ཀྲུང་གོ་བོད་ཀྱི་དྲ་བ།

རྨ་ཆུའི་འབབ་རྒྱུད་ཀྱི་ཞིང་ཆེན་རིམ་པའི་ཆུ་དཔོན་མཚོ་དཔོན་མཉམ་འབྲེལ་གྲོས་ཚོགས་འཚོགས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : གསང་བདག་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2022-08-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ8པའི་ཚེས2ཉིན་གྱི་སྔ་དྲོར། རྨ་ཆུའི་འབབ་རྒྱུད་ཀྱི་ཞིང་ཆེན་རིམ་པའི་ཆུ་དཔོན་མཚེའུ་དཔོན་མཉམ་འབྲེལ་གྲོས་ཚོགས་འཚོགས་ཤིང་། ཚོགས་ར་གཙོ་བོ་ཟི་ལིང་དུ་བཙུགས་ཡོད། ཚོགས་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་སྐོར་གྱི་མཛུབ་སྟོན་གལ་ཆེན་དངོས་འབེབས་ཟབ་མོ་བྱས་པ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་ལྟར། དོན་ཚན་གལ་ཆེན་ཁག་ཞིབ་འཇུག་བཀོད་སྒྲིག་བྱས་ལ། གནད་དོན་གལ་ཆེན་མཐུན་སྦྱོར་ཐག་གཅོད་བྱས་ཤིང་། ཆུ་དཔོན་ལམ་ལུགས་དང་མཚེའུ་དཔོན་ལམ་ལུགས་མུ་མཐུད་དུ་ཇེ་དྲག་ཏུ་བཏང་སྟེ། 《“སྲུང་སྐྱོང་ཆེན་མོ་མཉམ་འཛིན་ལེགས་པོ་བྱེད་པ་དང་བཅོས་སྐྱོང་ཆེན་མོར་མཐུན་སྦྱོར་སྐུལ་འདེད་གཏོང་བ། བདེ་སྐྱིད་ཆུ་བོ་མཉམ་སྐྲུན་བྱེད”ཅེས་པའི་ཟི་ལིང་བསྒྲགས་གཏམ》སྤེལ། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅིའམ་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཞིན་ཁྲང་ཞིང་གིས་ཤིས་ཚིག་ཕུལ། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྱིས་མགོ་འཛིན་བྱས། ཆུ་བེད་སྡེ་ཁག་གི་པུའུ་ཀྲང་ལིའུ་ཝེ་ཕིང་གིས་བརྙན་ལམ་བརྒྱུད་ནས་གཏམ་བཤད། རྨ་ཆུའི་ཆུ་བེད་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་སུའུ་མའོ་ལིན་གྱིས་བརྙན་ལམ་བརྒྱུད་ནས་མཉམ་འབྲེལ་གྲོས་ཚོགས་ལ་བྱ་བའི་སྙན་ཞུ་ཕུལ། 

ཚོགས་ཐོག་ཏུ། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ནམ་རྒྱུན་ལས་ཧྲིན་ཀྲང་གཞོན་པ་ཝང་ཝེ་ཏུང་གིས་གྲོས་ཚོགས་ཀྱི་བརྗེ་རེས་གཏམ་བཤད་སྤེལ། སི་ཁྲོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ཧུའུ་ཡུན་དང་། ཀན་སུའུ་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ནམ་ཧྲིན་ཀྲང་གཞོན་པ་ཀྲང་ཅིན་ཀང་། ཉིན་ཞ་ཧུའེ་རིགས་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཏའོ་ཞི། ནང་སོག་