ཀྲུང་གོ་བོད་ཀྱི་དྲ་བ།

འོ་ལས་ཐོན་རྫས་ལ་བརྟེན་ནས་འབྱོར་ཕྱུག་གི་ལམ་དུ་བསྐྱོད་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2022-08-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1659580714626859.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། (གསར་འགོད་པ། ཚེ་རིང་རྒྱ་མཚོ།)ཟླ7པའི་ཚེས28ཉིན། མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩེ་ཁོག་རྫོང་དཔྱི་ས་ཞང་མི་དམངས་སྲིད་གཞུང་དང་རྩེ་ཁོག་རྫོང་གཡང་ལྷ་མའི་འོ་ལས་ཀུང་སི་གཉིས་ཀྱིས་མཉམ་དུ་སྒྲུབ་པའི“གཡང་ལྷ་མའི་རྟགས་ཅན”གྱི་འོ་བཞོ་འགྲན་བསྡུར་དཔྱི་ས་ཞང་ནས་བསྡུས། 

1659580730957187.jpg

འོ་མ་བཞོ་བ་ནི་འོ་ལས་ཐོན་རྫས་ཐོན་སྐྱེད་ཁྲོད་ཆེས་གཙོ་ཆེ་བའི་གོ་རིམ་དེ་ཡིན་ཞིང་། ལག་ཤེས་ལ་བརྟེན་ནས་འོ་མ་བཞོ་བ་ནི་འབྲོག་པའི་ཐོན་སྐྱེད་འཚོ་བའི་ཁྲོད་མེད་མི་རུང་བའི་གྲུབ་ཆ་ཞིག་ཡིན། ཕྱུགས་ལས་ཚོང་ར་ཅན་དང་འཕྲུལ་ཆས་ཅན་དུ་འགྱུར་དང་གྱུར་བཞིན་པའི་དེང་གི་དུས་འདིར། ཕུལ་དུ་བྱུང་བའི་སྲོལ་རྒྱུན་གྱི་འབྲོག་པའི་རིག་གནས་འདི་ཚད་ངེས་ཅན་ཞིག་གི་སྟེང་ནས་ཉམས་རྒུད་དུ་འགྲོ་བཞིན་ཡོད་པས། འོ་མ་འདོན་སྤྲོད་བྱེད་པའི་ཚོང་རའི་ནང་དུས་རྒྱུན་ཏུ་འོ་ཞོ་རྫུན་མ་དང་། སྤུས་ཚད་མི་ལེགས་པའི་འོ་ལས་ཐོན་རྫས་ཡོད་པ་རེད། 

1659580794110145.jpg

རྒྱུས་ལོན་པ་ལྟར་ན། ཐེངས་འདིར་རྩེ་ཁོག་རྫོང་གིས་འོ་བཞོ་འགྲན་བསྡུར་སྤེལ་བ་ནི་ཕུལ་དུ་བྱུང་བའི་སྲོལ་རྒྱུན་གྱི་འབྲོག་པའི་རིག་གནས་སྲུང་སྐྱོབ་དང་རྒྱུད་འཛིན་བྱེད་པ་དང་།  འབྲོག་པ་མང་ཚོགས་ལ་སྐུལ་འདེད་བཏང་སྟེ། རིམ་བཞིན་ཐོན་རྫས་འདོན་སྤྲོད་བྱེད་པའི་གོ་རིམ་ཚད་ལྡན་ཅན་དང་འཐུས་ཚང་ཅན་དུ་གཏོང་བར་འབད་པ་ལྷོད་མེད་བྱས་མཐར། འོ་ལས་ཐོན་རྫས་འདོན་སྤྲོད་བྱེད་པའི་ཚོང་རའི་རྒྱུ་སྤུས་ཇེ་ལེགས་སུ་གཏོང་བའི་ཆེད་ཡིན་པ་རེད། 

