ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་བྱང་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་གཏོད་ཀྱི་བྱ་བར་གྲུབ་འབྲས་གཡུར་དུ་ཟ་བ་བླངས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་འབུམ་ཚེ་རིང་གིས་བསྒྱུར།   སྤེལ་དུས། : 2022-08-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་པ་ནས་བཟུང་། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱིས“མཐུན་སྒྲིལ་ཡར་བརྩོན”གྱི་དུས་རབས་ཀྱི་འགྱུར་ཁུགས་དང་བསྟུན་ནས“ཐུན་མོང་གཉིས”ཀྱི་བརྗོད་དོན་གཙོ་བོ་མཐའ་འཁྱོངས་ཀྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་གཏོད་དང་ལོ་ལྔའི་རིང་སླར་ཡང་མཐོ་རུ་གཏོང་བའི་བྱ་བར་སྐུལ་འདེད་གཏིང་ཟབ་བཏང་། མིག་སྔའི་བར་ཁུལ་ཡོངས་ཀྱི་བདེ་འཇགས་ཀྱི་ཤང་གྲོང་དང་། བདེ་འཇགས་ཀྱི་གྲོང་ཚོ། བདེ་འཇགས་ཀྱི་སྡེ་ཁུལ། བདེ་འཇགས་ཀྱི་མཛེས་ལྗོངས་ཁུལ་བཅས་ཀྱི་ཁྱབ་ཚད100%ལ་སླེབས་པ་དང་། རྫོང་བཞི་ཚང་མ་ཞིང་ཆེན་རིམ་པའི“བདེ་འཇགས་རྫོང”དུ་ཚུད་པས། གསར་གཏོད་འཛུགས་སྐྲུན་བྱ་བ་རྒྱལ་ཡོངས་ཀྱི་བོད་འབྲེལ་ས་ཁུལ་གྱི་མདུན་གྲལ་དུ་སླེབས་ཡོད། 

2013ལོར། རྒྱལ་ཁབ་མི་རིགས་ལས་དོན་ཨུ་ལྷན་གྱིས་མཚོ་བྱང་ཞིང་ཆེན་ཡོངས་ཀྱི་གསར་གཏོད་ཚོད་ལྟའི་དཔེ་སྟོན་ཁུལ་གཅིག་པུ་དང་། རྒྱལ་ཡོངས་ཀྱི་གསར་གཏོད་དཔེ་སྟོན་ཁུལ13གྱི་གྲས་སུ་གཏན་འཁེལ་བྱས་ཡོད། ཁུལ་ཡོངས་ཀྱི་གོང་འོག་ཚང་མས“མི་རིགས་མཐུན་སྒྲིལ་ཡར་ཐོན་གྱིས་ཁུལ་འཛུགས་སྐྲུན་བྱེད་པའི”འཐབ་ཇུས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ། ཁུལ་ཏང་ཨུ་དང་ཁུལ་སྲིད་གཞུང་གིས《རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་གཏོད་པའི་སྐོར་གྱི་བསམ་འཆར》བཏོན་ནས། “ལོ་གཅིག་ལ་རྨང་གཞི་བརྟན་པོ་འདིང་བ་དང་། ལོ་གཉིས་ལ་དཔེ་སྟོན་གསར་གཏོད་བྱེད་པ། ལོ་ལྔ་ལ་སླར་ཡང་མཐོ་རུ་གཏོང་བ”བཅས་ཀྱི་བྱ་བའི་གོ་རིམ་གཞིར་བཟུང་ནས། ཁུལ་ཡོངས་ཀྱི་སྟོབས་ཤུགས་འདོན་དགོས། ཚད་གཞི་མཐོ་བ་དང་རིམ་པ་མང་བའི་སྒོ་ནས་ཁྱབ་ཁོངས་ཡོངས་སུ་ཤུགས་ཆེན་པོས་སྐུལ་འདེད་གཏོང་བ། 2015ལོར་རྒྱལ་ཡོངས་ཀྱི་བོད་འབྲེལ་ས་ཁུལ་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བྱེད་སྒོ་ཐོག་མ་སྤེལ་མཁན་དཔེ་སྟོན་ཁུལ་གྲུབ་འབྲས་ལྡན་པའི་ངང་བཏོད་ཡོད་ཅིང་། 2021ལོའི་ཟླ1པོར་རྒྱལ་ཁབ་མི་རིགས་ལས་དོན་ཨུ་ལྷན་གྱིས་རེས་སྐོར་གསར་པའི་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་གྱི་མིང་བཏགས། མཚོ་བྱང་གི་གྲུབ་འབྲས་ཐོབ་པའི་ལག་ལེན་ལ་རྒྱལ་ཁབ་མི་རིགས་ལས་དོན་ཨུ་ལྷན་གྱི་ཁས་ལེན་གང་ལེགས་ཐེངས་གཉིས་ཐོབ་སྟེ། མཚོ་བྱང་ཁུལ་གྱི་གསོན་ཉམས་དོད་པའི་ལག་ལེན་ལས་དོན་དངོས་དང་མཐུན་པ་དང་། མང་ཚོགས་ཀྱི་ཁས་ལེན་ཐོབ་པ། ས་ཁུལ་གྱི་ཁྱད་ཆོས་ལྡན་པ་བཅས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་པའི་ཕྱོགས་སྒྱུར་རིམ་སྤོར་གྱི་ལམ་བུ་ཞིག་འཚོལ་ཐུབ་པ་བྱུང་ནས། རྒྱལ་ཡོངས་དང་ཞིང་ཆེན་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་གསར་གཏོད་འཕེལ་རྒྱས་གཏོང་བར་མ་དཔེ་གསོན་པོ་དང་ཉམས་མྱོང་རྩ་ཆེན་མཁོ་འདོན་བྱས་ཡོད།

ད་བར་དུ་མཚོ་བྱང་ཁུལ་གྱིས་འཕེལ་རྒྱས་དང་ཡར་ཐོན་དེ་མི་རིགས་ས་ཁུལ་གྱི་གནད་དོན་སྣ་ཚོགས་ཐག་གཅོད་བྱེད་པའི“སྤྱིའི་ལྡེ་མིག”ཏུ་བརྩིས་བ་དང་། མི་དམངས་ལྟེ་བར་བྱེད་པའི་འཕེལ་རྒྱས་ཀྱི་བསམ་བློ་བརྟན་པོ་བཙུགས་པ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱེད་པ། མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་མི་རིགས་ཁག་གི་མང་ཚོགས་ཀྱི་རེ་འདོད་སྐོང་བ་མི་རིགས་ལས་དོན་ལ་སྐུལ་འདེད་གཏོང་བའི་མགོ་རྩོམ་ས་དང་དོན་ལ་འབབས་སར་བྱས་པ། “མི་རིགས་མཐུན་སྒྲིལ་ཡར་ཐོན+”མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་བྱ་གཞག་ཁག་དང་མགྱོགས་མྱུར་གྱིས་ཟུང་འབྲེལ་བྱས་པ། ཁུལ་ཡོངས་ཀྱི་ནོར་ཤུགས80%ཡན་དམངས་འཚོ་འཕེལ་རྒྱས་ཀྱི་ཕྱོགས་ལ་བཏང་ནས། མི་དམངས་མང་ཚོགས་ཀྱིས་བཅོས་སྒྱུར་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་གྲུབ་འབྲས་མཉམ་སྤྱོད་བྱས་ཡོད་པ་རེད། །

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།