ཀྲུང་གོ་བོད་ཀྱི་དྲ་བ།

ལིའུ་ཐའོ་ཡིས་བསམ་བློའི་ངེས་ཤེས་མཐོར་འདེགས་སུ་གཏོང་བ་དང་གནས་བབ་ཡང་དག་པར་ཁོང་དུ་ཆུད་ནས་གོ་རིམ་ལྡན་པའི་ངང་ཆུ་བོའི་བཙོག་ཆུ་ཕྱིར་འབུད་རྩད་ཞིབ་བཅོས་སྐྱོང་བྱ་བར་སྐུལ་འདེད་གཏོང་དགོས་ཞེས་བསྟན།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རིག་ལྡན་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2022-08-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ8པའི་ཚེས12ཉིན། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ལིའུ་ཐའོ་ཡིས་མགོ་འཛིན་བྱས་ཏེ་མཚོ་སྔོན་ཞིང་ཆེན་ཆུ་བོའི་བཙོག་ཆུ་ཕྱིར་འབུད་རྩད་ཞིབ་བཅོས་སྐྱོང་བྱ་བའི་མགོ་ཁྲིད་ཚན་ཆུང་གི(རྒྱ་བསྐྱེད)གྲོས་ཚོགས་བསྡུས་ནས། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་བསམ་བློར་སློབ་སྦྱོང་ལག་ལེན་མཐར་ཕྱིན་དང་བསམ་བློའི་ངེས་ཤེས་མཐོར་འདེགས་སུ་བཏང་སྟེ། གནས་བབ་ཡང་དག་པར་ཁོང་དུ་ཆུད་པར་བྱེད་པ་དང་། གོ་རིམ་ལྡན་པའི་ངང་ནས་ཆུ་བོའི་བཙོག་ཆུ་ཕྱིར་འབུད་བཅོས་སྐྱོང་བྱ་བར་སྐུལ་འདེད་གཏོང་དགོས་ཞེས་བསྟན། 

ལིའུ་ཐའོ་ཡིས་བསྟན་དོན། མཚོ་སྔོན་ནི་གཙང་བོ་གལ་ཆེན་གྱི་འབྱུང་ཡུལ་ཡིན་པའི་ཆ་ནས། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་ལྕགས་རིའི་འགན་སྲུང་དང་ལྟག་ཆུ་བསྐྱིལ་གསོག་ཁུལ་གལ་ཆེན་ཡིན་པས། ཆུ་བོའི་བཙོག་ཆུ་ཕྱིར་འབུད་རྩད་ཞིབ་བཅོས་སྒྲིག་བྱ་བའི་ངེས་ཤེས་ལ་དོན་སྙིང་གལ་ཆེན་ལྡན་ཞིང་། འབྲི་ཆུ་དང་རྨ་ཆུའི་མཚོ་སྔོན་བཞུར་ཁོངས་ཀྱི་བཙོག་ཆུ་ཕྱིར་འབུད་རྩད་ཞིབ་བཅོས་སྐྱོང་ཁྲོད་འཕྲད་པའི་གནད་དོན་དང་འགྲན་རྩོད་ཡང་དག་པའི་སྒོ་ནས་ཁོང་དུ་ཆུད་པར་བྱས་ཏེ། “མགོ་ཁུངས་འགན་འཁྲི”ཕྲག་ཏུ་ལེན་པ་དང་། ཆུ་ཡིས་འགྲམ་ངོགས་ཐག་གཅོད་པའི་ཁྱོན་ཡོངས་ནས་རྩད་ཞིབ་བཅོས་སྐྱོང་བྱ་བ་སྤེལ་ཏེ། ཞིང་ཆེན་ཡོངས་ཀྱི་ཆུའི་ཁོར་ཡུག་བཅོས་སྐྱོང་གི་ནུས་ཤུགས་དང་ཆུ་ཚད་མཐོར་འདེགས་སུ་གཏོང་དགོས་ཞེས་བསྟན། 