1659580754484249.jpg

ཐེངས་འདིའི་འོ་བཞོ་འགྲན་བསྡུར་ནང་ཞུགས་པའི་འགྲན་ཞུགས་པ30ནི་སོ་སོ་རྩེ་ཁོག་རྫོང་དཔྱི་ས་ཞང་གི་སྡེ་བ་སོ་སོས་འོས་སྦྱོར་བྱས་ནས་བདམས་ཐོན་བྱུང་བ་ཡིན་ལ། འགྲན་བསྡུར་ལ་ཨང་དང་པོ1དང་ཨང་གཉིས་པ2། ཨང་གསུམ་པ3། ཕུལ་བྱུང་བྱ་དགའ4དང་ཡར་སྐུལ་བྱ་དགའ20བཅས་བཀོད་སྒྲིག་བྱས་ཡོད་པ་རེད། 

1659580821491100.jpg

1659580831129873.jpg

སྐབས་དང་པོའི་“གཡང་ལྷ་མའི་རྟགས་ཅན”གྱི་འོ་བཞོ་འགྲན་བསྡུར་སྤེལ་མཁན་གྱི་རྩེ་ཁོག་རྫོང་གཡང་ལྷ་མའི་སྐྱེ་ཁམས་ཐོན་ཁུངས་གསར་སྤེལ་ཚད་ཡོད་འགན་ལེན་ཀུང་སི་ནི2019ལོར་བཙུགས་པ་དང་། ཀུང་སི་འདིས“གསར་སྤེལ་དང་སྐྱེ་ཁམས། ལྗང་མདོག སྐྱེ་ལྡན་དང་སྒོ་འབྱེད། བདེ་འཇགས”བཅས་ཀྱི་འཕེལ་རྒྱས་གསར་བའི་འདུ་ཤེས་རྒྱུན་འཁྱོངས་བྱས་ཏེ། རྩེ་ཁོག་རྫོང་གི་རྩ་སའི་སྐྱེ་ཁམས་སྐྱེ་ལྡན་ཕྱུགས་ལས་ཐད་ཀྱི་འདུན་འབྱུང་ཆེན་པོར་དམིགས་ནས་འབྲི་གཡག་དང་བོད་ལུག་སོགས་ཐུན་ཁོངས་སྤུས་ལེགས་གསར་སྤེལ་བྱས་ཐོག  ཀུང་སི་དང་མཉམ་ལས་ཁང་། འབྲོག་པའི་དུད་ཁྱིམ་དང་མ་རྐང་མཉམ་ལས་བཅས་མཉམ་འབྲེལ་བྱས་ཏེ་རྒྱུན་མཐུད་འཕེལ་རྒྱས་ཀྱི་བགྲོད་ལམ་གསར་བ་གཏོད་པ་དང་།  སྡེ་བ་རིམ་པའི་སྐྱེ་ཁམས་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་དུ་མ་རྐང་འཇོག་པ་དང་འབྲོག་པ་མང་ཚོགས་འབྱོར་ཕྱུག་གི་ལམ་དུ་སྣེ་ཁྲིད་པའི་དུས་མཚུངས་སུ། རྩེ་ཁོག་རྫོང་གི་ཕྱུགས་ལས་ཐོན་རྫས་ཀྱི་མིང་རྟགས་གསར་སྐྲུན་བྱེད་པ་དང་། རྨ་ལྷོ་ཁུག་གྱི་ལྗོང་མདོག་སྐྱེ་ལྡན་ཞིང་ཕྱུགས་ལས་ཐོན་རྫས་ཚོད་ལྟ་ཁུལ་གསར་སྐྲུན་བྱེད་པ་དང་རྩེ་ཁོག་རྫོང་གི་རྒྱལ་ཁབ་རིམ་པའི་དེང་རབས་ཐོན་ལས་ར་བ་འཛུགས་སྐྲུན་བྱེད་པ་སོགས་ཀྱི་ལག་ལེན་བྱེད་མཁན་དང་སྔོན་སྐྱོད་པ་རུ་གྱུར་། 

1659580848506169.jpg

རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།