ཀྲུང་གོ་བོད་ཀྱི་དྲ་བ།

ཞིན་ཁྲང་ཞིང་དང་ཝུའུ་ཞའོ་ཅུན་གཉིས་ཀྱིས་མཚོ་སྔོན་དུ་ཀྲུང་གོའི་ཚན་རིག་གླིང་ས་ཁམས་རིག་པའི་སྡེ་ཁག་གི་རིག་གཞུང་ལོ་ཚོགས་ལ་ཞུགས་པའི་ཡོན་ཧྲི་དང་བཞུགས་མོལ་གནང་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : གསང་བདག་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2022-08-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ8པའི་ཚེས2ཉིན་གྱི་ཕྱི་དྲོར། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅིའམ་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཞིན་ཁྲང་ཞིང་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་ཧྲིན་ཀྲང་ཝུའུ་ཞའོ་ཅུན་གཉིས་ཀྱིས་ཟི་ལིང་དུ་ཀྲུང་གོའི་ཚན་རིག་གླིང་ས་ཁམས་རིག་པའི་སྡེ་ཁག་གི2022ལོའི་རིག་གཞུང་ལོ་ཚོགས་ལ་ཞུགས་པའི་ཡོན་ཧྲི་དང་བཞུགས་མོལ་གནང་།

ཞིན་ཁྲང་ཞིང་དང་ཝུའུ་ཞའོ་ཅུན་གཉིས་ཀྱིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་ཞུས་ཏེ། མཚོ་སྔོན་དུ་སླེབས་པའི་ཀྲུང་གོའི་ཚན་རིག་གླིང་ས་ཁམས་རིག་པའི་སྡེ་ཁག་གི་ཡོན་ཧྲི་ལ་དགའ་བསུ་ཞུས་པ་དང་། ཡོན་ཧྲི་རྣམ་པས་ཀྲུང་གོའི་ཚན་རིག་ཞིབ་འཇུག་གི་བྱ་གཞག་ཐད་བྱས་རྗེས་བཞག་པར་གུས་འདུད་ཞུས། ཁོང་གཉིས་ཀྱིས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་ཐུགས་ཁུར་ཆེན་པོ་གནང་བཞིན་ཡོད་དེ། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་དུ་རྒྱལ་ཡོངས་དམངས་ཆེན་གྲོས་ཚོགས་ཀྱི་མཚོ་སྔོན་འཐུས་ཚབ་ཚོགས་པར་ཐེངས་གཉིས་ལ་ཞུགས་པ་དང་། མཚོ་སྔོན་གྱི་བྱ་བར་གཟིགས་ཞིབ་ཏུ་ཐེངས་གཉིས་ལ་ཕེབས་ནས། མཚོ་སྔོན་གྱི་འཕེལ་རྒྱས་ལ་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་པོར་བསྟན་པ་དང་རྔམ་བརྗིད་ལྡན་པའི་དཔེ་རིས་བྲིས། མཚོ་བོད་མཐོ་སྒང་ནི་སའི་གོ་ལའི་མ་ལག་ལ་ཚན་རིག་ཞིབ་འཇུག་སྤེལ་བར་ཆེས་ལེགས་པའི་རང་བྱུང་ཆེན་མོའི་ཚོད་ལྟ་ཁང་ཞིག་ཡིན་ལ། ཚན་རིག་ཞིབ་འཇུག་གི་སྟེགས་བུ་འཛུགས་པ་དང་། ཡུན་རིང་གི་མཉམ་ལས་སྤེལ་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་སྐྲུན་པ་དང་ཐོན་ལས་ཀྱི་གནས་བཞི་འཛུགས་སྐྲུན་བྱེད་པའི་བླང་བྱ་གལ་ཆེན་བཏོན་པ་མཚོ་སྔོན་དུ་དངོས་འབེབས་བྱེད་པར། མདུན་གྲལ་རང་བཞིན་དང་སྣེ་ཁྲིད་རང་བཞིན། ཆེད་ལས་རང་བཞིན་གྱི་ནུས་པ་གལ་ཆེན་བཏོན་ཡོད། ཀྲུང་གོའི་ཚན་རིག་གླིང་དང་ཡོན་ཧྲི་རྣམ་པས་མུ་མཐུད་དུ་མཚོ་སྔོན་གྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཚུལ་བརྟག་གྲོས་འདོན་དང་། གནད་འཁེལ་ཇུས་འབུལ། བློ་གྲོས་ཕུལ་ཏེ། སྟེགས་བུ་འཛུགས་པ་དང་འཇོན་མི་གསོ་སྐྱོང་། གྲུབ་འབྲས་གཞན་སྒྱུར་སོགས་ཀྱི་ཕྱོགས་ནས་རོགས་རམ་དང་མཛུབ་སྟོན་གནང་རྒྱུའི་རེ་བ་ཡོད། མཚོ་སྔོན་གྱིས་ཡོན་ཧྲི་རྣམ་པས་མཚོ་སྔོན་གྱི་ས་གཤིས་དང་ས་ཁམས། ཁོར་ཡུག་ཐོན་ཁུངས་སོགས་བེད་སྤྱད་ནས་ཚན་རིག་ཞིབ་འཇུག་སྤེལ་བར་སྔར་སྲོལ་འགྱུར་མེད་ཀྱིས་རྒྱབ་སྐྱོར་བྱས་ཏེ། རྒྱལ་ཁབ་ཀྱི་འཐབ་ཇུས་ལ་ཐུན་མོང་ཐོག་ཞབས་ཞུ་ལེགས་པོ་བསྒྲུབ་རྒྱུ་ཡིན་ཞེས་གསུངས།  

