ཀྲུང་གོ་བོད་ཀྱི་དྲ་བ།

སློབ་གསོའི་རོགས་སྐྱོར་གྱིས་མཚོ་སྔོན་མི་རིགས་སློབ་ཆེན་འཕེལ་རྒྱས་ཀྱི་མྱུར་ལམ་དུ་བསྐྱོད་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རིག་ལྡན་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2022-08-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  2012ལོ་ནས་བཟུང་། སློབ་གསོ་པུའུ་ཡིས་སྔ་གཞུག་ཏུ་ཐེན་ཅིན་སློབ་ཆེན་དང་ཀྲུང་གོའི་མི་དམངས་སློབ་ཆེན། ཞ་མིན་སློབ་ཆེན་སོགས་མཚོ་སྔོན་མི་རིགས་སློབ་ཆེན་དུ་ཁ་གཏད་རོགས་སྐྱོར་བྱས་ཤིང་། རིམ་བཞིན“3+9”ཡི་ཁ་གཏད་རོགས་སྐྱོར་དང་མཉམ་ལས་བརྗེ་རེས་མ་ལག་གྲུབ་ཡོད། ལོ་ངོ་བཅུའི་འབད་བརྩོན་བྱས་པ་བརྒྱུད། མཚོ་སྔོན་མི་རིགས་སློབ་ཆེན་དེ་འཕེལ་རྒྱས་ཀྱི་མྱུར་ལམ་དུ་བསྐྱོད་ཡོད། 

ལོ་ངོ་བཅུའི་རིང་། མཚོ་སྔོན་མི་རིགས་སློབ་ཆེན་གྱིས་སྔ་གཞུག་ཏུ་དགེ་རྒན64མཚོ་སྔོན་དུ་རོགས་སྐྱོར་བྱེད་པའི་མཐོ་རིམ་སློབ་གྲྭར་འབུམ་རམས་པ་འདོན་དུ་མངགས་པ་དང་། མི400ཡི་བསླབ་ཚན་རྐྱང་བའི་གསོ་སྦྱོང་དང་དུས་ཡུན་ཐུང་ངུའི་གསོ་སྦྱོང་སོགས་སྤེལ་ནས། སློབ་གྲྭའི་དགེ་རྒན་དཔུང་ཁག་གཞི་ཁྱོན་དང་སྒྲིག་གཞི་རིམ་པ། ཕྱོགས་བསྡུས་སྟོབས་ཤུགས། འབུམ་རམས་པའི་དགེ་རྒན་གྱི་བསྡུར་ཚད་མངོན་གསལ་གྱིས་ཇེ་མཐོར་བཏང་། ད་ལྟ། སློབ་གྲྭར་འབུམ་རམས་པའི་བསླབ་གནས་ཀྱི་དགེ་རྒན་སྤྱི་གྲངས་མི232ལ་སླེབས་པ་དང་། ཞིང་ཆེན་དང་པུའུ་རིམ་པ་དང་དེའི་ཡན་གྱི་ཆེད་མཁས་པ་མི291་ཡོད། 2011ལོ་དང་བསྡུར་ན་འཕར་ཚད་སོ་སོར427%དང310%ཡིན། 2018ལོར། རོགས་སྐྲུན་སློབ་གྲྭའི་རོགས་རམ་འོག མཚོ་སྔོན་མི་རིགས་སློབ་ཆེན་ལ་འབུམ་རམས་པའི་བསླབ་གནས་དབང་ཆ་སྤྲད་པའི་ལས་ཁུངས་དང་མི་རིགས་རིག་པའི་རིམ་པ་དང་པོའི་རིག་ཚན་འབུམ་རམས་པའི་བསླབ་གནས་དབང་སྤྲོད་ས་ཚིགས་ཀྱི་ཆོག་མཆན་ཐོབ་པ་དང་། དངོས་གཞི་དང་རབ་འབྱམས་པ། འབུམ་རམས་པའི་གསོ་སྐྱོང་མ་ལག་འཛུགས་སྐྲུན་བྱས་ཡོད།

