ཀྲུང་གོ་བོད་ཀྱི་དྲ་བ།

ཟི་ལིང་གྲོང་ཁྱེར་པྲོག་གསར་གློ་ཚད་རིམས་འགོག་བཀོད་འདོམས་པུའུ་ཡི་བརྡ་ཁྱབ།(ཨང132པ)

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་དོན་གྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2022-08-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཟི་ལིང་གྲོང་ཁྱེར་པྲོག་གསར་གློ་ཚད་རིམས་འགོག་བཀོད་འདོམས་པུའུ་ཡི་བརྡ་ཁྱབ།

(ཨང132པ)

2022ལོའི་ཟླ8པའི་ཚེས15ཉིན་གྱི་ཆུ་ཚོད14པ་ནས་ཚེས16ཉིན་གྱི་ཆུ་ཚོད8པའི་བར། ཟི་ལིང་གྲོང་ཁྱེར་དུ་གཅིག་བསྡུས་ལོགས་བཀར་དོ་དམ་མི་སྣའི་ཁྲོད་པྲོག་གསར་ནད་དུག་གདགས་གཤིས་ཅན6བྱུང་ལ། གཏན་ཁེལ་སྨན་ཁང་དུ་བསྐྱལ་ཟིན། འབྲེལ་ཡོད་གནས་ཚུལ་བརྡ་ཁྱབ་བཏང་བ་གཤམ་གསལ་ལྟར།

གདགས་གཤིས་མི་སྣའི་གནས་ཚུལ།

གདགས་གཤིས་མི་སྣ་དང་པོ། ཞིང་ཆེན་གཞན་ནས་ཡོང་བའི་མི་སྣ། ཟླ8པའི་ཚེས13ཉིན་རྨ་ལྷོ་ཁུལ་ཐུན་རེན་གྲོང་ཁྱེར་གྱིས་བརྡ་ཁྱབ་བཏང་པའི་གདགས་གཤིས་ཅན་གྱི་འབྲེལ་འདྲིས་དམ་ཟབ་ཅན་ཡིན། ཟླ8པའི་ཚེས11ཉིན་གྱི་ཆུ་ཚོད19:55ཡི་སྟེང་ལྷ་ས་ནས་ཟི་ལིང་ལ་བསྐྱོད་པའི་མེ་འཁོརY978བསྡད་དེ། ཚེས12ཉིན་གྱི་ཆུ་ཚོད22:24སྟེང་ཟི་ལིང་མེ་འཁོར་འབབ་ཚིགས་སུ་འབྱོར་བ་དང་། དེ་ནས་གཅིག་བསྡུས་ལོགས་བཀར་ས་ཚིགས་སུ་བསྐྱལ། ཟླ8པའི་ཚེས12དང་ཚེས13། ཚེས14ཉིན་བཅས་ཀྱི་ཉིང་སྐྱུར་བརྟག་འབྲས་སྲིབ་གཤིས་རེད། ཚེས15ཉིན་བརྟག་འབྲས་གདགས་གཤིས་སུ་མངོན་པ་དང་ནད་རྟགས་མེད་པའི་ནད་པ་རེད།

གདགས་གཤིས་མི་སྣ་གཉིས་པ། ཞིང་ཆེན་གཞན་ནས་ཡོང་བའི་མི་སྣ། ཟླ8པའི་ཚེས14ཉིན་མཚོ་ལྷོ་ཁུལ་གུང་ཧོ་རྫོང་གིས་བརྡ་ཁྱབ་བཏང་བའི་གདགས་གཤིས་ཅན་གྱི་འབྲེལ་འདྲིས་དམ་ཟབ་ཅན་ཡིན། ཟླ8པའི་ཚེས12ཉིན་གྱི་ཆུ་ཚོད8:30ཡི་སྟེང་ལྷ་ས་ནས་ཟི་ལིང་ལ་བསྐྱོད་པའི་མེ་འཁོརY976བསྡད་དེ། ཚེས13ཉིན་གྱི་ཆུ་ཚོད8:30སྟེང་ཟི་ལིང་མེ་འཁོར་འབབ་ཚིགས་སུ་འབྱོར་བ་དང་། དེ་ནས་གཅིག་བསྡུས་ལོགས་བཀར་ས་ཚིགས་སུ་བསྐྱལ། ཟླ8པའི་ཚེས13དང་ཚེས14ཉིན་གཉིས་ལ་ཉིང་སྐྱུར་བརྟག་འབྲས་སྲིབ་གཤིས་རེད། ཚེས15ཉིན་བརྟག་འབྲས་གདགས་གཤིས་སུ་མངོན་པ་དང་ནད་རྟགས་མེད་པའི་ནད་པ་རེད།

