ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་གྱི་ཐེངས15པའི་རྫོང་དང་ཁྲུའུ་རིམ་པའི་མི་རིགས་ལས་བྱེད་པའི་གསོ་སྦྱོང་འཛིན་གྲྭའི་སློབ་མགོ་བརྩམས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་འབུམ་ཚེ་རིང་གིས་བསྒྱུར།   སྤེལ་དུས། : 2022-08-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡིས་གཙོ་སྒྲུབ་དང་ཞིང་ཆེན་ཏང་གི་སློབ་གྲྭས་འགན་སྒྲུབ་གནང་བའི་མཚོ་སྔོན་ཞིང་ཆེན་གྱི་རྫོང་དང་ཁྲུའུ་རིམ་པའི་མི་རིགས་ལས་བྱེད་པའི་ཐེངས15པའི་གསོ་སྦྱོང་འཛིན་གྲྭའི་སློབ་མགོ་བརྩམས། གྲོང་ཁྱེར་དང་ཁུལ་སོ་སོ་དང་དེ་བཞིན་ཞིང་ཆེན་ཐད་གཏོགས་ལས་ཁུངས་དང་ཁེ་ལས་དང་བྱ་གཞག་ལས་ཁུངས་བཅས་ཀྱི་རྫོང་དང་ཁྲུའུ་རིམ་པའི་མི་རིགས་ལས་བྱེད་པ33དུས་ཡུན་ཉིན45ཡི་གསོ་སྦྱོང་ནང་ཞུགས་རྒྱུ་རེད།

ཐེངས་འདིའི་གསོ་སྦྱོང་ཐད་ཞིང་ཆེན་ནང་ཁུལ་གྱི་གསོ་སྦྱོང་དང་ཞིང་ཆེན་གཞན་གྱི་གསོ་སྦྱོང་ཟུང་འབྲེལ་བྱེད་པ། གཅིག་སྡུད་སློབ་སྦྱོང་དང་རང་སྦྱོང་ཟུང་འབྲེལ་བཅས་བྱས་ཏེ་གྲུབ་ཆ་ཅན་གྱི་བགྲོ་གླེང་དང་། དཔེ་མཚོན་རྣམ་པའི་སློབ་ཁྲིད། “མིག་ཤེལ་བཞིའི”བཅའ་ཁྲིམས་སློབ་ཁྲིད་སོགས་ཀྱི་སློབ་ཁྲིད་བྱེད་ཐབས་སྣ་ཚོགས་སྤྱད་པ་མ་ཟད་རང་སྦྱོང་དང་། ཟུར་ཁྲིད། བགྲོ་གླེང་། སྤེལ་རེས་སོགས་ཀྱི་རྣམ་པའི་ཐོག་ནས་ཏང་གི་གཞི་རྩའི་རིགས་པའི་གཞུང་ལུགས་དང་། ཏང་གཤིས་སློབ་གསོ། བྱེད་ཐབས་གལ་ཆེན་དང་ཐབས་ཇུས། མཚོ་སྔོན་ཞིང་ཆེན་གྱི་གནས་ཚུལ། ལས་བྱེད་པའི་ནུས་པ་མཐོ་རུ་གཏོང་བ་བཅས་ཀྱི་སློབ་ཚན་དང་སློབ་ཁྲིད་ནང་དོན་ཇེ་ལེགས་སུ་བཏང་ཡོད། རྫོང་དང་ཁྲུའུ་རིམ་པའི་མི་རིགས་ལས་བྱེད་པའི་གསོ་སྦྱོང་འཛིན་གྲྭ་ནི་མཚོ་སྔོན་ཞིང་ཆེན་གྱི་ལས་བྱེད་པའི་སློབ་གསོ་གསོ་སྦྱོང་གི་གཙོ་གནད་འཛིན་གྲྭ་ཞིག་ཡིན་ལ། 2007ལོ་ནས་བཟུང་བསྟུད་མར་ཐེངས15ལ་བསྒྲུབས། དེའི་དམིགས་ཡུལ་ནི་མཚོ་སྔོན་ཞིང་ཆེན་གྱི་རྫོང་དང་ཁྲུའུ་རིམ་པའི་མི་རིགས་ལས་བྱེད་པས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པར་སློབ་གསོ་ཁྲིད་སྟོན་བྱས་ནས“ཁ་བྲལ་ཐབས་མེད་པ་གསུམ་གྱི་བསམ་བློ”དང་། “གཅིག་གྱུར་གྱི་ངོས་འཛིན་བཞི” །“སྲུང་སྐྱོང་ལྔའི”འདུ་ཤེས་ཇེ་ཟབ་ཏུ་བཏང་ནས། མི་རིགས་བྱ་བ་ལེགས་པར་སྒྲུབ་པའི་ཆུ་ཚད་དང་མི་རིགས་ས་ཁུལ་གྱི་ཆུ་ཚད་མཐོ་རུ་གཏོང་བ་དང་། མི་རིགས་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ནུས་པ་རྒྱུན་ཆད་མེད་པར་མཐོ་རུ་གཏོང་རྒྱུ་དེ་རེད། །

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།