ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་ཆུ་ལོག་དང་ཐན་པ་སྔོན་འགོག་བཀོད་འདོམས་པུའུ་ཡིས་མཚོ་སྔོན་ཞིང་ཆེན་གྱི་ཆུ་ལོག་སྔོན་འགོག་རིམ་པའི་འཕྲལ་བསྟུན་བྱེད་མཚམས་བཞག་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་འབུམ་ཚེ་རིང་གིས་བསྒྱུར།   སྤེལ་དུས། : 2022-08-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ8པའི་ཚེས15ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་འཕྲལ་བསྟུན་དོ་དམ་ཐིང་ནས་ཤེས་གསལ་ལྟར་ན། ཐེངས་འདིའི་དྲག་ཆར་གྱིས་རང་རེའི་ཞིང་ཆེན་ལ་ཤུགས་རྐྱེན་ཐེབས་ཚད་གཞི་རྩའི་ཆ་ནས་མཇུག་བསྒྲིལ་བར་དམིགས་ནས། གནམ་གཤིས་ཅུའུ་ཡིས་ཟླ8པའི་ཚེས15ཉིན་གྱི་ཆུ་ཚོད15ཡི་སྟེང་དྲག་ཆར་གྱི་སྔོན་བརྡ་སྔོན་པོ་གཏོང་མཚམས་བཞག་པས། མིག་སྔར་ཞིང་ཆེན་ཡོངས་སུ་ཆུ་ལོག་རྒྱས་པའི་གནས་ཚུལ་ཇེ་ཉུང་དུ་སོང་ཡོད།

མཚོ་སྔོན་ཞིང་ཆེན་ཆུ་ལོག་སྔོན་འགོག་འཕྲལ་བསྟུན་སྔོན་ཇུས》ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་། གྲོས་མོལ་ཞིབ་འཇུག་བྱས་པ་བརྒྱུད། ཞིང་ཆེན་གྱི་ཆུ་ལོག་སྔོན་འགོག་བཀོད་འདོམས་པུའུ་ཡིས་ཟླ8པའི་ཚེས15ཉིན་གྱི་ཆུ་ཚོད16དང་སྐར་མ30ཡི་སྟེང་། ཞིང་ཆེན་ཡོངས་ཀྱི་ཆུ་ལོག་སྔོན་འགོགརིམ་པའི་འཕྲལ་བསྟུན་བྱེད་མཚམས་འཇོག་པ་གཏན་འབེབས་བྱས། འབྲེལ་ཡོད་ས་ཁུལ་དང་སྡེ་ཁག་གིས་གནམ་གཤིས་འགྱུར་ལྡོག་ལ་མུ་མཐུད་དོ་ཁུར་དང་ཆུ་ལོག་སྔོན་འགོག་གི་ལས་དོན་ཁག་ལེགས་པར་བསྒྲུབས་ནས། ཞིང་ཆེན་ཡོངས་ཀྱི་ཆུ་ལོག་སྔོན་འགོག་བདེ་འཇགས་ལ་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན་པ་རེད། །

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།