གདགས་གཤིས་མི་སྣ་གསུམ་པ། ཞིང་ཆེན་གཞན་ནས་ཡོང་བའི་མི་སྣ། ཟླ8པའི་ཚེས14ཉིན་མཚོ་ལྷོ་ཁུལ་གུང་ཧོ་རྫོང་གིས་བརྡ་ཁྱབ་བཏང་བའི་གདགས་གཤིས་ཅན་གྱི་འབྲེལ་འདྲིས་དམ་ཟབ་ཅན་ཡིན། ཟླ8པའི་ཚེས12ཉིན་གྱི་ཆུ་ཚོད8:30ཡི་སྟེང་ལྷ་ས་ནས་ཟི་ལིང་ལ་བསྐྱོད་པའི་མེ་འཁོརY976བསྡད་དེ། ཚེས13ཉིན་གྱི་ཆུ་ཚོད8:30སྟེང་ཟི་ལིང་མེ་འཁོར་འབབ་ཚིགས་སུ་འབྱོར་བ་དང་། དེ་ནས་གཅིག་བསྡུས་ལོགས་བཀར་ས་ཚིགས་སུ་བསྐྱལ། ཟླ8པའི་ཚེས13དང་ཚེས14ཉིན་གཉིས་ལ་ཉིང་སྐྱུར་བརྟག་འབྲས་སྲིབ་གཤིས་རེད། ཚེས15ཉིན་བརྟག་འབྲས་གདགས་གཤིས་སུ་མངོན་པ་དང་ནད་རྟགས་མེད་པའི་ནད་པ་རེད།

གདགས་གཤིས་མི་སྣ་བཞི་པ། ཞིང་ཆེན་གཞན་ནས་ཡོང་བའི་མི་སྣ། ཟླ8པའི་ཚེས14ཉིན་མཚོ་ལྷོ་ཁུལ་གུང་ཧོ་རྫོང་གིས་བརྡ་ཁྱབ་བཏང་བའི་གདགས་གཤིས་ཅན་གྱི་འབྲེལ་འདྲིས་དམ་ཟབ་ཅན་ཡིན། ཟླ8པའི་ཚེས12ཉིན་གྱི་ཆུ་ཚོད8:30ཡི་སྟེང་ལྷ་ས་ནས་ཟི་ལིང་ལ་བསྐྱོད་པའི་མེ་འཁོརY976བསྡད་དེ། ཚེས13ཉིན་གྱི་ཆུ་ཚོད8:30སྟེང་ཟི་ལིང་མེ་འཁོར་འབབ་ཚིགས་སུ་འབྱོར་བ་དང་། དེ་ནས་གཅིག་བསྡུས་ལོགས་བཀར་ས་ཚིགས་སུ་བསྐྱལ། ཟླ8པའི་ཚེས13དང་ཚེས14ཉིན་གཉིས་ལ་ཉིང་སྐྱུར་བརྟག་འབྲས་སྲིབ་གཤིས་རེད། ཚེས15ཉིན་བརྟག་འབྲས་གདགས་གཤིས་སུ་མངོན་པ་དང་ནད་རྟགས་མེད་པའི་ནད་པ་རེད།

གདགས་གཤིས་མི་སྣ་ལྔ་པ། ཞིང་ཆེན་གཞན་ནས་ཡོང་བའི་མི་སྣ། ཟླ8པའི་ཚེས14ཉིན་མཚོ་ལྷོ་ཁུལ་གུང་ཧོ་རྫོང་གིས་བརྡ་ཁྱབ་བཏང་བའི་གདགས་གཤིས་ཅན་གྱི་འབྲེལ་འདྲིས་དམ་ཟབ་ཅན་ཡིན། ཟླ8པའི་ཚེས12ཉིན་གྱི་ཆུ་ཚོད8:30ཡི་སྟེང་ལྷ་ས་ནས་ཟི་ལིང་ལ་བསྐྱོད་པའི་མེ་འཁོརY976བསྡད་དེ། ཚེས13ཉིན་གྱི་ཆུ་ཚོད8:30སྟེང་ཟི་ལིང་མེ་འཁོར་འབབ་ཚིགས་སུ་འབྱོར་བ་དང་། དེ་ནས་གཅིག་བསྡུས་ལོགས་བཀར་ས་ཚིགས་སུ་བསྐྱལ། ཟླ8པའི་ཚེས13དང་ཚེས14ཉིན་གཉིས་ལ་ཉིང་སྐྱུར་བརྟག་འབྲས་སྲིབ་གཤིས་རེད། ཚེས15ཉིན་བརྟག་འབྲས་གདགས་གཤིས་སུ་མངོན་པ་དང་ནད་རྟགས་མེད་པའི་ནད་པ་རེད། གདགས་གཤིས་མི་སྣ་གཉིས་པ་དང་གསུམ་པ། བཞི་པ། ལྔ་པ་ཚང་མ་ཤ་ཉེ་འབྲེལ་རེད། 

