ཀྲུང་གོ་བོད་ཀྱི་དྲ་བ།

མི་སྣའི་བྲེལ་མྱུར་འཚོལ་བརྡ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : གསང་བདག་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2022-08-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ8པའི་ཚེས10ཉིན། ཟི་ལིང་གྲོང་ཁྱེར་རིམས་ནད་འགོག་སྡོམ་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་ཡི་མེ་འཁོར་ས་ཚིགས་གཞི་འབབ་བརྟག་དཔྱད་བྱ་བའི་ཆེད་དོན་ལས་རེས་པས་ལྷ་ས་ནས་ཟི་ལིང་དུ་ཡོང་བའི་མེ་འཁོརZ6812ལ་གཞི་འབབ་ཉིང་སྐྱུར་བརྟག་དཔྱད་བྱེད་སྐབས། དོགས་ཡོད་ཉེན་ཁའི་མི་སྣ་གཅིག་ཤེས་རྟོགས་བྱུང་། མེ་འཁོརZ6812(ཟླ8པའི་ཚེས9ཉིན་གྱི་ཆུ་ཚོད17:50སྟེང་ལྷ་ས་ནས་ཡོང་བ་དང་། ཟླ8པའི་ཚེས10ཉིན་གྱི་ཆུ་ཚོད15:28སྟེང་ཟི་ལིང་དུ་འབྱོར)ཀྱི་འཁོར་སྒམ6པར་སྡོད་པའི་སྐུ་མགྲོན་གྱིས་དུས་དང་པོར་རང་འགུལ་སྒོས་རང་སྡོད་སའི་རིམས་ནད་འགོག་སྡོམ་སྡེ་ཁག་ལ་སྙན་ཐོ་འགོད་དགོས་པར་མ་ཟད། བླང་བྱ་ལྟར་དེར་འབྲེལ་གྱི་བདེ་ཐང་དོ་དམ་བྱེད་ཐབས་དངོས་འབེབས་བྱེད་དགོས། གལ་ཏེ། རིམས་ནད་འབྱུང་སར་ཡུལ་སྐོར་དུ་སོང་མྱོང་བ་དང་ཉེ་བཅར་བྱུང་བ་བསམ་བཞིན་དུ་གསང་བའམ། རིམས་ནད་འགོག་སྡོམ་གྱི་འབྲེལ་ཡོད་གཏན་འབེབས་དང་འགལ་ནས་མཇུག་འབྲས་ངན་པ་བཟོས་ཚེ། བཅའ་ཁྲིམས་སྒྲིག་སྲོལ་ལྟར་འགན་འཁྲི་རྩད་གཅོད་བྱ་རྒྱུ་རེད། ། 

རྩོམ་སྒྲིག་པ། : གསང་བདག་རྒྱལ།