ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་སྨན་བཅོས་འགན་སྲུང་ཅུས་ཀྱིས་ལྟ་སྐུལ་ཞུ་གཏུག་ཁ་པར་ཁྱབ་སྒྲོག་བྱས་པ།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2022-08-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཁྱོན་ཡོངས་ནས་ཁྲིམས་ལྟར་ཞིང་ཆེན་བཅོས་སྐྱོང་བྱེད་པའི་ཨུ་ཡོན་ལྷན་ཁང་གི་ཁྲིམས་འཛིན་མཐུན་སྦྱོར་ཚན་ཆུང་གིས་པར་སྐྲུན་འགྲེམ་སྤེལ་བྱས་པའི《སྲིད་འཛིན་ཁྲིམས་འཛིན་ཁྱབ་ཁོངས་སུ་ཁྲིམས་འཛིན་དྲང་གཞག་མིན་པ་དང་གདམ་གསེས་རང་བཞིན་གྱིས་ཁྲིམས་འཛིན་པ། རང་དགར་ཁྲིམས་འཛིན་པ་སོགས་གནད་དོན་ལ་ཆེད་དམིགས་བཅོས་སྐྱོང་བྱེད་པའི་བྱ་བའི་སྐོར་གྱི་ལག་བསྟར་ཇུས་གཞི》ཡི་ཡིག་ཆའི་དགོངས་དོན་ལྟར། མཚོ་སྔོན་ཞིང་ཆེན་སྨན་བཅོས་འགན་སྲུང་ཅུས་ཀྱིས་ཁྲིམས་འཛིན་དྲང་གཞག་མིན་པ་དང་རང་དགར་ཁྲིམས་འཛིན་པ། གདམ་གསེས་རང་བཞིན་གྱིས་ཁྲིམས་འཛིན་པ་སོགས་གནད་དོན་མཐའ་གཅིག་ཏུ་ཡོ་བསྲང་བྱེད་པའི་ཆེད་དམིགས་བཅོས་སྐྱོང་བྱ་བ་སྤེལ། མང་ཚོགས་ལྟ་སྐུལ་ནང་ཞུགས་པ་དང་གནད་དོན་ཡར་ཞུ་བྱེད་པར་སྟབས་བདེ་བཟོ་ཆེད། ད་ལྟ་མང་ཚོགས་ཀྱི་ལྟ་སྐུལ་ཞུ་གཏུག་དང་གནད་དོན་ཡར་ཞུ་ལ་ཆེད་དོན་བཅོས་སྐྱོང་དང་དང་ལེན་བྱེད་ཐབས་བཏོན་ཡོད་པ་གཤམ་གསལ་ལྟར།

སྨན་བཅོས་འགན་སྲུང་ཁྲིམས་འཛིན་ལས་ཁུངས་ཀྱི་ཁྲིམས་འཛིན་དྲང་གཞག་མིན་པ་དང་གདམ་གསེས་རང་བཞིན་གྱིས་ཁྲིམས་འཛིན་པ། རང་དགར་ཁྲིམས་འཛིན་པ་སོགས་ཀྱི་གནད་དོན་མཐའ་གཅིག་ཏུ་ཡོ་བསྲང་བྱ་རྒྱུ་རེད།

ལྟ་སྐུལ་ཞུ་གཏུག་ཁ་པར། 0971—8277559

ལྟ་སྐུལ་ཞུ་གཏུག་ཡིག་ཟམ། qhyibaojuguicai@126.com

ལྟ་སྐུལ་ཞུ་གཏུག་བྱེད་སའི་ས་གནས། མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་ནན་ཞའོ་ཅེ་ཡི་ཨང་རྟགས82པའི་མཚོ་སྔོན་ཞིང་ཆེན་སྨན་བཅོས་འགན་སྲུང་ཅུས་སྲིད་ཇུས་ཁྲིམས་སྲོལ་ཁྲུའུ།

སྦྲག་སྲིད་ཨང་གྲངས། 810000

མཚོ་སྔོན་ཞིང་ཆེན་སྨན་བཅོས་འགན་སྲུང་ཅུས།

2022ལོའི་ཟླ8པའི་ཚེས1ཉིན།

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།