ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ལྷན་གྱིས་རྨ་ཆུ་ཟི་ལིང་དུ་འདྲེན་པའི་བཟོ་སྐྲུན་ལག་བསྟར་ཆོག་འཐུས་རང་བཞིན་གྱི་ཞིབ་འཇུག་སྙན་ཞུར་དཔྱད་དཔོག་བྱས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་འབུམ་ཚེ་རིང་གིས་བསྒྱུར།   སྤེལ་དུས། : 2022-08-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱི་མངགས་བཅོལ་ལྟར་ཀྲུང་གོ་རྒྱལ་སྤྱིའི་བཟོ་སྐྲུན་བློ་འདྲི་ཚད་ཡོད་ཀུང་སིས་རྒྱལ་ནང་གི་འབྲེལ་ཡོད་ཁྱབ་ཁོངས་ཀྱི་ཆེད་མཁས་པ་རྩ་འཛུགས་བྱས་ཏེ་མཚོ་སྔོན་དུ་རྨ་ཆུ་ཟི་ལིང་དུ་འདྲེན་པའི་བཟོ་སྐྲུན་ཆོག་འཐུས་རང་བཞིན་གྱི་ཞིབ་འཇུག་སྙན་ཞུར་དཔྱད་དཔོག་བྱས། 

ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཞིན་ཁྲང་ཞིང་གིས་ལས་གཞིའི་དཔྱད་འཇོག་བྱ་བ་བཟང་བོར་སྒྲུབ་པར་གཞོགས་འདེགས་བྱེད་པའི་ཐད་ལ་བྱ་བའི་བླང་བྱ་བཏོན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྱིས་དཔྱད་དཔོག་ཚན་ཆུང་གི་ཆེད་མཁས་པ་དང་མཇལ་འཕྲད་གནང་། ཞིང་ཆེན་ཏང་ཨུའི་རྒྱུན་ཨུའམ་རྒྱུན་ལས་ཧྲིན་ཀྲང་གཞོན་པ་ཝང་ཝུའེ་ཏུང་དང་། ཞིང་ཆེན་ཏང་ཨུའི་རྒྱུན་ཨུའམ། ཧྲིན་ཀྲང་གཞོན་པ་ཚེ་རིང་ཐར་གཉིས་སོ་སོ་འབྲེལ་ཡོད་ཚོགས་འདུར་ཞུགས་ནས། དཔྱད་དཔོག་ཚན་ཆུང་གིས་ཡུལ་དངོས་བརྟག་དཔྱད་ཚད་ལེན་བྱེད་པར་འགྲོ་རོགས་བྱས་པ་མ་ཟད། འབྲེལ་ཡོད་ལས་དོན་དང་དཔྱད་དཔོག་ཚན་ཆུང་དང་བསམ་འཆར་བརྗེ་རེས་བྱས། 

དཔྱད་དཔོག་ཚན་ཆུང་དང་བཅས་པ་སྔ་གཞུག་ཏུ་ཚ་རྔ་འགག་གི་ཆུ་མཛོད་དང་། ཟི་ལིང་གྲོང་ཁྱེར། མཚོ་ཤར་གྲོང་ཁྱེར་སོགས་སུ་སོང་ནས། ཡུལ་དངོས་སུ་བརྟག་དཔྱད་ཚད་ལེན་དང་། རྨ་ཆུ་ཟི་ལིང་དུ་འདྲེན་པའི་བཟོ་སྐྲུན་ཆུ་ཁུངས་དང་ཆུ་འདྲེན་ལམ་ཐིག རྨ་ཆུ་ཟི་ལིང་དུ་འདྲེན་པའི་བཟོ་སྐྲུན་ཞིབ་འཇུག་ཆོག་འཐུས་རང་བཞིན་གྱི་སྙན་ཞུའི་དཔྱད་དཔོག་ཚོགས་འདུ་དང་བཟོ་སྐྲུན་ཞིབ་འཇུག་ཆོག་འཐུས་སྙན་ཞུའི་ཕྱོགས་སྡོམ་ཚོགས་ཆེན་འཚོགས་ཤིང་། དཔྱད་དཔོག་ཆེད་མཁས་པས་དཔྱད་དཔོག་མངགས་བཅོལ་གྱི་གཙོ་གནད་ལ་དམིགས་པས་བཟོ་སྐྲུན་འཛུགས་སྐྲུན་གྱི་དགོས་ངེས་རང་བཞིན་དང་། རྣམ་གྲངས་ཀྱི་ཆུ་འདྲེན་དམིགས་ཚད། བཟོ་སྐྲུན་སྤྱིའི་བཀོད་སྒྲིག་ཇུས་གཞི། བཟོ་སྐྲུན་བཀོད་སྒྲིག་ཇུས་གཞི། བསྐྱར་ཞིབ་བཟོ་སྐྲུན་མ་འཇོག་སོགས་ཀྱི་ནང་དོན་ལ་གཏིང་ཟབ་སྒོས་དབྱེ་ཞིབ་དང་བགྲོ་གླེང་བྱས་ནས། དམིགས་ཡུལ་ཡོད་པའི་སྒོ་ནས་བཟོ་བཅོས་བསམ་འཆར་གྱི་གྲོས་གཞི་བཏོན་པ་རེད། །

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།