ཀྲུང་གོ་བོད་ཀྱི་དྲ་བ།

ཞིན་ཁྲང་ཞིང་དང་ཝུའུ་ཞའོ་ཅུན་གཉིས་ཏ་ཐུང་རྫོང་དུ་བསྐྱོད་དེ་ཆུ་ལོག་གི་གནོད་འཚེ་ལས་མྱུར་སྐྱོབ་རོགས་སྐྱོབ་བྱ་བར་བཀོད་འདོམས་གནང་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : གསང་བདག་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2022-08-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

微信图片_20220819094506.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ8པའི་ཚེས18ཉིན། མཚོ་སྔོན་ཞིང་ཆེན་ཏ་ཐུང་ཧུའེ་རིགས་ཧོར་རིགས་རང་སྐྱོང་རྫོང་ཆིང་ཧྲན་ཤང་དང་ཆིང་ལིན་ཤང་གཉིས་སུ་དུས་ཡུན་ཐུང་ངུར་དྲག་ཆར་ཆེན་པོ་བབས་པས་ཆུ་ལོག་གི་གནོད་འཚེ་བྱུང་བ་དང་། མི་སྣ་ཤི་རྨས་དང་རྒྱུ་ནོར་གྱོང་གུན་ཐེབས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅིའམ་མྱུར་སྐྱོབ་རོགས་སྐྱོབ་ཐག་གཅོད་བྱ་བའི་འཕྲལ་བསྟུན་བཀོད་འདོམས་པུའུ་ཡི་པུའུ་ཀྲང་ཞིན་ཁྲང་ཞིང་དང་། ཧྲིན་ཀྲང་ངམ་མྱུར་སྐྱོབ་རོགས་སྐྱོབ་ཐག་གཅོད་བྱ་བའི་འཕྲལ་བསྟུན་བཀོད་འདོམས་པུའུ་ཡི་པུའུ་ཀྲང་ཝུའུ་ཞའོ་ཅུན་གཉིས་དུས་དང་པོར་གནོད་ཐེབས་ཡུལ་དངོས་སུ་བསྐྱོད་དེ་གནོད་འཚེའི་གནས་ཚུལ་རྟོག་ཞིབ་བྱས་པ་དང་། མྱུར་སྐྱོབ་རོགས་སྐྱོབ་བྱ་བར་བཀོད་འདོམས་བྱས། ཞིང་ཆེན་ཏང་ཨུའི་ཆེད་དོན་ཚོགས་འདུ་དང་མྱུར་སྐྱོབ་རོགས་སྐྱོབ་ཐག་གཅོད་བྱ་བའི་འཕྲལ་བསྟུན་བཀོད་འདོམས་པུའུ་ཡི་ཚོགས་འདུ་བསྡུས་ཏེ། འཕྲལ་བསྟུན་ཐག་གཅོད་བྱ་བ་བཀོད་སྒྲིག་བྱས། 

ཞིན་ཁྲང་ཞིང་དང་ཝུའུ་ཞའོ་ཅུན་གཉིས་ཀྱིས། ད་ལོའི་ཆུ་རྒྱས་པའི་དུས་སྐབས་སླེབས་པ་ནས་བཟུང་། རང་ཞིང་ལ་ཁུལ་ཁོངས་རང་བཞིན་གྱི་དྲག་ཆར་ཆེན་པོའི་གནམ་གཤིས་བྱུང་བ་དང་། ཆུ་ལོག་གི་གནོད་འཚེ་འགོག་པའི་གནས་བབ་ཛ་དྲག་ཏུ་གྱུར་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཆུ་ལོག་སྔོན་འགོག་བྱ་བའི་སྐོར་གྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དངོས་འབེབས་བྱེད་པ་དང་། མི་དམངས་བླ་ན་མེད་པ་དང་ཚེ་སྲོག་བླ་ན་མེད་པ་རྒྱུན་འཁྱོངས་བྱེད་པ། ཆུ་ལོག་ས་གཤིས་གནོད་འཚེ་སྔོན་འགོག་དང་འཕྲལ་བསྟུན་མྱུར་སྐྱོབ་རོགས་སྐྱོབ་བྱ་བ་སྟོབས་ཤུགས་ཡོད་རྒུས་ལེགས་པོར་སྒྲུབ་པ། ཆུ་ལོག་སྔོན་འགོག་དང་རྒུད་སྐྱོབ་བྱེད་ཐབས་ཀྱི་དོན་ཚན་ཁག་དངོས་འཛིན་ཞིབ་ཕྲ་བྱས་ཏེ། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་རྒྱུ་ནོར་བདེ་འཇགས་ངེས་པ་དོན་གྱིས་འགན་སྲུང་བྱེད་དགོས་ཞེས་བསྟན། 