གདགས་གཤིས་མི་སྣ་དྲུག་པ། ཞིང་ཆེན་གཞན་ནས་ཡོང་བའི་མི་སྣ། ཟླ8པའི་ཚེས14ཉིན་མཚོ་ནུབ་ཁུལ་ན་གོར་མོ་གྲོང་ཁྱེར་གྱིས་བརྡ་ཁྱབ་བཏང་བའི་གདགས་གཤིས་ཅན་གྱི་འབྲེལ་འདྲིས་དམ་ཟབ་ཅན་ཡིན། ཟླ8པའི་ཚེས12ཉིན་གྱི་ཆུ་ཚོད8:30ཡི་སྟེང་ལྷ་ས་ནས་ཟི་ལིང་ལ་བསྐྱོད་པའི་མེ་འཁོརY976བསྡད་དེ། ཚེས13ཉིན་གྱི་ཆུ་ཚོད8:30སྟེང་ཟི་ལིང་མེ་འཁོར་འབབ་ཚིགས་སུ་འབྱོར་བ་དང་། དེ་ནས་གཅིག་བསྡུས་ལོགས་བཀར་ས་ཚིགས་སུ་བསྐྱལ། ཟླ8པའི་ཚེས13དང་ཚེས14ཉིན་གཉིས་ལ་ཉིང་སྐྱུར་བརྟག་འབྲས་སྲིབ་གཤིས་རེད། ཚེས15ཉིན་བརྟག་འབྲས་གདགས་གཤིས་སུ་མངོན་པ་དང་ནད་རྟགས་མེད་པའི་ནད་པ་རེད། 

གོང་བརྗོད་གདགས་གཤིས་ཅན་གཉིས་ཀྱི་མེ་འཁོར་གཅིག་པའི་འབྲེལ་འདྲིས་དམ་ཟབ་ཅན་དག་ཉིན་དེར་གཅིག་བསྡུས་ལོགས་བཀར་ས་ཚིགས་སུ་བསྐྱལ་ཟིན།

མིག་སྔར་རྒྱལ་ནང་དུ་དར་ཁྱབ་ཆེ་བའི་ཨོ་མེ་ཁི་རོང་གཞན་འགྱུར་དུག་ཕུང་ལ་ཁྱབ་ཤུགས་ཆེ་ཞིང་། ཁྱབ་ཚད་མགྱོགས་པ། ཁྱབ་སྟངས་མི་མངོན་པ་སོགས་ཀྱི་ཁྱད་ཆོས་སོགས་ལྡན་པས། རྒྱ་ཆེའི་མང་ཚོགས་ཀྱིས་རིམས་འགོག་བླང་བྱ་བརྩི་སྲུང་ནན་མོ་དང་རིམས་འགོག་དོ་དམ་ལ་གཞོགས་འདེགས་བྱས་ཏེ། དོན་མེད་དུ་ཕྱིར་མི་འགྲོ་ཞིང་འདུ་འཛོམས་མི་བྱེད་པ། དཀྲོག་གཏམ་ལ་མི་ཉན་པ། དཀྲོག་གཏམ་མི་བཤད་པར་ཁ་ལག་གཙང་མར་བཀྲུ་ཞིང་། རླུང་རྒྱུ་རུ་འཇུག་པ། རྨིད་གཅིག་གི་བར་ཐག་བཞག་ནས་རང་ཉིད་ཀྱི་འགོག་སྲུང་ལེགས་པོར་བྱེད་དགོས། ཚན་རིག་དང་མཐུན་པར་ཁ་ཐུམ་རྒྱག་པ་དང་དྲོད་འཇལ་ཨང་བཤེར་སོགས་ཀྱི་འགོག་སྲུང་རེ་བ་ལག་བསྟར་བཟང་པོ་བྱས་ཏེ།  བདེ་འཇགས་ཀྱི་བར་ཐག་འཇོག་པ་རྒྱུན་འཁྱོངས་བྱེད་པ་དང་། གལ་སྲིད་ཚ་རྒྱས་པ་དང་ལུ་བ། མིད་པ་ན་བ། ཟུངས་ཟད་པ། སྣ་དབང་ཉམས་པ། ཕོ་བ་བཤལ་བ་སོགས་ཀྱི་ནད་རྟགས་བྱུང་ཚེ། དུས་ཐོག་ཏུ་ཁ་ཐུམ་བརྒྱབ་ནས་ཚ་བརྟག་སྨན་ཁང་དུ་ཕྱིན་ཏེ་སྨན་བཅོས་བྱ་དགོས།

ཟི་ལིང་གྲོང་ཁྱེར་པྲོག་གསར་གློ་ཚད་རིམས་འགོག་བཀོད་འདོམས་པུའུ།

2022ལོའི་ཟླ8པའི་ཚེས16ཉིན།

རྩོམ་སྒྲིག་པ། : ཚེ་རིང་དོན་འགྲུབ།