དེའི་སྐབས་སུ།  སློབ་གྲྭའི་རབ་འབྱམས་པའི་བསླབ་གནས་དབང་ཆ་གནང་བའི་རིམ་པ་དང་པོའི་བསླབ་གནས10ནས17ལ་འཕར་བ་དང་། ཆེད་ལས་རབ་འབྱམས་པའི་བསླབ་གནས3ནས16དུ་འཕར། “དྲ་རྒྱའི་བཟོ་སྐྲུན”སོགས་རྒྱལ་ཁབ་རིམ་པའི་ཆེད་ལས8དང་། “རྫས་འགྱུར་བཟོ་སྐྲུན་དང་ལག་ཤེས་བཟོ་རྩལ”སོགས་ཞིང་ཆེན་རིམ་པའི་ཆེད་ལས17ལ་ཆོག་མཆན་ཐོབ་ཅིང་།  ཞིང་ཆེན་ཡོངས་ཀྱི་བཟོ་ལས་འཕྲུལ་མིའི་ཚོད་ལྟ་ཁང་དང་དྲ་རྒྱའི་བདེ་འཇགས་ཚོད་ལྟ་ཁང་གཅིག་པུ་གསར་འཛུགས་བྱས།

ལོ་ངོ་བཅུའི་རིང་། མཚོ་སྔོན་མི་རིགས་སློབ་ཆེན་ཚན་རིག་ཞིབ་འཇུག་གི་སྟོབས་ཤུསག་དང་ཞིབ་འཇུག་གི་གྲུབ་འབྲས་མངོན་གསལ་གྱིས་མཐོ་རུ་ཕྱིན། “ལོ་ལྔའི་འཆར་གཞི་བཅུ་གསུམ”པའི་སྐབས་སུ་རྒྱལ་ཁབ་སྤྱི་ཚོགས་ཚན་རིག་ཐེབས་རྩའི་ལས་གཞི་སྣ94དང་རྒྱལ་ཁབ་རང་བྱུང་ཚན་རིག་ཐེབས་རྩའི་ལས་གཞི་སྣ14ལ་ཆོག་མཆན་ཐོབ་པ་དང་། ཞིང་ཆེན་རིམ་པའི་ཚན་རིག་འཆར་འགོད་དང་ཞིང་ཆེན་ཚན་རྩལ་འཆར་གཞི་ལས་གཞི་སྣ146ལ་ཆོག་མཆན་ཐོབ་ནས། སློབ་གྲྭའི་ཚན་རིག་ཞིབ་འཇུག་སྟོབས་ཤུགས་མངོན་གསལ་གྱིས་མཐོ་རུ་ཕྱིན། ཁ་གཏད་རོགས་སྐྱོར་སློབ་གྲྭའི་རོགས་རམ་དང་རྒྱབ་སྐྱོར་འོག “མཚོ་བོད་མཐོ་སྒང་ཐོན་ཁུངས་རྫས་འགྱུར་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་རྒྱལ་ཁབ་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གི་གཙོ་གནད་ཚོད་ལྟ་ཁང”སོགས་རྒྱལ་ཁབ་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གི་གཙོ་གནད་ཚོད་ལྟ་ཁང3དང་། “མཚོ་སྔོན་ཞིང་ཆེན་མཚོ་བོད་མཐོ་སྒང་སྐྱེ་དངོས་རྫས་འགྱུར་གཙོ་གནད་ཚོད་ལྟ་ཁང”སོགས་ཞིང་ཆེན་རིམ་པའི་གཙོ་གནད་ཚོད་ལྟ་ཁང་དང་“མཚོ་སྔོན་སྲོལ་རྒྱུན་སྨན་རྫས་ཞིབ་འཇུག་གསར་སྤེལ་མཉམ་འབྲེལ་ཚོད་ལྟ་ཁང”10ལ་ཆོག་མཆན་ཐོབ། །

རྩོམ་སྒྲིག་པ། : རིག་ལྡན་རྒྱ་མཚོ།