ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་གྱི་ཚྭ་མཚོའི་མཛེས་ལྗོངས་ཁུལ་གནས་སྐབས་སུ་སྒོ་བརྒྱབ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ལྷ་སྒྲོན་མཚོ་ཡིས་བསྒྱུར།   སྤེལ་དུས། : 2022-08-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

3.jpg

5.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། རིམས་ནད་འགོག་སྡོམ་གྱི་ལས་དོན་སྔར་ལས་ཡག་པོ་བསྒྲུབས་ནས། རིམས་ནད་གང་སར་མཆེད་པའི་ཉེན་ཁ་བསལ་ཏེ་རྒྱ་ཆེའི་ཡུལ་སྐོར་བའི་བདེ་ཐང་དང་བདེ་འཇགས་ལ་འགན་སྲུང་ལེན་ཏན་ཏིག་བྱ་ཆེད། མཚོ་སྔོན་ཞིང་ཆེན་ཝུའུ་ལན་རྫོང་གི་པྲོག་གསར་གློ་ཚད་རིམས་ནད་འགོག་སྡོམ་ཐག་གཅོད་བཀོད་འདོམས་པུའུ་ཡི་གཞུང་ལས་ཁང་གིས་ཚེས16ཉིན་གྱི་སྔ་དྲོ་ཡོངས་བསྒྲགས་བྱས་པ་ལྟར་ན། 2022ལོའི་ཟླ8ཚེས16ཉིན་གྱི་ཆུ་ཚོད6པ་ནས་བཟུང་ཚྭ་མཚོའི་མཛེས་ལྗོངས་ཁུལ་གནས་སྐབས་སུ་སྒོ་བརྒྱབ་པ་དང་། མཛེས་ལྗོངས་ཁུལ་དུ་ཕྱོགས་ཡོངས་ནས་དུག་སེལ་བྱས་ཏེ་མི་སྣ་ཡོངས་ལ་ཉིང་སྐྱུར་བརྟག་དཔྱད་བྱས་པ་དང་། སྒོ་འབྱེད་པའི་དུས་ཚོད་ཡང་བསྐྱར་བརྡ་གཏོང་རྒྱུ་ཡིན།

4.jpg

6.jpg

ངོ་སྤྲོད་ལྟར་ན། སྤ་སེ་མངགས་ཉོ་བྱས་པའི་ཡུལ་སྐོར་བས་སྔོན་གྱི་སྤ་སེ་ཉོ་བའི་ཐབས་ལམ་བརྒྱུད་གྲོན་དངུལ་ཕྱིར་སློག་པར་རེ་ཞུ་བྱས་ཆོག

ཚྭ་འདམ་གཤོངས་སར་གནས་པའི་ཚྭ་མཚོའི་རྒྱ་ཁྱོན་ལ་སྤྱི་ལེ་ངོས་གྲུ་བཞི་མ་བརྒྱ་ཙམ་ཟིན་པ་དང་། ཚྭའི་བང་རིམ་གྱི་ཆ་སྙོམས་མཐུག་ཚད་སྨི4ཙམ་ཟིན་པ། ཆེས་གཏིང་ཟབ་སར་སྨི13ཟིན་པ། ཚྭ་གསོག་ཚད་ཏུན་དུང་ཕྱུར4.5ཙམ་ཟིན་ཡོད། སྲ་གཤེར་མཉམ་གནས་ཀྱི་ཚྭ་མཚོ་ཡིན་པའི་དབང་གིས་གནམ་གཤིས་ལེགས་དུས་ཚྭ་མཚོའི་མཚོ་ངོས་ནི་མེ་ལོང་ལྟ་བུ་ཞིག་དང་མཚུངས་ལ། པོ་ལི་ཝེ་ཡའི“ནམ་མཁའི་མེ་ལོང”དང་འདྲ་བས་ཀྲུང་གོའི“ནམ་མཁའི་མེ་ལོང”ཞེས་པའི་མཚན་སྙན་ལྡན་པ་རེད། །

རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།