ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་དྲིལ་སྒྲོག་བསམ་བློའི་བྱ་བའི་སྐུལ་འདེད་ཚོགས་འདུ་བསྡུས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རིག་ལྡན་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2022-08-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ8པའི་ཚེས4ཉིན། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་དྲིལ་སྒྲོག་བསམ་བློའི་བྱ་བའི་སྐུལ་འདེད་ཚོགས་འདུ་བསྡུས། གྲོས་ཚོགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཞིང་ཆེན་རིམ་པའི་མགོ་ཁྲིད་གཙོ་བོའི་ལས་བྱེད་པའི་ཆེད་དོན་བགྲོ་གླེང་འཛིན་གྲྭའི་སྟེང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་། རྒྱལ་ཡོངས་དྲིལ་སྒྲོག་པུའུ་ཀྲང་བརྙན་འཕྲིན་ཁ་པར་ཚོགས་འདུའི་དགོངས་དོན་ལག་ལེན་དོན་འཁྱོལ་བྱས་ཏེ། ཏང་གི་ཚོགས་ཆེན་ཉི་ཤུ་བ་བསུ་མ་བྱེད་པའི་དྲིལ་སྒྲོག་དང་དམ་དུ་འབྲེལ་ནས། ད་ལོའི་རིང་གི་ཞིང་ཆེན་ཡོངས་ཀྱི་དྲིལ་སྒྲོག་བསམ་བློ་བྱ་བར་སྤྱི་བསྡོམས་དང་རྗེས་མའི་བྱ་བའི་ལས་འགན་བཀོད་སྒྲིག་བྱས། ཞིང་ཆེན་ཏང་ཨུའི་རྒྱུན་ཨུའམ་དྲིལ་སྒྲོག་པུའུ་ཀྲང་ཝང་ཏ་ནན་གྱིས་གཏམ་བཤད། 

གྲོས་ཚོགས་ལས་ནན་གྱིས་བསྟན་དོན། དྲིལ་སྒྲོག་བསམ་བློའི་བྱ་བའི་ཡང་དག་པའི་ཆབ་སྲིད་ཁ་ཕྱོགས་ཁོང་དུ་ཆུད་པར་བྱེད་པ་དང་། འཕྲད་པའི་གནས་བབ་ཀྱི་ལས་འགན་ལ་ངེས་ཤེས་ཡོད་པར་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཞིང་ཆེན་རིམ་པའི་མགོ་ཁྲིད་ལས་བྱེད་གཙོ་བོའི་ཆེད་དོན་བགྲོ་གླེང་འཛིན་གྲྭའི་སྟེང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དྲིལ་སྒྲོག་བྱ་བར་དམ་འཛིན་སྒོས། ཏང་གི་གཞུང་ལུགས་གསར་གཏོད་ལ་ཤུགས་བསྣན་ནས། བརྗོད་དོན་དྲིལ་སྒྲོག་རྩ་འཛུགས་དང་ཏང་གི་ལོ་རྒྱུས་སློབ་གསོ་རྒྱུན་རྣམ་ཅན་དང་ཡུན་ཕན་ཅན་ལ་སྐུལ་འདེད་བཏང་སྟེ། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་གསོ་སྐྱོང་དང་དར་སྤེལ་སྒོས། བསམ་པའི་རིག་གནས་གསར་སྐྲུན་ཟབ་སྤེལ་བྱེད་པ་དང་དེ་མིན་རིག་གནས་སྒྱུ་རྩལ་གསར་རྩོམ་ཤུགས་དྲག་ཏུ་བཏང་ནས། ལོ་རྒྱུས་རིག་གནས་ཤུལ་བཞག་དང་གསར་བརྗེེའི་རིག་རྫས་སྲུང་སྐྱོང་བེད་སྤྱོད་ལ་ཤུགས་བསྣན་ཏེ། རབ་མཛེས་མཚོ་སྔོན་གྱི་གཏམ་རྒྱུད་ལེགས་པོར་བཤད་པ་དང་། དྲིིལ་སྒྲོག་གཡུལ་ས་འཛུགས་སྐྲུན་བྱས་ཏེ། འདུ་ཤེས་འཛིན་སྟངས་བྱ་བ་ལེགས་པོར་སྒྲུབ་པ་དང་། དྲིལ་སྒྲོག་བསམ་བློའི་བྱ་བའི་གྲུབ་འབྲས་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་བ་རྒྱལ་ཁའི་ངང་འཚོགས་པར་བསུ་མ་བྱེད་དགོས།

གྲོས་ཚོགས་ལས། སྔར་ལས་ལྷག་པའི་སྒོ་ནས་དྲིལ་སྒྲོག་བསམ་བློའི་བྱ་བའི་གཏན་སྲོལ་རང་བཞིན་གྱི་ངེས་ཤེས་ཇེ་ཟབ་ཏུ་གཏོང་བ་དང་། གཞི་རིམ་ལ་ཁ་ཕྱོགས་པ་དང་མང་ཚོགས་ཀྱི་ཁྲོད་ནས་ཚ་རླབས་འཕྱུར་བ་རྒྱུན་འཁྱོངས་བྱེད་པ་དང་། བདེན་སྲུང་གསར་གཏོད་དང་འཛུགས་གཏོར་མཉམ་སྤྱོད་རྒྱུན་འཁྱོངས་བྱེད་པ། གཅིག་གྱུར་སྐུལ་འདེད་དང་འདུས་ཤུགས་འགྲུབ་པ་རྒྱུན་འཁྱོངས་བྱེད་པ། འཇོན་མི་དམིགས་འཛིན་དང་་དཔུང་ཁག་གསར་སྐྲུན་རྒྱུན་འཁྱོངས་བྱས་ཏེ། སྤྱོད་ལེགས་དར་སྤེལ་གྱིས་གཙོ་གནད་དམ་འཛིན་དང་དཀའ་གནད་སེལ་བ། ཁྱད་ཆོས་འབུར་ཐོན། མཐའ་ཚད་སྲུང་བ་བཅས་བྱས་ནས། དྲིལ་སྒྲོག་བསམ་བློའི་བྱ་བར་གསར་གཏོད་དང་རྣམ་པ་གསར་བ་ཡོད་པར་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན། 

གྲོས་ཚོགས་སྟེང་། མཚོ་ལྷོ་ཁུལ་དང་རྨ་ལྷོ་ཁུལ། ཞིང་ཆེན་ཏང་ཨུའི་དྲ་རྒྱའི་ཆ་འཕྲིན་བདེ་འཇགས་གཞུང་སྒྲུབ་ཁང་། ཞིང་ཆེན་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་སོགས་ས་ཁུལ་དང་ལས་ཁུངས་ཀྱིས་གཏམ་བཤད། །

རྩོམ་སྒྲིག་པ། : རིག་ལྡན་རྒྱ་མཚོ།