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ལིས་པེན་རུང་། ཧྲིན་ཞི་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ཧི་ཐེན་ཚའེ། ཧྲན་ཞི་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ཡའེ་ཉིག་ཕིང་། ཧི་ནན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ཝུའུ་ཀའོ་ཏིང་། ཧྲན་ཏུང་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ཅང་ཁྲིན་བཅས་ཀྱིས་བརྙན་ལམ་བརྒྱུད་དེ་གྲོས་ཚོགས་ཀྱི་བརྗེ་རེས་གཏམ་བཤད་སྤེལ། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ནམ་ཧྲིན་ཀྲང་གཞོན་པ་ཚེ་རིང་ཐར་གྱིས《ཟི་ལིང་གི་བསྒྲགས་གཏམ》སྒྲོག་འདོན་བྱས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ནམ་དྲུང་ཡིག་ཆེན་མོ་ཀྲུའུ་ཞང་ཧྥིན་དང་ཧྲིན་ཀྲང་གཞོན་པ་ལིའུ་ཐའོ་གཉིས་གྲོས་ཚོགས་ལ་ཞུགས།

ཞིན་ཁྲང་ཞིང་གིས་ཤིས་ཚིག་ནང་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ནས། ཆུ་བེད་པུའུ་དང་རྨ་ཆུའི་ཆུ་བེད་ཨུ་ཡོན་ལྷན་ཁང་ལ་བཀའ་དྲིན་ཞུས་པ་དང་། རྨ་ཆུའི་འབབ་རྒྱུད་ཀྱི་ཞིང་ཆེན་དང་རང་སྐྱོང་ལྗོངས་ལ་གུས་འདུད་ཞུས་ཏེ། རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་བྱེད་པ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་གཏོང་རྒྱུ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དངོས་སུ་བཀོད་པའི་རྒྱལ་ཁབ་ཀྱི་འཐབ་ཇུས་ཡིན་པ་དང་། རྨ་ཆུའི་བདེ་འཇགས་ལ་ང་ཚོས་མཉམ་དུ་ལྟ་སྐྱོང་བྱེད་དགོས་པ་དང་། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པའི་ཚན་རིག་དང་མཐུན་པའི་མཛུབ་ཁྲིད་འོག རྨ་ཆུའི་འབབ་རྒྱུད་ཀྱི་བུ་དང་བུ་མོས་སྲུང་སྐྱོང་ལ་མཐོང་ཆེན་བྱེད་པ་དང་། བཅོས་སྐྱོང་གཙོར་འཛིན་པའི་མངག་བཅོལ་ཡིད་ལ་དམ་པོར་བཟུང་ནས། རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་གཏོང་བའི་ཁྲོད་དུས་རབས་གསར་པའི་རྨ་ཆུའི་མཉམ་གླུ་ལེན་དགོས། ཆུ་དཔོན་དང་མཚོ་དཔོན་ལམ་ལུགས་ཁྱོན་ཡོངས་ནས་ལག་བསྟར་བྱེད་རྒྱུ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐུ་དངོས་སུ་བཀོད་སྒྲིག་བྱས་པའི་བཅོས་བསྒྱུར་གལ་ཆེན་ཡིན་པ་དང་། ཆུ་མཚོའི་སྐྱེ་ཁམས་ལ་ང་ཚོས་མཉམ་དུ་ལྟ་སྐྱོང་བྱེད་དགོས་ལ། ཆུའི་ཐོན་ཁུངས་སྲུང་སྐྱོང་བྱེད་པ་དང་ཆུ་བཙོག་བཟོ་འགོག་བཅོས་བྱེད་པ། ཆུའི་ཁོར་ཡུག་ལེགས་བསྒྱུར་བྱེད་པ། ཆུའི་སྐྱེ་ཁམས་སློར་གསོ་བྱེད་པ་བཅས་ཀྱི་ཆབ་སྲིད་འགན་འཁྲི་འདུ་ཤེས་དང་ལོ་རྒྱུས་ཀྱི་འདུ་ཤེས་ཇེ་དྲག་ཏུ་བཏང་སྟེ། རྨ་ཆུའི་སྐྱེ་སྟོབས་དང་གསོན་ཤུགས་ངེས་པར་དུ་རྒྱུན་འཁྱོངས་བྱེད་དགོས། རྨ་ཆུའི་འབབ་རྒྱུད་ཀྱི་ཞིང་ཆེན་རིམ་པའི་ཆུ་དཔོན་དང་མཚོ་སྔོན་གྱི་མཉམ་འབྲེལ་གྲོས་ཚོགས་ནི་ཀྲུང་དབྱང་གི་འཐབ་ཇུས་དང་རྒྱལ་ཁབ་ཀྱི་བཀོད་སྒྲིག་ལག་བསྟར་བྱེད་པའི་ལམ་ལུགས་གསར་གཏོད་ཞིག་ཡིན་པ་དང་། ལམ་སྲོལ་རང་བཞིན་གྱི་ལམ་ལུགས་ཀྱི་ཇུས་འགོད་ལ་ང་ཚོས་མཉམ་དུ་སྲུང་སྐྱོང་བྱེད་དགོས་ལ། གཅིག་གྱུར་འཆར་འགོད་དང་གཅིག་གྱུར་བཅོས་སྐྱོང་། གཅིག་གྱུར་བཀོད་གཏོང་། གཅིག་གྱུར་དོ་དམ་བྱེད་པའི་སྟེང་། འབབ་རྒྱུད་གཅིག་འདོམས་དང་ཁུལ་ཁུངས་མཉམ་ལས། སྡེ་ཁག་མཉམ་འབྲེལ་གྱི་སྲུང་སྐྱོང་ཀྱི་རྣམ་པ་གསར་པ་ཆགས་པར་ནུས་པ་གལ་ཆེན་འདོན་སྤེལ་བྱེད་དགོས། ཐེངས་འདིའི་གྲོས་ཚོགས་ནི་མཉམ་འབྲེལ་གྲོས་ཚོགས་ཀྱི་ལམ་སྲོལ་ལག་བསྟར་བྱེད་མགོ་བརྩམས་པ་ཡིན་པས། ང་ཚོས་ཐེངས་འདིའི་གྲོས་ཚོགས་ཀྱི་གྲུབ་འབྲས་ལ་སྔར་ལས་གཅེས་སྤྲས་དང་བཀོལ་སྤྱོད་གང་ལེགས་བྱེད་པ་དང་། ཆུ་བེད་པུའུ་དང་རྨ་ཆུའི་ཆུ་བེད་ཨུ་ཡོན་ལྷན་ཁང་གིས་མཛུབ་ཁྲིད་འོག སྤུན་ཟླ་ཞིང་ཆེན་དང་རང་སྐྱོང་ལྗོངས་བཅས་ཀྱིས་མཉམ་དུ་རྨ་ཆུའི་འབབ་རྒྱུད་ཀྱི་མཛེས་སྡུག་གི་མ་འོངས་པ་བསྐྲུན་དགོས་ཞེས་གསུངས།

ཝུའུ་ཞའོ་ཅུན་གྱིས་མགོ་འཛིན་གཏམ་བཤད་སྐབས། ཐེངས་འདིའི་གྲོས་ཚོགས་རྨ་ཆུའི་མགོ་ཁུངས་སུ་གནས་པའི་མཚོ་སྔོན་དུ་བསྡུས་ཏེ། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་ཁྱོན་ཡོངས་ནས་ལག་བསྟར་བྱས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་བྱེད་པ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་གཏོང་བའི་སྐོར་གྱི་མཆན་བཀོད་མཛུབ་སྟོན་གལ་ཆེན་དོན་འཁྱོལ་ནན་མོ་བྱེད་པ། མཉམ་དུ་སྲུང་སྐྱོང་ཆེན་མོ་དམ་འཛིན་བྱེད་པ་དང་མཉམ་དུ་བཅོས་སྐྱོང་ཆེན་མོ་ལག་བསྟར་བྱེད་པའི་མཉམ་འགོག་མཉམ་སྡོམ་མཉམ་བཅོས་ཀྱི་ལམ་སྲོལ་བཙུགས་པ་དང་། བྱ་བའི་ཉམས་མྱོང་བརྗེ་རེས་བྱས་ཤིང་། བྱ་བ་གཙོ་བོར་ཞིབ་འཇུག་དང་བཀོད་སྒྲིག་བྱས་ཏེ། མཉམ་དུ“པར་རིས་གཅིག”འབྲི་བའི་ཡིད་ཆེས་དང་ཆོད་སེམས་སྔར་ལས་ཇེ་བརྟན་དུ་བཏང་བ་དང་། མཉམ་དུ“ཆུ་བོ་གཅིག”ལ་སྲུང་སྐྱོང་བྱེད་པའི་འགན་འཁྲི་ཁག་ཁུར་ཇེ་དྲག་ཏུ་བཏང་ལ། མཉམ་དུ“བསམ་ཇུས་གཅིག”ལག་བསྟར་བྱེད་པའི་བྱ་བའི་རྣམ་པ་གྲུབ་པར་བྱས། རྨ་ཆུའི་འབབ་རྒྱུད་ཀྱི་ཞིང་ཆེན་དང་རང་སྐྱོང་ལྗོངས་དགུ་ཡིས་མཉམ་ཤུགས་སྔར་ལས་ཆེན་པོས་མ་ཡུམ་ཆུ་བོའི་སྐྱེ་ཁམས་ཁོར་ཡུག་སླར་གསོ་བྱེད་པ་དང་། རི་ཆུའི་ནགས་ཞིང་དང་མཚེའུ། རྩྭ་ས། བྱེ་དར་བཅས་གཞི་གཅིག་ཅན་གྱི་སྲུང་སྐྱོང་དང་མ་ལག་བཅོས་སྐྱོང་ལག་བསྟར་བྱེད་དགོས། མཉམ་ཤུགས་སྔར་ལས་ཆེན་པོས་ཁྱོན་ཡོངས་ནས“ཆུ་བཞིས་ཐག་གཅོད་བཞིའི“”རྩ་དོན་ལག་བསྟར་བྱེད་པ་དང་། ཆུའི་བདེ་འཇགས་ཕན་ཡོད་འགན་སྲུང་བྱེད་པ་དང་ཆུའི་ཐོན་ཁུངས་ཕན་མཐོ་བེད་སྤྱོད་བྱེད་པ། ཆུའི་སྐྱེ་ཁམས་མངོན་གསལ་ལེགས་བསྒྱུར་བྱེད་པའི་ལེགས་བསྡུས་གྲོན་ཆུང་གི་འཕེལ་རྒྱས་ལམ་བུ་གཏོད་དགོས། མཉམ་ཤུགས་སྔར་ལས་ཆེན་པོས་རང་བྱུང་གནོད་འཚེ་འགོག་རྒོལ་བྱེད་པའི་འགོག་ར་བརྟན་པོ་བཙུགས་ནས། ཆུ་རྐ་གེགས་མེད་ཡོང་བར་ཁག་ཐེག་བྱེད་ངེས། མཉམ་ཤུགས་སྔར་ལས་ཆེན་པོས་རྨ་ཆུའི་འབབ་རྒྱུད་སྤུས་ཚད་མཐོ་བའི་འཕེལ་རྒྱས་གཏོང་བ་དང་། སྐྱེ་ཁམས་ཐོན་རྫས་ཀྱི་རིན་ཐང་མངོན་འགྱུར་ལམ་བུ་རྒྱ་སྐྱེད་པ། འབབ་རྒྱུད་ཀྱི་འཕྲེད་ཕྱོགས་སྐྱེ་ཁམས་ཁ་གསབ་ལག་བསྟར་བྱས་ཏེ། མཉམ་ལས་ནུས་པ་མཐོར་འདེགས་གཏོང་དགོས། མཉམ་ཤུགས་སྔར་ལས་ཆེན་པོས་རྨ་ཆུའི་རིག་གནས་རྒྱུན་འཛིན་དར་སྤེལ་གཏོང་བ་དང་། ཧུར་ཐག་གིས་སྐྱེ་ཁམས་རིན་ཐང་ལྟ་བ་སྲོག་ཤིང་དུ་བྱས་པའི་སྐྱེ་ཁམས་རིག་གནས་མ་ལག་འཛུགས་པ། རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་འགུལ་སྐྱོད་དངོས་ལ་བརྟེན་ནས། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་རྒྱལ་ཁའི་ངང་བསྡུ་བར་བསུ་མ་བྱེད་དགོས་གསུངས། 

ལིའུ་ཝེ་ཕིང་གིས་གཏམ་བཤད་སྐབས། ཆུ་དཔོན་དང་མཚོ་དཔོན་ལམ་ལུགས་ལག་བསྟར་བྱས་པའི་གྲུབ་འབྲས་མངོན་གསལ་ཡིན་པ་དང་། རྨ་ཆུའི་ཆུ་བེད་ཨུ་ཡོན་ལྷན་ཁང་དང་རྨ་ཆུའི་འབབ་རྒྱུད་ཀྱི་ཞིང་ཆེན་དང་རང་སྐྱོང་ལྗོངས་ཏང་ཨུ་དང་སྲིད་གཞུང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྨ་ཆུ་སྲུང་སྐྱོང་བཅོས་སྐྱོང་སྐོར་གྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ཚད་གཞིར