ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་འབུམ་ཚེ་རིང་གིས་བསྒྱུར།   སྤེལ་དུས། : 2022-08-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ8པའི་ཚེས1ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་བྱ་བའི་གྲོས་ཚོགས་སྟེང་། ཀྲུང་དབྱང་གི་འཐབ་ཕྱོགས་གཅིག་གྱུར་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་དང་། འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་དཔལ་གོ་གྲོས་ཚོགས་ལ་ཞུགས་པ་དང་འབྲེལ་ཡོད་གསུང་བཤད་ཀྱང་གནང་། 

གྲོས་ཚོགས་སྟེང་བསྟན་དོན། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་བྱ་བའི་གྲོས་ཚོགས་ནི་ཏང་གི་འཐབ་ཕྱོགས་གཅིག་གྱུར་སྲིད་ཇུས་བཏོན་ནས་ལོ་ངོ100འཁོར་བ་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པ་འཚོག་ས་ཉེ་བའི་བར་སྐབས་དང་། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པ་གཏོད་པ་བཅས་ཀྱི་གནད་འགག་གི་ལོ་ལ་འཚོགས་པའི་ལམ་ཚད་རྡོ་རིང་ལྟ་བུའི་དོན་སྙིང་ལྡན་པའི་གྲོས་ཚོགས་གལ་ཆེན་ཞིག་རེད། གྲོས་ཚོགས་ཀྱི་དགོངས་དོན་དང་ལྷག་དོན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་བྱེད་པ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ལ་བརྩིས་ནས་དགོངས་དོན་གྱི་ངོ་བོར་གོ་བ་ལེན་པ་དང་ལྟེ་བའི་གནད་དོན་ལ་སྟངས་འཛིན་བྱས་ཏེ། རང་རྟོགས་ངང་བསམ་བློ་དང་བྱ་སྤྱོད་གྲོས་ཚོགས་ཀྱི་དགོངས་དོན་ཐོག་གཅིག་གྱུར་ཡོང་བ་བྱས་ནས། སྔར་ལས་ལྷག་པར་རང་འགུལ་གྱིས་འགན་འཁུར་བ་དང་། སྔར་ལས་ནུས་པ་ལྡན་པའི་བྱེད་ཐབས་སྤྱོད་པ། སྔར་ལས་གཟབ་ནན་ཡིན་པའི་སྤྱོད་ཚུལ་བཅས་ལ་བརྟེན་ནས། དུས་རབས་གསར་པའི་ཞིང་ཆེན་ཡོངས་ཀྱི་འཐབ་ཕྱོགས་གཅིག་གྱུར་བྱ་བའི་རྣམ་པ་གསར་པ་ནུས་ཤུགས་ཡོད་རྒུས་གཏོད་དགོས་པར་བསྟན།

གྲོས་ཚོགས་སྟེང་ནན་གྱིས་བསྟན་དོན། དོན་དངོས་དང་ཟུང་འབྲེལ་བྱས་ཏེ་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་བྱེད་པའི་ཇུས་གཞིའི་དུས་ཚོད་དམ་འཛིན་ངང་ཞིབ་འཇུག་བྱས་ནས་བཟོ་བ་དང་། དངོས་སྒྲུབ་གོ་ཆོད་ཀྱི་བྱེད་ཐབས་དང་ཐབས་ལམ་སྤྱོད་པ། རིམ་པ་སོ་སོའི་འཐབ་ཕྱོགས་གཅིག་གྱུར་གྱི་ལས་བྱེད་པ་དང་འཐབ་ཕྱོགས་གཅིག་གྱུར་གྱི་ཁོངས་མི་སྒྲིག་འཛུགས་ཀྱིས་སློབ་སྦྱོང་གཏིང་ཟབ་དང་། ཞིབ་ཕྲ། ལག་བསྟར་བཅས་བྱས་ཏེ་མགྱོགས་མྱུར་སྒོས་སློབ་སྦྱོང་དང་དྲིལ་བསྒྲགས་ཀྱི་ཚ་རླབས་ཤིག་འཕྱུར་བ་བྱེད་དགོས། བརྗོད་དོན་གཙོ་བོའི་གཙོ་རྐང་མངོན་གསལ་དོད་པོ་ཡོང་བ་བྱས་ཏེ་འགན་འཁྲི་གཙོ་བོ་དང་ལས་སྒོ་གཙོ་བོ་ཕྲག་ཏུ་འཁུར་ནས་བསམ་བློ་ཆབ་སྲིད་ཀྱི་ཁྲིད་སྟོན་ལ་ཤུགས་སྣོན་པ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཞིང་ཆེན་གཏོད་པར་སྐུལ་འདེད་གཏིང་ཟབ་གཏོང་བ། ཏང་ཕྱིའི་འཐུས་མིའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན། འཐབ་ཕྱོགས་གཅིག་གྱུར་སྡེ་ཁག་གི་རང་ངོས་འཛུགས་སྐྱོང་ལ་མཐོང་ཆེན་བཅས་བྱས་ནས། ཞིང་ཆེན་ཡོངས་ཀྱི་འཐབ་ཕྱོགས་གཅིག་གྱུར་བྱ་བའི་གསར་གཏོད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། རྒྱལ་ཁབ་ཀྱི་སྤྱིའི་བདེ་འཇགས་ཀྱི་ལྟ་བ་བརྟན་པོ་བཙུགས་ནས་སེམས་ཁྲལ་གྱི་འདུ་ཤེས་དང་ཉེན་ཁ་འགོག་ཟོན་གྱི་འཇོན་ཐང་ཆེ་རུ་གཏོང་བ་དང་། བྱ་བའི་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་བྱ་བའི་འཇོན་ཐང་ཆེ་རུ་གཏོང་བ། འཐབ་ཕྱོགས་གཅིག་གྱུར་ཁྱབ་ཁོངས་ཀྱི་ཉེན་ཁ་དང་མངོན་མེད་རྐྱེན་ངན་ནུས་ཤུགས་ཡོད་རྒུས་འགོག་ཟོན་དང་སེལ་བ་བཅས་བྱས་ནས། ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོགས་པར་བདེ་འཇགས་དང་། བརྟན་བརླིང་། འཆམ་མཐུན་བཅས་ཀྱི་སྤྱི་ཚོགས་ཁོར་ཡུག་ཅིག་གཏོད་དགོས་པར་བསྟན། །


རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།