲུང་མགོ་ཁྲ། བྱ་རྒོད། མཚོ་སྔོན་པོའི་གསེར་ཉ་སོགས་རི་སྐྱེས་སྲོག་ཆགས་བརྒྱ་དང་ཉི་ཤུ་ལྷག་ཡོད་པ་དང་མང་ཆེ་བ་ནི་མཚོ་བོད་མཐོ་སྒང་གི་དམིགས་བསལ་གྱི་སྲོག་ཆགས་ཡིན། གནམ་གཤིས་ཆ་རྐྱེན་ཞན་པའི་རང་བྱུང་ཁོར་ཡུག་ཁྲོད་དེ་དག་གིས་དཔའ་ངར་ཞུམ་མེད་ངང་རྒྱུད་སྤེལ་ནས་གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་དངོས་ཀྱི་ཕྲེང་འབྲེལ་དང་སྐྱེ་ཁམས་སྦྲེལ་ཐག་བཙུགས་ཏེ་ཚེ་སྲོག་གི་ངོ་མཚར་མངོན་ཞིང་ཚེ་སྲོག་གི་བསྟོད་གླུ་ལེན་བཞིན་ཡོད།

མཚོ་སྔོན་གྱི་མི་རིགས་སོ་སོའི་མི་དམངས་ཀྱིས་མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་ངེས་ནས། སྐྱེ་ཁམས་སྲུང་སྐྱོང་གི་ཆབ་སྲིད་ཀྱི་འགན་འཁྲི་གལ་ཆེན་མཐའ་གཅིག་ཏུ་འཁུར་ཞིང་། ཐོག་མཐའ་བར་གསུམ་དུ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱ་རྒྱུ་དེ“རྒྱལ་དོན་གྱི་ཆེ་ཕྱོགས”སུ་བརྩི་ཞིང“ཆེས་ཆེ་བ་གསུམ”གྱི་ཞིང་ཆེན་གྱི་གནས་ཚུལ་དང་ངེས་གནས་བློ་ལ་བརྟན་པོར་ངེས་ནས། སྐྱེ་ཁམས་སྲུང་སྐྱོང་གི་ལམ་བུའི་སྟེང་གོམ་པ་རིམ་བགྲོད་ཀྱིས་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་དང་མཚོ་བོད་མཐོ་སྒང་གི་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་གི་ལས་དོན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བ་རེད།

རི་སྐྱེས་སྲོག་ཆགས་ལ་འཆམ་མཐུན་དང་མཛེས་སྡུག་ལྡན་པའི་བདེ་སྐྱིད་ཀྱི་ཁྱིམ་གཞིས་བསྐྲུན་ནས། བུ་རབས་ཚ་རྒྱུད་ལ་དྭངས་ཤིང་གཙང་བའི་རི་ཆུ་ཀླུང་གསུམ་གྱི་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་འཇོག་པ་དང་། “མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས”ཀྱི་སྐྱེ་ཁམས་དཔལ་ཡོན་གྱི་འདུ་ཤེས་མི་སེམས་ལ་གཤགས་པར་བྱེད་པ་བཅས་ནི་མཚོ་སྔོན་མི་རིགས་སོ་སོའི་མི་དམངས་ཀྱི་ཐུན་མོང་འབད་འཐབ་ཀྱི་དམིགས་འབེན་ཞིག་ཡིན་པ་མ་ཟད། རྒྱལ་ཁབ་དང་མི་རིགས། བུ་རབས་ཚ་རྒྱུད་བཅས་ལ་འགན་འཁུར་བའི་ལོ་རྒྱུས་ཀྱི་འགན་འཁྲི་ཞིག་ཀྱང་ཡིན། ང་ཚོས་སེམས་ཤུགས་ཡོད་ཚད་ཀྱིས་མཐོ་ཞིང་མཐུག་པའི་ས་གཞི་ཆེན་མོའི་འདིའི་སྟེང་གི་རྩྭ་རྩི་ཤིང་དང་རི་ཆུ་ཀླུང་གསུམ་སྲུང་སྐྱོང་ཡག་པོ་བྱས་ཏེ། རི་སྔོ་ཆུ་དྭངས་ནི་ནམ་ཡང་མཚོ་སྔོན་གྱི་ལེགས་ཆ་དང་གཟི་བརྗིད་ཞིག་ཏུ་འགྱུར་བར་བྱེད་དགོས། །

རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།