་བཟུང་བ་དང་། གནད་དོན་གྱི་ཁྲིད་ཕྱོགས་དང་དམིགས་འབེན་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱས་ཤིང་། ཕྱོགས་བསྡུས་བཅོས་སྐྱོང་དང་མ་ལག་བཅོས་སྐྱོང་། མགོ་ཁུངས་བཅོས་སྐྱོང་བྱེད་པར་ཤུགས་བསྣན་པས། འབབ་རྒྱུད་ཀྱི་ཆུ་དང་མཚེའུ་ངོས་ཀྱི་རྣམ་པ་རྒྱུན་མཐུད་ངང་ཇེ་བཟང་དུ་སོང་བ་དང་། མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་། བདེ་སྣང་མངོན་གསལ་སྒོས་ཇེ་ཆེར་ཕྱིན། ཆུ་མཚོའི་བཅོས་སྐྱོང་སྲུང་སྐྱོང་བྱ་བའི་ལས་འགན་ཧ་ཅང་ལྕི་བས། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་དགོངས་པ་རྒྱུན་འཁྱོངས་བྱེད་པ་དང་། མི་དང་རང་བྱུང་འཆམ་མཐུན་ཡོང་བ་རྒྱུན་འཁྱོངས་བྱེད་པ། ཆུ་མཚོའི་སྐྱེ་ཁམས་ཁོར་ཡུག་སླར་གསོ་བྱེད་པ། ཆུ་རྐ་གེགས་མེད་ཡོང་བར་འགན་སྲུང་བྱེད་པ། ཆུ་རྒྱུན་མི་ཆད་པ་དང་ཆུ་དྭངས་པ། འགྲམ་རྒྱུད་ལྗང་བསྒྱུར་དང་ཁོར་ཡུག་མཛེས་པ། མི་སེམས་མཐུན་པའི་བདེ་ཐང་མཛེས་སྡུག་གི་ཆུ་དང་མཚེའུ་འཛུགས་སྐྲུན་བྱེད་པ། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་བ། ཁྱོན་ཡོངས་ནས་ལྗང་མདོག་ཚུལ་བསྒྱུར་བྱས་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་གཏོང་བའི་ཐད་ནུས་ལྡན་གྱི་འདེགས་སྐྱོར་འདོན་སྤྲོད་བྱེད་དགོས། མཉམ་དུ་མི་དམངས་ལ་བདེ་སྐྱིད་སྐྲུན་པའི་བདེ་སྐྱིད་ཆུ་བོ་འཛུགས་སྐྲུན་བྱེད་པར། གཟེར་འདེབས་པའི་སྙིང་སྟོབས་ཀྱིས་དམིགས་འབེན་ལ་དམ་དུ་དམིགས་པ་དང་། དཀའ་སྤྱད་འབད་འཐབ་བྱེད་པ། བྱས་རྗེས་ཆེན་པོ་འཇོག་པ། སྟོབས་ཤུགས་ཡོད་རྒུས་ཆུ་དཔོན་དང་མཚོ་དཔོན་ལམ་ལུགས་ལག་བསྟར་གཏིང་ཟབ་བྱས་ནས། ཆུ་མཚོའི་བཅོས་སྐྱོང་སྲུང་སྐྱོང་བྱ་བའི་ཐད་ནས་གྲུབ་འབྲས་གསར་པ་ལེན་པ་དང་སྣང་བརྙན་གསར་པ་བསྐྲུན་པར་ཁག་ཐེག་བྱེད་དགོས་ཞེས་བཤད། 

སུའུ་མའོ་ལིན་གྱིས་བྱ་བའི་སྙན་ཞུ་ཕུལ་སྐབས། རྨ་ཆུའི་འབབ་རྒྱུད་ཀྱི་ཞིང་ཆེན་དང་རང་སྐྱོང་ལྗོངས་དགུ་ཡི་རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་རྒྱལ་ཁབ་ཀྱི་དོན་ཆེན་ཡིད་ལ་དམ་པོར་བཟུང་ནས། ཆབ་སྲིད་ཀྱི་འགན་འཁྲི་འདུ་ཤེས་དང་ལོ་རྒྱུས་ཀྱི་འགན་འཁྲི་འདུ་ཤེས་མཐོན་པོས། ཆུ་དཔོན་དང་མཚོ་དཔོན་ལམ་ལུགས་རྒྱུན་མ་ཆད་པར་ཇེ་དྲག་ཏུ་བཏང་བ་དང་། མཉམ་དུ་སྲུང་སྐྱོང་ཆེན་མོ་དམ་འཛིན་བྱེད་པ་དང་མཉམ་དུ་བཅོས་སྐྱོང་ཆེན་མོ་སྤེལ་བས། འབབ་རྒྱུད་ཀྱི་ཆུ་མཚོའི་ཕྱི་ངོས་ཀྱི་རྣམ་པར་ལོ་རྒྱུས་རང་བཞིན་གྱི་འགྱུར་ལྡོག་བྱུང་། 