ཀྲུང་གོ་བོད་ཀྱི་དྲ་བ།

སྐྱེ་ཁམས་སྲུང་སྐྱོབ་ཀྱི་ཆབ་སྲིད་འགན་འཁྲི་ཆེན་མོ་མཐའ་གཅིག་ཏུ་ཐེག་དགོས།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2022-08-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

“སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ནི་རང་རྒྱལ་རྒྱུན་མཐུད་འཕེལ་རྒྱས་ཡོང་བའི་རྨང་གཞི་གལ་ཆེན་ཡིན། མཚོ་སྔོན་གྱི་ཆེས་ཆེ་བའི་རིན་ཐང་སྐྱེ་ཁམས་ཀྱི་ཕྱོགས་སུ་ཡོད་ལ། ཆེས་ཆེ་བའི་འགན་འཁྲི་སྐྱེ་ཁམས་ཀྱི་ཕྱོགས་སུ་ཡོད་པ་དང་། ཆེས་ཆེ་བའི་ཡིབ་ཤུགས་ཀྱང་སྐྱེ་ཁམས་ཀྱི་ཕྱོགས་སུ་ཡོད་པས། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དེ་ངེས་པར་ཆེས་འབུར་དུ་ཐོན་པའི་གོ་གནས་སུ་བཞག་སྟེ་འཛིན་དགོས།”

མཚོ་སྔོན་གྱི་སྐྱེ་ཁམས་གོ་གནས་ནི་གལ་ཆེ་ཞིང་དམིགས་བསལ་ཅན་ཞིག་ཡིན་ཏེ། ས་སེར་མཐོ་སྒང་དང་མཚོ་བོད་མཐོ་སྒང་གི་འབྲེལ་མཚམས་སུ་གནས་ཤིང་། འཛམ་གླིང་ཡོངས་ཀྱི་དག་ཞིང་ཆེན་མོ་བཞིའི་ཡ་གྱལ་དང་། སའི་གོ་ལའི་ཕྱེད་བྱང་མའི་གནམ་གཤིས་ཀྱི་ཚོར་སྐྱེན་ཁུལ་དང་མགོ་སློང་ཁུལ་ཡིན་ལ། གོ་ལ་ཧྲིལ་པོའི་སྐྱེ་ཁམས་མ་ལག་གི་སྙོམས་སྒྲིག་ཆས་དང་བརྟན་བརླིང་ཆས་ལྟ་བུ་ཡིན། མཐོ་སྒང་དུ་རྐང་བཙུགས་ཤིང་མཐོ་སར་བསྙེགས་ནས་རྒྱང་རིང་དུ་བལྟས་ཚེ། ང་ཚོས་མཚོ་སྔོན་གྱིས་རྒྱལ་ཡོངས་ཀྱི་སྐྱེ་ཁམས་བདེ་འཇགས་ཁྲོད་ཟིན་པའི་གོ་གནས་དང་ལོ་རྒྱུས་ཀྱི་འགན་འཁྲི་གསལ་པོར་རྟོགས་ཐུབ།

མཚོ་སྔོན་ནི“གཙང་གསུམ་འབྱུང་ཡུལ”དང“ཀྲུང་ཧྭའི་ཆུ་ལྕོག”“སྐྱེ་ཁམས་སྲུང་ཡོལ”“སའི་གོ་ལའི་སྣེ་གསུམ་པ”བཅས་ཡིན་པས། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་སྐྱོང་བྱེད་པའི་ཁྲོད་དུ་གཞན་གྱིས་ཚབ་བྱེད་མི་ཐུབ་པའི་འཐབ་ཇུས་གོ་གནས་ཟིན་ཡོད། སྐྱེ་ཁམས་སྲུང་སྐྱོབ་ལ་ཤུགས་སྣོན་པ་ནི་མཚོ་སྔོན་ཞིང་ཆེན་ལ་རྐང་ཚུགས་ཐུབ་པའི་རྩ་བ་ཡིན་ལ། སྐྱེ་ཁམས་ལ་བརྟེན་ནས་རྒྱལ་ཁབ་ལ་དྲིན་ལན་འཇལ་རྒྱུ་ནི་མཚོ་སྔོན་གྱི་གཡོལ་ཐབས་མེད་པའི་ཆབ་སྲིད་ཀྱི་ལས་འགན་དང་དུས་རབས་ཀྱི་འགན་འཁྲི་ཡིན།

འདུ་ཤེས་ནི་འགུལ་སྐྱོད་ཀྱི་སྣེ་འདྲེན་པ་ཡིན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དུ། མཚོ་སྔོན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་པ་བློ་བརྟན་འགྱུར་མེད་སྒོས་ལག་ལེན་མཐར་ཕྱིན་བྱས་པས། མཚོ་སྔོན་དུ“རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན”པའི་འདུ་ཤེས་དེ་མི་རྣམས་ཀྱི་སེམས་སུ་འཇགས་ཡོད་ཅིང་། སྐྱེ་ཁམས་སྲུང་སྐྱོབ་དམིགས་སུ་འཛིན་པ་དེ་ཞིང་ཆེན་ཡོངས་ཀྱི་གོང་འོག་ཀུན་གྱི་ཐུན་མོང་གི་རིན་ཐང་འཚོལ་སྙེག་བྱེད་ས་ཡིན། མཚོ་སྔོན་གྱིས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ཐད་གྲུབ་འབྲས་རབ་དང་རིམ་པ་བླངས་པའི་ཆེས་གཞི་རྩའི་རྒྱུ་རྐྱེན་ནི་ཞིང་ཆེན་ཡོངས་ཀྱིས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བར་བཏོན་པའི་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་པ་གཏིང་ཟབ་ཀྱིས་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱས་ནས། མཚོ་སྔོན་གྱི་སྐྱེ་ཁམས་སྲུང་སྐྱོབ་ཀྱི་ཆབ་སྲིད་འགན་འཁྲི་ཆེན་མོ་དངོས་གནས་ཕྲག་ཏུ་འཁུར་བས་ཡིན། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅིའི་མངགས་བཅོལ་ཡིད་ལ་བརྟན་པོར་བཟུང་ནས། སློབ་སྦྱོང་དང་དྲིལ་སྒྲོག ལག་ལེན་མཐར་ཕྱིན་བཅས་བྱེད་པའི་ཆབ་སྲིད་ཀྱི་རང་རྟོགས་དང་བསམ་བློའི་རང་རྟོགས། འགུལ་སྐྱོད་ཐད་ཀྱི་རང་རྟོགས་བཅས་རྒྱུན་ཆད་མེད་པར་ཇེ་དྲག་ཏུ་གཏོང་བ་དང་། ཏང་གི་གསར་སྐྲུན་གཞུང་ལུགས་བཀོལ་ཏེ་སྐྱེ་ཁམས་སྲུང་སྐྱོབ་བྱ་བ་ལེགས་པོར་སྒྲུབ་པར་མཛུབ་སྟོན་བྱེད་པའི་ནུས་པ་རྒྱུན་ཆད་མེད་པར་ཇེ་དྲག་ཏུ་གཏོང་བ། རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་པ་དང་རི་ཀླུང་ཁ་བས་གཡོགས་པའང་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་རྒྱུན་འཁྱོངས་བཅས་བྱས་ནས། རི་སྔོ་ཆུ་དྭངས་ནི་ནམ་ཡང་མཚོ་སྔོན་གྱི་ལེགས་ཆ་དང་གཟི་བརྗིད་དུ་འགྱུར་བར་བྱེད་དགོས།

སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་པ་ནི་ཏང་གི་འགན་འཁྲིའི་དགོངས་དོན་དང་འབྲེལ་བའི་ཆབ་སྲིད་ཀྱི་གནད་དོན་ཆེན་མོ་ཡིན་ལ། དམངས་འཚོ་དང་འབྲེལ་བའི་སྤྱི་ཚོགས་ཀྱི་གནད་དོན་ཆེན་མོའང་ཡིན། ང་ཚོས་ཆབ་སྲིད་ཀྱི་ལངས་གནས་མཐོར་འདེགས་བཏང་སྟེ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་ཆབ་སྲིད་འགན་འཁྲི་མཐའ་གཅིག་ཏུ་ཐེག་དགོས་ཤིང་། ཀྲུང་དབྱང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལམ་ལུགས་མཐའ་གཅིག་ཏུ་དངོས་འབེབས་ལེགས་པོ་བྱེད་པ་དང་། ཆབ་སྲིད་ཀྱི་ལངས་གནས་ཇེ་མཐོར་གཏོང་བ་དང་ངོས་འཛིན་རང་རྟོགས་ཇེ་མཐོར་གཏོང་བ། “འདུ་ཤེས་བཞི”ཇེ་དྲག་དང་། “རང་རྟོན་བཞི”ཇེ་བརྟན། “སྲུང་སྐྱོང་གཉིས”ལེགས་པོར་སྒྲུབ་པ་བཅས་ཀྱིས། “སྲུང་སྐྱོང་གཉིས”ཀྲུང་དབྱང་གི་སྐྱེ་ཁམས་ཁོར་སྲུང་ལྟ་ཞིབ་བྱ་བའི་བརྒྱུད་རིམ་ཡོངས་སུ་ཁྱབ་ཏུ་འཇུག་དགོས། སྐྱེ་ཁམས་སྲུང་སྐྱོབ་བྱ་རྒྱུ་དེ་ཆེས་ཆེ་བའི་འགན་འཁྲིར་བརྩི་བ་རྒྱུན་འཁྱོངས་བྱས་ནས། ཏང་ཀྲུང་དབྱང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་སྐོར་གྱི་ཇུས་ཆོད་བཀོད་སྒྲིག་དོན་ཐོག་ཏུ་འཁྱོལ་བར་ཁག་ཐེག་བྱེད་པ་དང་། སྒྲིག་ཁྲིམས་བཙན་པོ་དང་བྱེད་ཐབས་གཟབ་ནན། འཛེར་མ་བརྡབ་པ་ལྟ་བུའི་སྙིང་སྟོབས་བཅས་ཀྱིས། སྐྱེ་ཁམས་ཀྱི་མཐའ་ཐིག་མཐའ་གཅིག་ཏུ་སྲུང་བ་དང་། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཐད་ཀྱི་བྱ་བ་སོ་སོ་མཐའ་གཅིག་ཏུ་ལེགས་པོར་སྒྲུབ་དགོས་ལ། འཕེལ་རྒྱས་དང་སྲུང་སྐྱོབ་ཀྱི་འབྲེལ་བ་ཐག་གཅོད་ལེགས་པོ་བྱས་ནས། སྐྱེ་ཁམས་ཁོར་ཡུག་ཆུ་ཚད་མཐོན་པོའི་སྒོ་ནས་སྲུང་སྐྱོབ་བྱེད་པར་བརྟེན་ནས་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས། སྐྱེ་ཁམས་དམིགས་སུ་འཛིན་པ་དང་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུར་གཡོ་འགུལ་མེད་པ་རྒྱུན་འཁྱོངས་བྱས་ནས། མི་དང་རང་བྱུང་འཆམ་མཐུན་འཕེལ་རྒྱས་ཡོང་བའི་དེང་རབས་ཅན་འཛུགས་སྐྲུན་གྱི་གནས་བབ་གསར་པ་ཆགས་པར་སྐུལ་འདེད་གཏོང་དགོས།

སྐྱེ་ཁམས་དར་ན་དཔལ་ཡོན་དར། ། སྐྱེ་ཁམས་རྒུད་ན་དཔལ་ཡོན་རྒུད། ། སྐྱེ་ཁམས་ཁོར་ཡུག་ནི་མིའི་རིགས་འཚོ་གནས་དང་འཕེལ་རྒྱས་ཀྱི་གཞི་རྩ་ཡིན་པས། སྐྱེ་ཁམས་ཁོར་ཡུག་ལ་འགྱུར་ལྡོག་བྱུང་ན་ཐད་ཀར་དཔལ་ཡོན་དར་རྒུད་ལ་ཤུགས་རྐྱེན་ཐེབས་ཀྱིན་ཡོད། ང་ཚོས་ཚད་མཐོ་བའི་འགན་འཁྲི་དང་ཐེག་ཁུར་གྱིས། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་མཛུབ་སྟོན་དུ་འཛིན་པ་དང་། ཆབ་སྲིད་ཀྱི་ལངས་གནས་དང་འགུལ་སྐྱོད་ཀྱི་རང་རྟོགས་དངོས་གནས་མཐོར་འདེགས་བཏང་སྟེ། དཔའ་ངར་ཆེར་སྐྱེད་ཀྱིས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ཁྲོད་ཞུགས་ནས། མཛེས་སྡུག་གི་ཀྲུང་གོ་འཛུགས་སྐྲུན་བྱེད་པ་དང་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་སྐྲུན་བྱེད་ཆེད་མཚོ་སྔོན་གྱི་འགན་འཁྲི་ཐེག་དགོས། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།