ཀྲུང་གོའི་ཚན་རིག་གླིང་ས་ཁམས་རིག་པའི་སྡེ་ཁག་གི་ཀྲུའུ་རེན་ནམ། ཀྲུང་གོའི་ཚན་རིག་གླིང་གི་ཡོན་ཧྲི། སའི་གོ་ལའི་དངོས་ལུགས་རིག་པའི་མཁས་པ་ཀྲུའུ་རུས་ཞང་གིས་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་རིག་གཞུང་ལོ་ཚོགས་ལ་རྒྱབ་སྐྱོར་ཆེན་པོ་གནང་བར་བཀའ་དྲིན་ཞུས། ཁོས་མཚོ་སྔོན་ནི་རྒྱལ་ཁབ་སྐྱེ་ཁམས་བདེ་འཇགས་དང་རྒྱལ་ཁོངས་བདེ་འཇགས། ཐོན་ཁུངས་ནུས་ཁུངས་བདེ་འཇགས་བཅས་ཀྱི་འཐབ་ཇུས་གནས་གཞི་གཙོ་བོ་ཡིན་ལ། སའི་གོ་ལའི་ཚན་རིག་ལ་ནུས་པ་ཆེས་གལ་ཆེན་བཏོན་པའི་ས་ཁོངས་ཤིག་ཀྱང་ཡིན། དུས་ཡུན་རིང་པོར། ཀྲུང་གོའི་ཚན་རིག་ཞིབ་འཇུག་གླིང་ས་ཁམས་རིག་པའི་སྡེ་ཁག་གི་ཡོན་ཧྲི་ཡིས་ཚྭ་མཚོ་ཐོན་ཁུངས་སྔོག་འདོན་བེད་སྤྱོད་དང་མཚོ་བོད་མཐོ་སྒང་ཕྱོགས་བསྡུས་ཚན་རིག་བརྟག་དཔྱད། སྣུམ་རླངས་བཟོ་ལས་འཕེལ་རྒྱས་སོགས་ཀྱི་ཕྱོགས་ནས། རྒྱུན་ཆད་མེད་པར་མཚོ་སྔོན་ལ་བྱས་རྗེས་བཞག རྗེས་ཕྱོགས་ཀྱང་སྔར་ལས་མང་བའི་ཡོན་ཧྲིས་ཤེས་བྱ་དང་བློ་གྲོས་མཚོ་སྔོན་གྱི་ས་གཞི་ཆེན་པོའི་སྟེང་ཕུལ་ཏེ། སའི་གོ་ལའི་ཚན་རིག་འཕེལ་རྒྱས་དང་མཚོ་སྔོན་གྱི་ཚན་རྩལ་གསར་གཏོད་ལ་ཁུར་འོས་པའི་འགན་ཁུར་བ་དང་ནུས་པ་སྔར་བས་ཆེན་པོ་འདོན་པར་ཡིད་ཆེས་ཡོད། ། 

ཞིན་ཆེན་མགོ་ཁྲིད་ཀྲའོ་ཡུའེ་ཞ། ཝང་ཏ་ནན། ཀྲུའུ་ཞང་ཧྥིན། ལིའུ་ཁྲའོ་བཅས་བཞུགས་མོལ་ནང་ཞུགས། །

རྩོམ་སྒྲིག་པ། : གསང་བདག་རྒྱལ།