ཀྲུང་གོ་བོད་ཀྱི་དྲ་བ།

རྐང་ཚ་རྫོང་གི“གྲངས་འཛིན་ཏང་འཛུགས་སྐྱོང་ལས་སྟེགས”ཀྱིས་ཏང་འཛུགས་སྐྱོང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་འབུམ་ཚེ་རིང་གིས་བསྒྱུར།   སྤེལ་དུས། : 2022-08-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་གིས་གཞི་རིམ་ཏང་འཛུགས་སྐྱོང་ལས་དོན་སྔར་ལས་ཚད་ལྡན་དུ་གཏོང་བ་དང་གཞི་རིམ་ཏང་འཛུགས་སྐྱོང་དོ་དམ་ཆུ་ཚད་མཐོ་རུ་གཏོང་ཆེད། རྐང་ཚ་རྫོང་གིས“གྲངས་འཛིན་རྐང་ཚའི་ཏང་འཛུགས་སྐྱོང་ལས་སྟེགས”བསྐྲུན་ནས། མ་ལག་ཚང་བའི“རྐང་ཚའི་ཏང་འཛུགས་སྐྱོང”གི་སྒུལ་བདེའི་སྤྱོད་སྣེའིAPPཡི་སྟེང་རྫོང་ཨུ་དང་། ཏང(བཟོ་ཚོགས)ཨུ། ཏང་ཀྲི་པུའུ་བཅས་རིམ་པ་གསུམ་གྱི་དོ་དམ་ལག་བསྟར་བྱས་ཏེ། “ཏང་གི་ལས་དོན”དང“སློབ་གསོ་གསོ་སྦྱོང”སོགས་ཀྱི་ནང་དོན་དང་བྱེད་ནུས10བཀོད་སྒྲིག་བྱས་པས། ཀྲི་པུའུ་ཡི་རྒྱུན་གཏན་ལས་དོན་སྒྲུབ་པའི་གནས་ཚུལ་ཁོང་དུ་ཆུད་པ་དང་། གནད་འཁེལ་མཛུབ་ཁྲིད་ཐུབ་པར་བྱས་ཏེ། གཞི་རིམ་ཏང་འཛུགས་སྐྱོང་བྱ་བའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ནུས་པ་ལྡན་པའི་སྐུལ་འདེད་བཏང་། 

