ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ཡིག་ཚགས་བྱ་བའི་གྲོས་ཚོགས་བསྡུས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་འབུམ་ཚེ་རིང་གིས་བསྒྱུར།   སྤེལ་དུས། : 2022-08-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ8པའི་ཚེས11ཉིན། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ཡིག་ཚགས་བྱ་བའི་གྲོས་ཚོགས་བརྙན་རིས་ཀྱི་རྣམ་པ་བརྒྱུད་ནས་ཟི་ལིང་དུ་འཚོགས། གྲོས་ཚོགས་སྟེང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡིག་ཚགས་བྱ་བར་གནང་བའི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་དང་། རྒྱལ་ཡོངས་ཡིག་ཚགས་ཅུའུ་ཡི་ཅུའུ་ཀྲང་གི་གྲོས་ཚོགས་དང་ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་པའི་བླང་བྱ་དོན་འཁྱོལ། མིག་སྔར་དང་མ་འོངས་པའི་དུས་སྐབས་ཀྱི་ཡིག་ཚགས་བྱ་བ་བཀོད་སྒྲིག་བཅས་བྱས་ཏེ་ཡིག་ཚགས་བྱ་གཞག་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་འགྲོ་གཏོང་བར་སྐུལ་འདེད་བཏང་། 

གྲོས་ཚོགས་སྟེང་ན་ནིང་ནས་བཟུང་ཞིང་ཆེན་ཡོངས་ཀྱི་ཡིག་ཚགས་བྱ་བར་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས་པ་དང་། ཡིག་ཚགས་བྱ་བ་ནི་ཏང་གི་བྱ་གཞག་ཁྲོད་མེད་དུ་མི་རུང་བའི་གྲུབ་ཆ་གལ་ཆེན་ཞིག་ཡིན་པས། ངེས་པར་དུ་ཚད་མཐོན་པོའི་སྒོ་ནས་ཆབ་སྲིད་ཀྱི་རང་རྟོགས་ཡོད་པ་དང་འགན་འཁྲི་འཁུར་ཤུགས་ཆེན་པོ་དེ་ཡིག་ཚགས་བྱ་བའི་བརྒྱུད་རིམ་ཧྲིལ་པོའི་ཕྱོགས་སོ་སོའི་ནང་ཁྱབ་པར་བྱས་ཏེ། ཡིག་ཚགས་བྱ་བའི་དམིགས་བསལ་གྱི་ལེགས་ཆ་དང་འགན་ནུས་ཀྱི་ནུས་པ་འདོན་སྤེལ་བྱས་ནས། ཡིག་ཚགས་བྱ་བས་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བའི་ནུས་པ་དང་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས་པར་ནན་གྱིས་བསྟན། 

གྲོས་ཚོགས་སྟེང་བླང་བྱ་བཏོན་དོན། ད་ལོ་ནི་ཆབ་སྲིད་ཀྱི་ལོ་གལ་ཆེན་ཞིག་ཡིན། དེ་ནི་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་འཚོགས་ལ་ཉེ་བ་ཡོད་པས། ཡིག་ཚགས་བྱ་བའི་ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་ནན་ཏན་གྱིས་ཁོང་དུ་ཆུད་པར་བྱེད་པ་དང་། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པར་ཞབས་འདེགས་དང་བསུ་བ་བྱེད་པ་གཙོ་གནད་དུ་འཛིན་པ། “ལོ་ལྔའི་འཆར་གཞི་བཅོ་ལྔ་པའི”ཡིག་ཚགས་བྱ་གཞག་འཕེལ་རྒྱས་གཏོང་བའི་འཆར་འགོད་སྣེ་ཁྲིད་དུ་འཛིན་པ། ཡིག་ཚགས་བཅའ་ཁྲིམས་ལག་བསྟར་གཏིང་ཟབ་བྱེད་པར་སྐུལ་འདེད་གཏོང་བ་གོ་སྐབས་སུ་འཛིན་པ། རྒྱལ་ཁབ་ཀྱི་དྲན་ཤེས་ལས་གཞི་རྩ་འཛུགས་དང་ལག་བསྟར་བྱེད་པ་འཛིན་ལུང་དུ་འཛིན་པ། ཡིག་ཚགས་བྱ་བའི་སྒྲིག་སྲོལ་དང་ལམ་སྲོལ་འཐུས་ཚང་དུ་གཏོང་བ་འདེགས་སྐྱོར་དུ་བྱེད་པ་བཅས་ཀྱི་སྒོ་ནས། གཙོ་གནད་ལས་འགན་ཁག་ནན་ཏན་གྱིས་དམ་འཛིན་བྱེད་པ་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་མཚོ་སྔོན་གྱི་ལེའུ་ཧུར་ཐག་གིས་རྩོམ་པའི་བརྒྱུད་རིམ་ནང་ཡིག་ཚགས་ཀྱིས་འགན་འཁྲི་ཁུར་ཕོད་པ་དང་ཡིག་ཚགས་ཀྱིས་ལེགས་སྐྱེས་ཕུལ་ཐུབ་པ་བཅས་ཀྱིས་གཡུར་དུ་ཟ་བའི་གྲུབ་འབྲས་ལ་བརྟེན་ནས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་རྒྱལ་ཁའི་ངང་འཚོགས་པར་བསུ་བ་བྱེད་དགོས། །

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།