ལིའུ་ཐའོ་ཡིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འབྲི་ཆུ་དང་རྨ་ཆུ་བཞུར་ཁོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་སྐོར་གྱི་མཆན་བཀོད་མཛུབ་སྟོན་དགོངས་དོན་ལག་ལེན་མཐར་ཕྱིན་བྱས་ཏེ། ལྷོད་གཡེང་སྤུ་ཙམ་མི་བྱེད་པར། ཁོངས་གཏོགས་ནང་ཁུལ་གྱི་ཆུ་བོའི་བཙོག་ཆུ་ཕྱིར་འབུད་ཀྱི་འབུར་ཐོན་གནད་དོན་ལ་ཞིབ་འཇུག་དབྱེ་ཞིབ་བྱས་ཏེ། ཆུའི་ཐོན་ཁུངས་བེད་སྤྱོད་དང་ཆུའི་སྐྱེ་ཁམས་བཅོས་སྐྱོང་གི་མི་འདང་ས་བཙལ་ནས། ཐག་གཅོད་བྱེད་ཐབས་འདོན་དགོས། གྲོང་ཁྱེར་དང་ཁུལ་སྲིད་གཞུང་གི་འགན་འཁྲི་དོན་འཁྱོལ་དང་། རྩ་འཛུགས་མགོ་ཁྲིད་ལ་ཤུགས་བསྣན་ནས། བཅོས་སྐྱོང་བྱེད་ཐབས་གཏན་འབེབས་དང་། བཙོག་ཆུ་ཕྱིར་འབུད་རྩིས་ཐོ་སྒྲིག་འཛུགས་བྱས་ཏེ། རྩད་ཞིབ་ཡོངས་སུ་ཁེབས་པ་མངོན་འགྱུར་བྱེད་པ་དང་། ལྟ་ཞིབ་ཚད་ལེན་མགོ་ཁུངས་རྗེས་འདེད་གནད་དུ་ཁེལ་བར་བྱེད་པ་དང་། རིགས་དབྱེའི་སྲིད་ཇུས་ལག་བསྟར་བཅོས་སྐྱོང་། ཚད་གཞི་མཐོ་བའི་སྒོ་ནས་རིམ་པ་སོ་སོའི་ལས་འགན་ལ་སྐུལ་འདེད་གཏོང་དགོས། གཅིག་གྱུར་མཐུན་སྦྱོར་ལ་ཤུགས་སྣོན་དང་། འབྲེལ་ཡོད་འགན་ནུས་སྡེ་ཁག་གི་འགན་འཁྲི་དོན་འཁྱོལ་བྱས་ཏེ། ལས་གཞི་ཞིབ་འཇུག་གི་བྱེད་ཤུགས་ཆེ་རུ་གཏོང་བ་དང་། བཟོ་སྐྲུན་བཅོས་སྐྱོང་ཤུགས་ལ་ཤུགས་བསྣན་ཏེ། ལྟ་སྐུལ་མཛུབ་སྟོན་དང་ཁྲིམས་ལུགས་ལག་བསྟར་གཟབ་ནན་སྒོས། འབག་བཙོག་ཕྱིར་འབུད་དང་སྐྱེ་ཁམས་ངོས་གཞི་རྒྱ་བསྐྱེད་པ་གཙོ་གནད་དུ་བཟུང་ནས། ཞིབ་བཤེར་དོ་དམ་གྱི་རིགས་སོ་སོའི་བཙོག་འབུད་གཟབ་ནན་དང་འགྲམ་ངོགས་འབག་བཙོག་བཅོས་སྐྱོང་བྱས་ཏེ། རྩད་ཞིབ་བཅོས་སྐྱོང་ཐད་ཕན་འབྲས་ཐོབ་པར་ཁག་ཐེག་བྱེད་དགོས་ཞེས་བསྟན། ། 

རྩོམ་སྒྲིག་པ། : རིག་ལྡན་རྒྱ་མཚོ།