2022ལོར་འབབ་རྒྱུད་ཀྱི་ཆུ་དཔོན་དང་མཚོ་དཔོན་ལམ་ལུགས་མ་ལག་དང་བྱ་བའི་ལམ་སྲོལ་རྒྱུན་མཐུད་ངང་ཇེ་ལེགས་སུ་གཏོང་བ་དང་། ཆུ་མཚོའི"རྙོག་བཞི་གཙང་སེལ"རྒྱུན་ལྡན་ཅན་དང་ཚད་ལྡན་ཅན་དུ་བསྒྱུར་བ། ཆུའི་ཐོན་ཁུངས་ལྟ་སྐུལ་དོ་དམ་བྱེད་པར་ཤུགས་སྣོན་པ། ཆུ་རྐའི་བྱེ་ཟེགས་དོ་དམ་སྔར་ལས་ཚད་ལྡན་དུ་གཏོང་བ། ཆུ་མཚོའི་ཆུ་ཁོངས་འགྲམ་ངོགས་ཀྱི་བར་སྟོང་དོ་དམ་ཚོད་འཛིན་ལ་ཤུགས་སྣོན་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྨ་ཆུ་སྲུང་སྐྱོང་བཅོས་སྐྱོང་སྐོར་གྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་མཛུབ་ཁྲིད་དུ་བྱེད་པ། རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་གཏོང་བར་སྐུལ་འདེད་གཏོང་བ། འབབ་རྒྱུད་ཀྱི་ཆུ་དཔོན་དང་མཚོ་དཔོན་ལམ་ལུགས་དང་ཆུ་མཚོའི་དོ་དམ་སྲུང་སྐྱོང་ཐད་ཀྱི་བྱ་བ་སྣ་ཚོགས་ལེགས་པར་བསྒྲུབ་ནས། རྨ་ཆུས་ཇི་སྲིད་བར་དུ་ཀྲུང་ཧྭ་མི་རིགས་ལ་བདེ་སྐྱིད་བསྐྲུན་ཐུབ་པའི་ཐད་འབད་འཐབ་ལྷོད་མེད་བྱེད་དགོས་ཞེས་བཤད།

ཚོགས་ཐོག་ནས《རྨ་ཆུའི་འབབ་རྒྱུད་ཀྱི་ཞིང་ཆེན་རིམ་པའི་ཆུ་དཔོན་དང་མཚོ་དཔོན་མཉམ་འབྲེལ་གྲོས་ཚོགས་ཀྱི་བྱ་བའི་སྒྲིག་སྲོལ》དང་། 《རྨ་ཆུའི་འབབ་རྒྱུད་ཀྱི་ཞིང་ཆེན་རིམ་པའི་ཆུ་དཔོན་དང་མཚོ་དཔོན་མཉམ་འབྲེལ་གྲོས་ཚོགས་གཞུང་སྒྲུབ་ཁང་གི་བྱ་བའི་སྒྲིག་སྲོལ།》 《རྨ་ཆུའི་འབབ་རྒྱུད་ཀྱི་ཆུ་མཚོའི"རྙོག་བཞི་གཙང་སེལ"རྒྱུན་ལྡན་ཅན་དང་ཚད་ལྡན་ཅན་དུ་གཏོང་བའི་སྐོར་གྱི་མཛུབ་སྟོན་གྲོས་གཞི།》 《རྨ་ཆུའི་འབབ་རྒྱུད་ཀྱི་ཁྲིམས་འགལ་ཆུ་བཀོལ་ལ་མཐའ་གཅིག་ཏུ་བཀག་འགོག་བྱེད་པའི་ལག་བསྟར་གྲོས་གཞི》བཅས་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་།

ཆུ་བེད་པུའུ་ཡི་འབྲེལ་ཡོད་སི་དང་ཅུའུ། རྨ་ཆུའི་ཆུ་བེད་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་སྡེ་ཁག རྨ་ཆུའི་འབབ་རྒྱུད་ཀྱི་ཞིང་ཆེན་དང་རང་སྐྱོང་ལྗོངས་དགུ་ཡི་ཆུ་དཔོན་དང་མཚོ་དཔོན་ལམ་ལུགས་གཞུང་སྒྲུབ་ཁང་། འབྲེལ་ཡོད་འགན་ཁུར་སྡེ་ཁག་གི་འགན་ཁུར་བློ་མཐུན་བཅས་གྲོས་ཚོགས་ལ་ཞུགས། ། 

རྩོམ་སྒྲིག་པ། : གསང་བདག་རྒྱལ།