ཀྲུང་གོ་བོད་ཀྱི་དྲ་བ།

“བཟོ་སྐྲུན་ལྔ”ཡིས་མཚོ་སྔོན་གྱི་གཞུང་ལམ་འགྲིམ་འགྲུལ་གྱི་རྨང་གཞི་སྒྲིག་ཆས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རིག་ལྡན་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2022-08-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ7པའི་ཚེས28ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་ནས་ཤེས་གསལ་ལྟར་ན། མཚོ་སྔོན་ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་མ་ལག་གིས་“འཐབ་ཇུས་བཟོ་སྐྲུན”དང“དམངས་འཚོ་བཟོ་སྐྲུན”། “སྤུས་ཚད་བཟོ་སྐྲུན”།“བདེ་འཇགས་བཟོ་སྐྲུན”།“སྐྱེ་ཁམས་བཟོ་སྐྲུན”གསར་སྐྲུན་བྱས་ནས།སྟ བས་བདེ་ཤར་གཏོང་དང་དཔལ་འབྱོར་ནུས་མཐོ། ལྗང་མདོག་གཅིག་བསྡུས། རིག་ནུས་སྔོན་ཐོན། བདེ་འཇགས་ཡིད་རྟོན་བཅས་ཀྱི་གཞུང་ལམ་འགྲིམ་འགྲུལ་སྐྱེལ་འདྲེན་གྱི་རྣམ་པ་གསར་བའི་རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད“སྔོན་བསྐྱོད”ཀྱི་བྱེད་ནུས་འདོན་སྤེལ་བྱས། 