微信图片_20220819094514.jpg

ཞིན་ཁྲང་ཞིང་དང་ཝུའུ་ཞའོ་ཅུན་གཉིས་ཀྱིས། མི་སྣ་འཚོལ་ཞིབ་མྱུར་སྐྱོབ་ནི་ལས་གཙོ་བོར་འཛིན་པ་དང་། འཚོལ་ཐག་ཇེ་རིང་དང་འཚོལ་རྒྱ་ཆེར་སྐྱེད་ཀྱིས་དྲ་མིག་ཅན་དང་ས་གདན་རྣམ་པའི་གྲལ་བཤེར་བྱས་ཏེ། སྡེ་བ་རེ་རེ་དང་ཁྱིམ་ཚང་རེ་རེར་སོང་ནས་འབྲེལ་ཐག་ཆད་པའི་མི་སྣད་རྩད་ཞིབ་གསལ་ཞིང་ཡང་དག་པ་བྱེད་དགོས། རྨས་སྐྱོན་ཐེབས་པའི་མི་སྣ་མྱུར་སྐྱོབ་བྱེད་པ་དང་། གནོད་ཐེབས་མང་ཚོང་བཀོད་སྒྲིག་བྱེད་པ། རོགས་སྐྱོབ་སྟོབས་ཤུགས་སྤྱི་འདོམས་བྱེད་པ། ཉེན་ཚུལ་རྐྱེན་ངན་གྲལ་བཤེར་བྱེད་པ། ཞོར་འབྱུང་གནོད་འཚེ་ནན་འགོག་བྱེད་པ། བགྲོད་ལམ་མྱུར་གསོ་དང་འཕྲིན་གཏོང་སླར་གསོ་སོགས་ཀྱི་བྱ་བ་སྟོབས་ཤུགས་ཡོད་རྒུས་བསྒྲུབས་ཏེ། གནོད་འཚེ་འབྱུང་རྐྱེན་ལ་བརྟག་དཔྱད་དང་འབྲེལ་ཡོད་གནོད་མཇུག་ལེགས་བསྡུའི་བྱ་བ་ལེགས་པར་སྒྲུབ་དགོས། ཆུ་ལོག་འགོག་པའི་ཇུས་གཞི་དངོས་བཟོ་བ་དང་། སྡེ་བ་དང་ཁྱིམ་ཚང་། མིའི་བར་དུ་ཉེན་གཡོལ་གནས་སྤོར་ཞིབ་མོ་བཟོ་བ། རིམ་པ་སོ་སོའི་མགོ་ཁྲིད་ཀྱིས་མདུན་ངོས་ནས་བཀོད་འདོམས་བྱེད་པ། གྲ་སྒྲིག་ཕུན་སུམ་ཚོགས་པ་དང་ནན་འགོག་ནན་སྲུང་བྱས་ཏེ། ཉེན་ཚུལ་དུས་དང་པོར་རྟོགས་པ་དང་དུས་དང་པོར་སྙན་སེང་ཞུ་བ། དུས་དང་པོར་ཐག་གཅོད་བྱེད་པའི་བྱ་བ་ལེགས་པར་སྒྲུབ་དགོས། ཆར་བ་དང་ཆུ་བོ། ཆུ་ལོག་བཅས་ཀྱི་བརྟག་འཇལ་དབྱེ་ཞིབ་ཀྱི་གནད་འཁེལ་རང་བཞིན་དང་སྐབས་ཐོག་རང་བཞིན་ཇེ་ལེགས་སུ་བཏང་སྟེ། དུས་དང་པོར་དབང་གྲགས་ལྡན་པའི་སྔོན་བརྡ་དང་ཉེན་བརྡའི་བརྡ་འཕྲིན་གཏོང་དགོས། འཕྲོད་བསྟེན་རིམས་འགོག་བྱ་བར་ཕྱོགས་ཡོངས་ནས་ཤུགས་སྣོན་པ་དང་། ཆེད་ལས་སྟོབས་ཤུགས་རྩ་འཛུགས་སྒོས་ཁོར་ཡུག་དུག་སེལ་བྱ་བ་སྤེལ་ནས། གནོད་ཐེབས་ཡུལ་དངོས་དང་བཀོད་སྒྲིག་བྱེད་སར་རིམས་ནད་འགོག་སྡོམ་བྱ་བ་ལེགས་པར་སྒྲུབ་དགོས། བསླབ་བྱ་ཟབ་མོ་བསྡུ་ལེན་བྱེད་པ་དང་། གཅིག་ཤེས་ཀུན་གྲོལ་སྒོས་ཞིང་ཆེན་ཡོངས་སུ་ཕྱོགས་ཡོངས་ནས་བག་གནས་ཉེན་ཁའི་རྐྱེན་ངན་གྲལ་བཤེར་བྱེད་པ། བསམ་བློའི་ལྟ་གོན་དང་བྱ་བའི་གྲ་སྒྲིག དངོས་ཟོག་གྲ་སྒྲིག སྟོབས་ཤུགས་གྲ་སྒྲིག་བཅས་ཕུན་སུམ་ཚོགས་པར་བྱེད་པ། “ནམ་ཡང་སེམས་མི་བདེ་བའི”འགན་འཁྲིའི་འདུ་ཤེས་ལ་བརྟེན་ནས་ཆུ་ལོག་ཆེན་པོ་འགོག་པ་དང་ཉེན་ཁ་ཆེན་པོར་གཡོལ་བ། གནོད་འཚེ་ཆེན་པོ་སྐྱོབ་པའི་རྒྱུད་སྐུད་འདི་དམ་པོར་སྡོམ་པ། ཐེངས་བརྒྱར་སྟོང་འགོག་བྱེད་དགོས་ཀྱང་ཐེངས་གཅིག་ལའང་ལས་ཤོར་བྱ་མི་རུང་བར། གནམ་གཤིས་ངན་པའི་གནོད་འཚེ་ལ་ཁ་གཏད་འཇལ་བའི་བྱ་བ་ཞིབ་ཚགས་ཀྱིས་ལེགས་པར་སྒྲུབ་དགོས་ཞེས་ནན་གྱིས་བསྟན། 

ཞིང་ཆེན་མགོ་ཁྲིད་ཁྲིན་རུའེ་ཧྥིན་དང་ཝང་ཝེ་ཏུང་། ཀྲུའུ་ཞང་ཧྥིན་བཅས་དང་། ཞིང་ཆེན་དམག་ཁུལ་གྱི་སི་ལིང་ཡོན་ལིའུ་ཀུ་ཕིང་ཚོགས་འདུར་ཞུགས། ། 

རྩོམ་སྒྲིག་པ། : གསང་བདག་རྒྱལ།