ཀྲུང་གོ་བོད་ཀྱི་དྲ་བ།

ནན་ཏན་གྱིས་རང་འགན་གཙང་སྒྲུབ་དང་འགན་འཁྲི་འཁུར་ཕོད་པ་བྱས་ཏེ་ཧུར་ཐག་གིས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་ལ་སྟོབས་ཤུགས་སྐྱེས་སུ་འབུལ་དགོས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་འབུམ་ཚེ་རིང་གིས་བསྒྱུར།   སྤེལ་དུས། : 2022-08-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ8པའི་ཚེས4ཉིན། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ལིའུ་ཐའོ་ཡིས“གཙང་བོ་དྲུག་དང་ཆུ་མཛོད་གསུམ”ལ་འགན་འཁྲི་བའི་ཆུ་དཔོན་དང་མཚོ་དཔོན་གྱི་བཞུགས་མོལ་གྲོས་ཚོགས་ལ་མགོ་འཛིན་བྱས་ནས། འབྲི་ཆུ་དང་རྨ་ཆུ་བཞུར་ཁུལ་གྱི་ཞིང་ཆེན་རིམ་པའི་ཆུ་དཔོན་དང་མཚོ་དཔོན་མཉམ་འབྲེལ་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ཤིང་། ཆུ་དཔོན་དང་མཚོ་དཔོན་ལམ་ལུགས་ཀྱི་འགན་འཁྲི་ནན་ཏན་དུ་བཏང་སྟེ་གཙོ་གནད་གཙང་བོ་དང་ཆུ་མཛོད་དོ་དམ་སྲུང་སྐྱོང་ལ་སྔར་ལས་སྐུལ་འདེད་བཏང་།

ལིའུ་ཐའོ་ཡིས་བསྟན་དོན། ཉེ་བའི་ལོ་ཤས་རིང“གཙང་པོ་དྲུག་དང་ཆུ་མཛོད་གསུམ”གྱི་འབྲེལ་ཡོད་ས་ཁུལ་སྡེ་ཁག་གིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བཀོད་སྒྲིག་ལྟར་བྱ་ཐབས་སྣ་མང་མཉམ་སྤྱོད་ཀྱིས་གཙང་པོ་དང་མཚེའུ་ཡི་དོ་དམ་སྲུང་སྐྱོང་ལ་སྐུལ་འདེད་བཏང་བར་ཕན་འབྲས་བཟང་པོ་ཐོན། གཙང་པོ་དང་ཆུ་བོའི་མགོ་ཁུངས་གལ་ཆེན་ཡིན་པའི་མཚོ་སྔོན་གྱིས་ངེས་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ཟབ་མོ་ཐོག་མཐའ་བར་གསུམ་དུ་བློ་ལ་བརྟན་པོར་བཟུང་ནས་“འབྱུང་རྩའི་འགན་འཁྲི”ནན་ཏན་གྱིས་འཁུར་ནས“ཆུ་གཞུང་གི་འགན་འཁྲི”འཁུར་བ་དང་། དྲི་བ་གཅིག་མཚུངས་ལ་ཐུན་མོང་སྒོས་ལན་རྒྱག་པ་དང་ཚད་གཞི་མཐོན་པོས་སྐུལ་འདེད་གཏོང་བ། གཙང་པོ་དང་མཚེའུ་དོ་དམ་སྲུང་སྐྱོང་གི་ཆབ་སྲིད་འགན་འཁྲི་མཐའ་གཅིག་ཏུ་འཁུར་བ། ཞིང་ཆེན་ཡོངས་ཀྱི་སྟོབས་ཤུགས་ལ་བརྟེན་ནས་གཙང་པོ་དང་ཆུ་བོ་ཆེན་པོར་བདེ་འཇགས་ངང་སྲུང་སྐྱོང་བྱེད་པ་བཅས་བྱས་ཏེ། དྭངས་གཙང་ཆུ་བོ་ཤར་དུ་རྒྱུག་པར་འགན་ལེན་བྱེད་དགོས་པར་བསྟན། 

