ཀྲུང་གོ་བོད་ཀྱི་དྲ་བ།

མཱ་ཅི་ཞའོ་ཡིས་ངལ་རྩོལ་དཔེ་ལེགས་ཅན་གྱི་སྨན་བཅོས་ལུས་གསོ་བྱ་བར་རྟོག་ཞིབ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-08-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ།  ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ།  ཞིང་ཆེན་སྤྱིའི་བཟོ་ཚོགས་ཀྱི་ཀྲུའུ་ཞི་མཱ་ཅི་ཞའོ་ཧེ་ནན་ཞིང་ཆེན་དུ་སོང་ནས་ངལ་རྩལ་དཔེ་ལེགས་ཅན་གྱི་སྨན་བཅོས་ལུས་གསོ་བྱ་བར་རྟོག་ཞིབ་བྱས་པར་མ་ཟད།   ཉིས་སྟོང་ཉེར་གཉིས་ལོའི་ཞིང་ཆེན་སྤྱིའི་བཟོ་ཚོགས་ཀྱི་སྐོར་དྲུག་པའི་ངལ་རྩོལ་དཔེ་ལེགས་ཅན་གྱི་སྨན་བཅོས་ལུས་གསོ་ཚོགས་པ་འཛུགས་པའི་མཛད་སྒོ་དང་ཧེ་ནན་ཞིང་ཆེན་གྱི་ངལ་རྩོལ་དཔེ་ལེགས་ཅན་གྱི་སྨན་བཅོས་ལུས་གསོ་རྟེན་གཞིའི་སྒོ་བྱང་འགེལ་བའི་མཛད་སྒོར་ཞུགས་པ་དང་།   སྐོར་དྲུག་པའི་སྨན་བཅོས་ལུས་གསོར་ཞུགས་པའི་ངལ་རྩོལ་དཔེ་ལེགས་ཅན་གྱི་འཐུས་མི་དང་བཞུགས་མོལ་བྱས་ཏེ་ངལ་རྩོལ་དཔེ་ལེགས་ཅན་གྱི་སྨན་བཅོས་ལུས་གསོ་བྱ་བའི་ཐད་ཀྱི་བསམ་འཆར་དང་གྲོས་གཞི་ལ་ཉན།

མཱ་ཅི་ཞའོ་ཡིས་ངལ་རྩོལ་དཔེ་ལེགས་ཅན་གྱི་འཐུས་མི་དང་བཞུགས་མོལ་བྱེད་སྐབས་ནན་གྱིས་བསྟན་དོན།   ངལ་རྩོལ་དཔེ་ལེགས་ཅན་ནི་རང་རྒྱལ་གྱི་བཟོ་བ་གྲལ་རིམ་ཁྲོད་ཀྱི་དཔེ་མཚོན་ཚོགས་པ་ཡིན་པ་དང་།  སྙན་གྲགས་ཆེན་པོ་ལྡན་པས་མི་དམངས་མང་ཚོགས་ཀྱི་བརྩི་བཀུར་ཐོབ་ཡོད།    ངལ་རྩོལ་དཔེ་ལེགས་ཅན་གྱི་སྨན་བཅོས་ལུས་གསོ་བྱ་འགུལ་རྩ་འཛུགས་བྱས་པ་ནི་སྤྱི་ཚོགས་ཡོངས་ཀྱིས་ངལ་རྩོལ་དཔེ་ལེགས་ཅན་ལ་སེམས་ཁུར་དང་གཅེས་སྐྱོང་བྱེད་པའི་མཚོན་ཚུལ་གལ་ཆེན་ཞིག་ཡིན་པ་དང་།    སྨན་བཅོས་ལུས་གསོ་བྱ་འགུལ་ལ་ཞུགས་པའི་ངལ་རྩོལ་དཔེ་ལེགས་ཅན་དང་དཀའ་ཚེགས་གཉིས་ཀྱི་འཐབ་ཕྱོགས་དང་པོའི་ལས་བཟོ་བ་དག་གིས་མཚན་སྙན་ལ་གཅེས་སྤྲས་བྱས་ཏེ་མིག་དཔེ་བཟང་བོ་སྟོན་དགོས་པ་དང་།   ངལ་རྩོལ་ནི་ཆེས་གཟི་བརྗིད་ལྡན་པ་དང་ཆེས་བླ་ན་མེད་པ།  ཆེས་རླབས་ཆེ་བ།    ཆེས་མཛེས་སྡུག་ལྡན་པ་བཅས་ཡིན་པའི་དུས་རབས་ཀྱི་དབྱངས་རྟ་དར་སྤེལ་གཏོང་དགོས།   ངལ་རྩོལ་དཔེ་ལེགས་ཅན་གྱི་སྙིང་སྟོབས་དང་ངལ་རྩོལ་པའི་སྙིང་སྟོབས།   ལག་ཤེས་པའི་སྙིང་སྟོབས་བཅས་ཤུགས་ཆེན་པོས་དར་སྤེལ་གཏོང་བ་དང།    ངལ་རྩོལ་བརྒྱུད་དེ་མཛེས་སྡུག་གི་འཚོ་བ་གསར་སྐྲུན་བྱེད་དགོས།   རང་འགུལ་གྱིས་མཛེས་པའི་མཚོ་སྔོན་དྲིལ་སྒྲོག་བྱེད་པ་དང་མཚོ་སྔོན་གྱི་གཏམ་རྒྱུད་དང་ངལ་རྩོལ་པའི་གཏམ་རྒྱུད།   ངལ་རྩོལ་དཔེ་ལེགས་ཅན་གྱི་གཏམ་རྒྱུད་བཅས་བཟང་བོར་བཤད་དེ་མཚོ་སྔོན་གྱི་ངལ་རྩོལ་དཔེ་ལེགས་ཅན་གྱི་སྣང་བརྙན་བཟང་བོ་མངོན་པར་བྱེད་དགོས།       ཕན་ཚུན་མཐུན་སྦྱོར་ལ་ཤུགས་བསྣན་ནས་ངལ་རྩོལ་གྲུབ་འབྲས་ཉམས་སྤྱོད་བྱེད་པ་དང་བྱ་བའི་ཉམས་མྱོང་བརྗེ་རེས་བྱེད་པ།   ཕན་ཚུན་ལ་སློབ་སྦྱོང་རོགས་རེས་བྱེད་པ་བཅས་བྱས་ཏེ་བྱ་བའི་ནུས་པ་དང་ཆུ་ཚད་རྒྱུན་ཆད་མེད་པར་ཇེ་མཐོར་གཏོང་དགོས།     སྨན་བཅོས་ལུས་གསོ་སྒྲིག་སྲོལ་དང་རིམས་ནད་འགོག་སྡོམ་བྱ་བའི་བླང་བྱ་བརྩི་སྲུང་བྱེད་པ་དང་།   ལུས་ཕུང་ལེགས་པོར་གསོ་བ་དང་ནུས་པ་གསོག་འཇོག་བྱེད་པ།   སྒུལ་ནུས་སྐུལ་སློང་བྱས་ཏེ་དེང་རབས་ཅན་དྲུག་གི་མཚོ་སྔོན་གསར་པ་འཛུགས་སྐྲུན་ཐད་ཤེས་རིག་དང་སྟོབས་ཤུགས་འབུལ་དགོས་ཟེར། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།