“གྲངས་འཛིན་རྐང་ཚའི་ཏང་འཛུགས་སྐྱོང་ལས་སྟེགས”ཀྱིས་རྫོང་ཡོངས་ཀྱི་ཏང་རྩ་འཛུགས་དེ་ལས་སྟེགས་དོ་དམ་མ་ལག་ནང་བཅུག་ནས། བྱ་བའི་དུས་ཚོད་ཀྱི་མཚམས་ཚིགས་ལ་ནན་གྱིས་གཞིགས་ནས་དུས་ཐོག་ཏུ་གཞི་གྲངས་གསར་སྒྱུར་དང་བརྒྱུད་སྤྲོད་ཞིབ་བཤེར་ཡིག་ཆ། ལེགས་འགྲུབ་དུས་བཀག་བཟོ་བ། “གྲོས་ཚོགས་གསུམ་དང་སློབ་ཚན་གཅིག” གི་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོ། ཏང་དངུལ་བསྡུ་ལེན་དང་རྩ་འཛུགས་ཀྱི་འཚོ་བའི་ཚོགས་འདུ་སོགས་ཀྱི་བྱ་བའི་འཕེལ་རིམ་སྤྱི་བསྡོམས་བྱས་ནས། དུས་ལྟར་ཏང་ཀྲི་པུའུ་ཡི་དོ་དམ་པ་དང་ཏང་ཀྲི་པུའུ་ཡི་ཧྲུའུ་ཅི་ལ་བྱ་བའི་ལས་འགན་དོན་འཁྱོལ་བྱེད་དགོས་པར་དྲན་སྐུལ་དང་སྐུལ་འདེད་བཏང་བ་མ་ཟད། དུས་ལྟར་ཡིག་ཚགས་དང་པར་རིས། བརྙན་ལམ་བཅས་ཀྱི་དཔྱད་ཡིག་བསྐུར་ནས། ཀྲི་པུའུ་གྲོས་ཚོགས་དང་བྱེད་སྒོ་སྤེལ་བ་སོགས་ཀྱི་ལས་འགན་དང་སྤུས་ཚད་ཟིན་ཐོར་འགོད་པ་དང་། དབྱེ་ཞིབ། བསྡོམས་རྩིས་བཅས་བྱས་ཤིང་། རྒྱུ་ཆའི་བླང་བྱ་དང་བརྒྱུད་སྤྲོད་བྱེད་པའི་དུས་བཀག་ཁ་གསལ་བཟོས་ནས། གོང་རིམ་སྟེགས་བུའི་དོ་དམ་པས“འཕྲུལ་འཁོར་གྱིས་ཞིབ་བཤེར་བྱས་པའི་”མཇུག་འབྲས་ལྟར། འགན་འཁྲི་འཁུར་མཁན་གཙོ་བོས“ཡུལ་དངོས”སུ་རྩ་འཛུགས་དོན་འཁྱོལ་བྱེད་པ་དང་། དུས་ལྟར“དྲ་ཐོག”གི་ཟིན་ཐོ་བཀོད་པའི་དཔྱད་ཡིག་གསར་བསྒྱུར་བྱེད་པར་གནད་འཁེལ་སྐུལ་འདེད་བཏང་། ཏང་ཨུའི་ལས་སྟེགས་བརྒྱུད་ནས་དུས་ལྟར་ལྟ་སྐུལ་དོ་དམ་དང་ཁོངས་གཏོགས་ཀྱི་ཏང་ཀྲི་པུའུ་སོ་སོའི་རྩ་འཛུགས་འཚོ་བ་སོགས་ཀྱི་ལས་དོན་སྤེལ་བའི་གནས་ཚུལ་ཁོང་དུ་ཆུད་ཐུབ་པར་བྱས་ཤིང་། སྟབས་བདེའི་ངང་འཐེན་བཤེར་དང་ལྟ་སྐུལ་མཛུབ་ཁྲིད་བྱས་ནས་ལས་དོན་ཁྲོད་ཀྱི་ཉམས་ཞན་ལྷུ་ཚིགས་དང་གནད་དོན་གྱི་འགག་རྩ་མགྱོགས་མྱུར་གྱིས་གནད་ལ་འཁེལ་བའི་སྒོ་ནས་ངོས་འཛིན་བྱེད་པ་དང་། དམིགས་གཏད་ཡོད་པའི་སྒོ་ནས་བྱ་བར་མཛུབ་ཁྲིད་དང་། སྐར་མ་གསོག་པའི་དོ་དམ་མ་ལག་འཛུགས་པ། ཀྲི་པུའུ་དཔྱད་ཞིབ་ལས་ཁུངས་ནང་འཇུག་པ་བཅས་བྱས་ཏེ། ཏང་འཛུགས་སྐྱོང་གི་ལྟ་ཞིབ་དཔྱད་ཞིབ་ལས་དོན་གྱི་ཚད་གཞི་ཁ་གསལ་བཟོས་ནས་དཔྱད་ཞིབ་གདེང་འཇོག་གི་ཚན་རིག་ཅན་དང་ཚད་ལྡན་ཅན་མཐོ་རུ་བཏང་ནས། ཏང་འཛུགས་སྐྱོང་གི་རྨང་གཞིའི་ལས་དོན་སྔར་ལས་ཚད་ལྡན་དུ་བཏང་། མིག་སྔའི་བར་རྫོང་ཡོངས་ཀྱི་ཏང་རྩ་འཛུགས120དང་ཏང་ཡོན2000ལྷག་གི་ཆ་འཕྲིན་བརྒྱུད་སྤྲོད་དང་བྱ་བའི་འདྲ་པར་དང་བྱེད་སྒོའི་བརྙན་ལམ300ལྷག་ཕབ་འཇུག་བྱས་ནས། གཞི་གྲངས་ལྟ་སྐུལ་དང་སྐར་གསོག་ཚད་ལེན་བྱེད་པ་བརྒྱུད་གཞི་རིམ་ཏང་འཛུགས་སྐྱོང་གི་ལས་དོན་སྤུས་ཚད་མཐོན་པོའི་ངང་འཕེལ་རྒྱས་འགྲོ་བར་ནུས་ལྡན་ངང་སྐུལ་འདེད་བཏང་ཡོད། །

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།