ཀྲུང་གོ་བོད་ཀྱི་དྲ་བ།

ཡོན་ཧྲི་ཡིས་མཚོ་སྔོན་གསར་སྐྲུན་འཕེལ་རྒྱས་ལ་རོགས་འདེགས་བྱེད་པའི་བཞུགས་མོལ་ཚོགས་འདུ་ཟི་ལིང་དུ་འཚོགས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རིག་ལྡན་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2022-08-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ8པའི་ཚེས4ཉིན། ཡོན་ཧྲི་ཡིས་མཚོ་སྔོན་གསར་སྐྲུན་འཕེལ་རྒྱས་ལ་རོགས་འདེགས་བྱེད་པའི་བློ་འདྲི་བཞུགས་མོལ་ཚོགས་འདུ་ཟི་ལིང་དུ་འཚོགས། ཐེངས་འདིའི་ཚོགས་འདུར་ཀྲུང་གོའི་ཚན་རིག་གླིང་སའི་གོ་ལའི་རིག་པའི་རིག་གཞུང་པུའུ་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གཙོ་སྒྲུབ་དང་། ཀྲུང་གོའི་ཚན་རིག་གླིང་རིག་གཞུང་པུའུ་བྱ་བའི་ཅུའུ་ཡིས་འགན་སྒྲུབ། ཞིང་ཆེན་ཚན་རིག་ལག་རྩལ་མཐུན་ཚོགས་སོགས་ལས་ཁུངས5ཡིས་རོགས་སྒྲུབ་བྱས་པ་ཡིན། ཚོགས་འདུར་ཚོགས་ར་ཐེངས5རུ་བགོས་ཡོད་པ་དང་། ཀྲུང་གོའི་ཚན་རིག་གླིང་སའི་གོ་ལའི་རིག་གཞུང་པུའུ་ཡི་ཡོན་ཧྲི30ལྷག་དང་། ཞིང་ཆེན་རང་བྱུང་ཐོན་ཁུངས་ཐིང་དང་ཞིང་ཆེན་ཆུ་བེད་ཐིང་སོགས་ལས་ཁུངས7གྱི་འགན་ཁུར་བློ་མཐུན་གཙོ་བོ་བཞུགས་མོལ་ཚོགས་འདུར་ཞུགས། 

བཞུགས་མོལ་ཚོགས་འདུའི་སྟེང་། ཡོན་ཧྲི་ཚོས་རང་སྟེང་གི་ཞིབ་འཇུག་ཁྱབ་ཁོངས་དང་མཚོ་སྔོན་ཞིང་ཆེན་གྱི་དངོས་ཡོད་གནས་ཚུལ་དང་ཟུང་འབྲེལ་སྒོས། རྨ་ཆུའི་མཚོ་སྔོན་འབབ་རྒྱུད་ཀྱི་སྨད་རྒྱུད་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་དང་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་འདམ་ཟེགས་བྱེ་ཁུག་ཕྱོགས་བསྡུས་བཅོས་སྐྱོང་བྱེད་ཐབས་མ་ལག་དང་། གཙང་གསུམ་འབྱུང་ཡུལ་ཕྱི་རོལ་ཕྱོགས་བསྡུས་ཚན་རིག་ཞིབ་འཇུག་རྟེན་གཞི། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་ཞིབ་འཇུག་ཁང་འཛུགས་སྐྲུན། ཚྭ་མཚོའི་ཐོན་ཁུངས་སྲུང་སྐྱོབ་དང་ཚན་རིག་ཞིབ་འཇུག་གསར་སྐྲུན་སྟེགས་བུ་འཛུགས་སྐྲུན་གྱི་དགོས་གལ་རང་བཞིན་དང་དོན་སྙིང་། སའི་གོ་ལའི་ཚན་རིག་དང་གནའ་བོའི་སྐྱེ་དངོས་འགྱུར་རྡོའི་ཞིབ་འཇུག་སོགས་ཐད་ཀྱི་བྱ་བ་དང་འབྲེལ་ནས་གཏམ་བཤད་དང་བསམ་ཚུལ་བརྗེ་རེས་བྱས་ཤིང་། མཚོ་སྔོན་གྱིས་བླངས་པའི་འཕེལ་རྒྱས་གྲུབ་འབྲས་ལ་ཁས་ལེན་གནང་། དུས་མཚུངས་སུ། མཚོ་བོད་མཐོ་སྒང་གི་སྐྱེ་ཁམས་ཐོན་ཁུངས་ལ་རྐང་བཙུགས་ཏེ། སྐྱེ་ཁམས་དཔལ་ཡོན་མཐོ་ས་གསར་སྐྲུན་དང་ཐོན་ལས་ཀྱི“གནས་བཞི”འཛུགས་སྐྲུན་བྱེད་པ། མཚོ་སྔོན་གྱི་སྐྱེ་ཁམས་འཕེལ་རྒྱས་ཀྱི་དགེ་མཚན་དང་སྒུལ་ཤུགས་ལ་དབྱེ་ཞིབ་ཟབ་མོ་བྱས་ཏེ། སྐྱེ་ཁམས་སྲུང་སྐྱོང་དང་ཐོན་ལས་འཕེལ་རྒྱས། དམངས་འཚོའི་དགོས་མཁོ་བཅས་དང་འབྲེལ་ནས། མཚོ་སྔོན་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དང་གསར་གཏོད་འཕེལ་རྒྱས་ཀྱི་ཁ་ཕྱོགས་དང་གཞི་འབབ་ས་གསལ་བོར་བསྟན་ནས། ཚན་རྩལ་གསར་གཏོད་ཀྱིས་མཚོ་སྔོན་གྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་ཐབས་འདོན་ཇུས་འབུལ་དང་བློ་གྲོས་བྱས་རྗེས་སུ་འབུལ་དགོས་ཞེས་བསྟན། །

རྩོམ་སྒྲིག་པ། : རིག་ལྡན་རྒྱ་མཚོ།