ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ཐོན་ལས་བཟོ་པའི་དཔུང་སྡེ་འཛུགས་སྐྲུན་བྱེད་པའི་བཅོས་སྒྱུར་སྐུལ་འདེད་གྲོས་ཚོགས་བསྡུས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་འབུམ་ཚེ་རིང་གིས་བསྒྱུར།   སྤེལ་དུས། : 2022-08-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ8པའི་ཚེས4ཉིན། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ཐོན་ལས་བཟོ་པའི་དཔུང་སྡེ་འཛུགས་སྐྲུན་བྱེད་པའི་བཅོས་སྒྱུར་སྐུལ་འདེད་ཚོགས་འདུ་བསྡུས། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པའམ་ཞིང་ཆེན་སྤྱི་ཁྱབ་བཟོ་ཚོགས་ཀྱི་ཀྲུའུ་ཞི། ཞིང་ཆེན་གྱིས་ཐོན་ལས་བཟོ་པའི་དཔུང་སྡེ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་བཅོས་སྒྱུར་མཐུན་སྦྱོར་ཚན་ཆུང་གི་ཙུའུ་ཀྲང་མཱ་ཅི་ཞའོ་གྲོས་ཚོགས་ལ་ཞུགས་པ་དང་འབྲེལ་ཡོད་གསུང་བཤད་ཀྱང་གནང་། 

མཱ་ཅི་ཞའོ་ཡིས་ཐོན་ལས་བཟོ་པའི་དཔུང་སྡེ་འཛུགས་སྐྲུན་བཅོས་སྒྱུར་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་དངོས་ཀྱིས་འཆར་འགོད་དང་བཀོད་སྒྲིག་གནང་བའི་བཅོས་སྒྱུར་གལ་ཆེན་ཞིག་ཡིན་པ་དང་། བཅོས་སྒྱུར་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བའི་ནང་དོན་གལ་ཆེན་ཞིག་ཡིན་ལ། གསར་དུ་བཟོ་བཅོས་བྱས་པའི་བཟོ་ཚོགས་བཅའ་ཁྲིམས་ཀྱིས་བཟོ་ཚོགས་རྩ་འཛུགས་ལ་སྤྲད་པའི་ཁྲིམས་ཀྱིས་གཏན་འཁེལ་བྱས་པའི་འགན་འཁྲི་བཅས་ཡིན། མཚོ་སྔོན་ཞིང་ཆེན་གྱི་ཐོན་ལས་བཟོ་པའི་དཔུང་སྡེ་འཛུགས་སྐྲུན་བཅོས་སྒྱུར2017ལོར་ལག་བསྟར་བྱེད་མགོ་བརྩམས་པ་ནས་བཟུང་། སྔོན་ལ་ཚོད་ལྟ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ཕྱོགས8ཐད་ཀྱི་བཅོས་སྒྱུར་བྱེད་ཐབས་ཁག26ནུས་པ་ལྡན་པའི་སྒོ་ནས་དོན་འཁྱོལ་བྱས་པར་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་གལ་ཆེན་ཐོབ།

མཱ་ཅི་ཞའོ་ཡིས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཐོན་ལས་བཟོ་པའི་དཔུང་སྡེ་འཛུགས་སྐྲུན་བཅོས་སྒྱུར་སྐོར་གྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱེད་པ་དང་། བཅོས་སྒྱུར་གྱི་ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་དམ་འཛིན་ནན་མོ་བྱེད་པ། ཐོག་མཐའ་བར་གསུམ་དུ་ངལ་རྩོལ་པའི་བྱང་ཚད་མཐོ་རུ་གཏོང་བར་ཚད་མཐོའི་མཐོང་ཆེན་བྱེད་པ། ཧུར་ཐག་གིས་འཆམ་མཐུན་གྱི་ངལ་རྩོལ་འབྲེལ་བ་འཛུགས་པ། ངལ་རྩོལ་དཔེ་བཟང་གི་སྙིང་སྟོབས་དང་ངལ་རྩོལ་གྱི་སྙིང་སྟོབས། བཟོ་བོའི་སྙིང་སྟོབས་བཅས་ཤུགས་ཆེན་པོས་དར་སྤེལ་གཏོང་བ་བཅས་བྱེད་དགོས། ལས་འགན་དོན་འཁྱོལ་ཐད་སླར་ཡང་ཤུགས་བསྣན་ནས་ཐོན་ལས་བཟོ་པའི་བསམ་བློ་ཆབ་སྲིད་ལས་དོན་ཏན་ཏིག་ངང་ལེགས་པར་སྒྲུབ་པ་དང་། བྱས་རྗེས་འཇོག་པའི་བྱེད་སྒོ་གཏིང་ཟབ་སྒོས་སྤེལ་བ། ཐོན་ལས་བཟོ་པར་ལས་རིགས་རྩལ་ནུས་གསོ་སྦྱོང་བྱེད་ཤུགས་ཆེ་རུ་གཏོང་བ། ཐོན་ལས་བཟོ་པའི་ཁེ་དབང་སྲུང་སྐྱོང་ཞབས་ཞུའི་ལས་དོན་ལེགས་པོར་སྒྲུབ་པ་བཅས་བྱས་ནས་ཐོན་ལས་བཟོ་པའི་དཔུང་སྡེ་ཟམ་མི་ཆད་པར་སྟོབས་ཆེར་གཏོང་བ་དང་། སྤྱི་ཚོགས་ཁྱོན་ཡོངས་བརྟན་བརླིང་ལ་སྲུང་སྐྱོང་བྱེད་པའི་ཁྲོད་ཐོན་ལས་བཟོ་པའི་ནུས་པ་འདོན་སྤེལ་བྱེད་དགོས། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་བཅོས་སྒྱུར་ལ་མགོ་ཁྲིད་དང་རྒྱབ་སྐྱོར་བྱེད་པར་ཤུགས་བསྣན་ནས་བཅོས་སྒྱུར་གྱི་བྱེད་ཐབས་ཁག་དོན་འཁྱོལ་དང་ཕན་འབྲས་ཐོན་པར་སྐུལ་འདེད་གཏོང་དགོས། རྩེ་རིམ་ཇུས་འགོད་ལ་སྔར་ལས་ཤུགས་སྣོན་དང་། མཐུན་སྦྱོར་ཚན་ཆུང་གི་འགན་ནུས་འདོན་སྤེལ་ལེགས་པོ་བྱེད་པ། ཁེ་ལས་ཀྱི་གཙོ་གཞིའི་འགན་འཁྲིར་ཤུགས་སྣོན་པ་བཅས་བྱས་ཏེ་མཚོ་སྔོན་ཞིང་ཆེན་གྱི་ཐོན་ལས་བཟོ་པའི་དཔུང་སྡེ་འཛུགས་སྐྲུན་བཅོས་སྒྱུར་རྒྱུན་ཆད་མེད་པར་གཏིང་ཟབ་དང་གཟབ་ནན་ཡོང་བ། ཕན་འབྲས་དངོས་ཐོན་པར་སྐུལ་འདེད་བཏང་ནས་བྱ་སྤྱོད་དངོས་ལ་བརྟེན་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོགས་པར་བསུ་མ་ཞུ་དགོས་པར་བསྟན། །

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།