རྒྱུས་ལོན་པ་ལྟར་ན། “འཐབ་ཇུས་བཟོ་སྐྲུན”གྱིས་འགྲིམ་འགྲུལ་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་ཐབས་ཇུས་གལ་ཆེན་དང་དམ་དུ་འབྲེལ་ཏེ། མགྱོགས་མྱུར་ངང་ཞིང་ཆེན་ཡོངས་ཀྱི་ཕྱོགས་བསྡུས་ལངས་གཟུགས་འགྲིམ་འགྲུལ་དྲ་བ་འཛུགས་སྒྲུབ་བྱེད་པ་དང་། ཧུར་ཐག་གིས་བགྲོད་ལམ་ཆེ་ཤོས་གསར་སྐྲུན་དང་། ས་ཁོངས་འགྲིམ་འགྲུལ་མཐུན་སྦྱོར་འཕེལ་རྒྱས་ལ་ཤུགས་བསྣན་ཏེ། ཟི་ལིང་དང་མཚོ་ཤར་འགྲིམ་འགྲུལ་གཞི་གཅིག་ཅན་གྱི་མྱུར་ཚད་ལ་སྐུལ་འདེད་དང་། སྤྱིར་བཏང་གི་རྒྱལ་ལམ་ཤར་གཏོང་བྱེད་པར་སྒུག་པ་དང་། “མི་ལེགས”པའི་ལམ་མཚམས་ཤར་གཏོང་བྱས་ཏེ། ཁྱོན་ཡོངས་ནས་འགྲིམ་འགྲུལ་སྐྱེལ་འདྲེན་གྱིས་འཐབ་ཇུས་གཙོ་བོའི་ཞབས་ཞུ་འགན་སྲུང་ནུས་ཤུགས་མཐོར་འདེགས་སུ་བཏང་། “དམངས་འཚོ་བཟོ་སྐྲུན”གྱིས་འགྲིམ་འགྲུལ་འཛུགས་སྐྲུན་ལས་གཞི་སྔར་ལས་མང་པོ་དུད་ཁྱིམ་དུ་ཕྱོགས་པར་སྐུལ་འདེད་གཏོང་བ་དང་། ཞིང་སྡེའི་དངོས་ཟོག་འཁོར་རྒྱུག་ཞབས་ཞུའི་ཆུ་ཚད་མཐོར་འདེགས། “བཞི་བཟང་ཞིང་སྡེ་གཞུང་ལམ”གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས། གཞུང་ལམ་འགྲིམ་འགྲུལ་གྱི་ཞབས་ཞུའི་ནུས་ཤུགས་དང་བདེ་འཇགས་ཆུ་ཚད། དོ་དམ་ཆུ་ཚད་དང་ཞབས་ཞུའི་སྤུས་ཚད་མཐོར་འདེགས་སུ་བཏང་སྟེ། ཁྱོན་ཡོངས་ནས་གྲོང་གསེབ་དར་སྤེལ་འཐབ་ཇུས་དང་ཞིང་ལས་ཞིང་སྡེ་དེང་རབས་ཅན་གྱི་འཕེལ་རྒྱས་ལ་རྨང་གཞི་སྲ་བརྟན་དུ་བཏིང་། “སྤུས་ཚད་བཟོ་སྐྲུན”གྱིས་ལག་རྩལ་གསར་བ་དང་རྒྱུ་ཆ་གསར་བའི་གཅིག་བསྡུས་བེད་སྤྱོད་ཤུགས་ཆེར་གཏོང་བ་དང་། བཟོ་སྐྲུན་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས། སྔོན་འགོག་རང་བཞིན་གྱི་བདག་སྐྱོང་ཤུགས་དྲག་ཏུ་བཏང་སྟེ། རྨང་གཞི་སྒྲིག་ཆས་འཁོར་རྒྱུག་ལྟ་ཞིབ་ཚད་ལེན་མ་ལག་འཛུགས་སྒྲུབ་བྱས་ཏེ། བཟོ་སྐྲུན་འཛུགས་སྐྲུན་གྱི་བཟོ་ལས་ཅན་དང་རིག་ནུས་ཅན། ལྗང་མདོག་ཅན་གྱི་ཆུ་ཚད་མཐོར་འདེགས་སུ་གཏོང་བ་དང་། ཞིང་ཆེན་ཡོངས་ཀྱི་གཞུང་ལམ་བཟོ་སྐྲུན་སྤུས་ཚད་དོ་དམ་ཚོད་འཛིན་ཆུ་ཚད་སྔར་ལས་མཐོར་འདེགས་སུ་བཏང་། “བདེ་འཇགས་བཟོ་སྐྲུན”གྱིས་བཟོ་སྐྲུན་འཛུགས་སྐྲུན་ལས་གཞི་བདེ་འཇགས་ལྟ་སྐུལ་དོ་དམ་ཤུགས་དྲག་ཏུ་གཏོང་བ་དང་། བཟོ་སྐྲུན་ཡུལ་དངོས་དང་སྡོད་སའི་བདེ་འཇགས་དོ་དམ་ལ་ཤུགས་བསྣན་ནས། “གཞུང་ལམ་དང་ཆུ་ལམ་བཟོ་སྐྲུན་སྤུས་ཚད་བདེ་འཇགས་དམར་ཐིག”ཆེད་སྤྱོད་ཀྱི་བྱ་འགུལ་སྤེལ་བ་དང་། ཉེན་ཁ་ཆེ་བའི་བཟོ་སྐྲུན་གོ་རིམ་གྱི་ལས་གཉེར་བདེ་འཇགས་དོ་དམ་ཚོད་འཛིན་ཤུགས་དྲག་ཏུ་བཏང་། “སྐྱེ་ཁམས་བཟོ་སྐྲུན”འགྲིམ་འགྲུལ་རྨང་གཞི་སྒྲིག་ཆས་བར་སྟོང་བཀོད་སྒྲིག་ཇེ་ལེགས་སུ་གཏོང་བ་དང་། སྐྱེ་ཁམས་ཁོར་སྲུང་འདུ་ཤེས་དེ་འགྲིམ་འགྲུལ་རྨང་གཞི་སྒྲིག་ཆས་འཆར་འགོད་དང་འཛུགས་སྐྲུན། འཁོར་རྒྱུག་དང་སྲུང་སྐྱོང་གི་གོ་རིམ་ཧྲིལ་བོར་སྦྲེལ་ཏེ། སྐྱེ་ཁམས་སྲུང་སྐྱོང་དམར་ཐིག་གྲུབ་པ་དང་མཐུན་སྦྱོར་ལ་སྐུལ་འདེད་གཏོང་བ་དང་། ཐོན་ཁུངས་ཁོར་ཡུག་འདེགས་ཤུགས་འཚམས་པའི་ཕྱོགས་བསྡུས་ལངས་གཟུགས་འགྲིམ་འགྲུལ་དྲ་བ་གྲུབ་པ་དང་། “ལྗང་མདོག”དེ་འགྲིམ་འགྲུལ་སྐྱེལ་འདྲེན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཁ་དོག་ཏུ་འགྱུར་བར་བྱེད་རྒྱུ་རེད། ། 

རྩོམ་སྒྲིག་པ། : རིག་ལྡན་རྒྱ་མཚོ།