ལིའུ་ཐའོ་ཡིས་ནན་གྱིས་བསྟན་དོན། ཆུ་དཔོན་དང་མཚོ་དཔོན་ལམ་ལུགས་དོན་འཁྱོལ་བྱ་རྒྱུ་ནི་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་དོན་ལག་བསྟར་བྱེད་པའི་ཞིབ་ཕྲའི་བྱ་ཐབས་ཤིག་ཡིན་པ་དང་། ཆུའི་ཐོན་ཁུངས་སྲུང་སྐྱོང་དང་ཆུ་ཁོངས་དོ་དམ། ཆུའི་སྦགས་བཙོག་འགོག་བཅོས། ཆུའི་ཁོར་ཡུག་བཅོས་སྐྱོང་། ཆུའི་སྐྱེ་ཁམས་སླར་གསོ། ཁྲིམས་འཛིན་ལྟ་སྐུལ་དོ་དམ་བཅས་ཀྱི་གཙོ་གནད་ལས་འགན་ཁག་དྲུག་དོན་འཁྱོལ་ནན་ཏན་བྱེད་དགོས། བཅོས་སྐྱོང་སླར་གསོར་ཤུགས་སྣོན་པ་དང་། གཙོ་གནད་རྣམ་གྲངས་འཆར་འགོད་ལག་བསྟར་བྱེད་པ། བཞུར་ཁུལ་དང་ཆུ་མཛོད་ཁུལ་གྱི་ཕྱོགས་བསྡུས་བཅོས་སྐྱོང་དང་བཟོ་སྐྲུན་བཅོས་སྐྱོང་ལ་སྐུལ་འདེད་གཏོང་བ། ལྟ་སྐུལ་དོ་དམ་ཚོད་འཛིན་ལ་ཤུགས་སྣོན་པ། “འཐབ་ཡུལ་དང་པོའི་བྱ་བའི་བྱེད་ཐབས”ལག་བསྟར་བཅས་བྱས་ནས་ཁྲིམས་འགལ་སྒྲིག་འགལ་གྱི་བྱ་སྤྱོད་སྔོན་ལ་ཤེས་རྟོགས་དང་། སྔོན་ལ་བཀག་འགོག སྔོན་ལ་ཐག་གཅོད་བཅས་བྱེད་དགོས། ལམ་ལུགས་ཀྱི་གཅུན་སྡོམ་ལ་ཤུགས་བསྣན་ནས་ཆུའི་ཐོན་ཁུངས་གསར་སྤེལ་བེད་སྤྱོད་དང་ཆུའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་སོགས་ཀྱི་འཆར་འགོད་ཀྱི་གཟབ་ནན་རང་བཞིན་ལ་སྲུང་སྐྱོང་དང་། སྐྱེ་ཁམས་ཇེ་ལེགས་སུ་གཏོང་བར་ཤུགས་སྣོན་པ། “ཆུ་གསུམ་སྤྱི་འདོམས”དོན་འཁྱོལ་བྱེད་པ། ཆུའི་ཁོར་ཡུག་བཅོས་སྐྱོང་བྱེད་པ་དེ་ཆུའི་སྐྱེ་ཁམས་ཀྱི་སྤུས་ཚད་མཐོ་རུ་གཏོང་བར་སྐུལ་འདེད་གཏོང་བ་བཅས་བྱས་ནས“མིང་གྲགས་ཡོད་པ”དང་། “འགན་འཁྲི་ཡོད་པ”། “ནུས་ལྡན”བཅས་ཀྱི་ཕྱོགས་སུ་བསྐྱོད་ནས་ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་དང་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་གཏོང་བར་ལེགས་སྐྱེས་འབུལ་དགོས་པར་བསྟན། ། 

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།