རིག་རྩལ་འཁྲབ་སྟོན་སྔོན་སྦྱོང་བྱས་ཏེ་ཞིང་ཆེན་ལུས་རྩལ་འགྲན་ཚོགས་ལ་བསུ་མ་བྱེད་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ8པའི་ཚེས4ཉིན། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཁྲི་ཀ་རྫོང་ལུས་རྩལ་ཐང་གི་འཁྲབ་སྟོན་མི་སྣས་ཞིང་ཆེན་ལུས་རྩལ་འགྲན་ཚོགས་ཀྱི་མགོ་རྩོམ་མཛད་སྒོའི་རིག་རྩལ་འཁྲབ་སྟོན་སྔོན་སྦྱོང་བྱེད་བཞིན་ཡོད་པ་དང་། ལས་དོན་མི་སྣ་དང་དང་བླངས་པ་ཚོས་ཚོགས་རའི་ནང་གི་སྒྲིག་ཆས་གོ་རིམ་ལྡན་པའི་ངང་བཀོད་སྒྲིག་བྱེད་བཞིན་ཡོད། རྒྱུས་ལོན་པ་ལྟར་ན། ཐེངས་འདིའི་མགོ་རྩོམ་མཛད་སྒོའི་ཐོག་རིག་རྩལ་འཁྲབ་སྟོན་མཚར་སྡུག་ལྡན་པ་ཞིག་ཡོང་ཆེད། ཁུལ་ཡོངས་ཀྱི་རྫོང་ལྔ་ནས་ཡོང་བའི་འཁྲབ་སྟོན་མི་སྣ་དང་ལས་བྱེད་པ་དང་མང་ཚོགས1900ལྷག་ཁྲི་ཀ་རྫོང་གི་དམངས་ཡོངས་ལུས་སྦྱོང་ལྟེ་གནས་ཀྱི་ལུས་རྩལ་ཐང་དུ་འཛོམས་ནས་མགོ་རྩོམ་མཛད་སྒོའི་རིག་རྩལ་འཁྲབ་སྟོན་གྱི་སྔོན་སྦྱོང་བྱེད་བཞིན་ཡོད་པ་དང་། ཧུར་ཐག་གིས“མགྲོན་བདག་ཡག་པོ་ཞིག་བྱེད་པ་དང་ཞིང་ཆེན་ལུས་རྩལ་འགྲན་ཚོགས་ཡག་པོ་ཞིག་གཉེར་བའི”རྣམ་པ་ཟབ་མོ་ཞིག་བཏོད་ཆེད་སྟོབས་ཤུགས་འབུལ་བཞིན་ཡོད། ། 

རྩོམ་སྒྲིག་པ། བདེ་ལེགས་མཚོ།

དཔྱད་མཆན 0 ཡོད།