ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཡོངས་སྤྱི་བདེ་སྡེ་ཁག་གི་དཔའ་བོའི་དཔེ་ལེགས་བྱས་རྗེས་ཀྱི་ཐུན་མོང་གི་མཚོ་སྔོན་འཐུས་ཚབ་ཚོགས་པའི་སྔོན་ཐོན་མཛད་རྗེས་སྙན་ཞུ་ཚོགས་འདུ་ཟི་ལིང་དུ་བསྡུས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རིག་ལྡན་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2022-08-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། རྒྱལ་ཡོངས་སྤྱི་བདེ་སྡེ་ཁག་གི་དཔའ་བོའི་དཔེ་ལེགས་བྱས་རྗེས་ཀྱི་ཐུན་མོང་ལ་གཟེངས་རྟགས་གནང་བའི་ཚོགས་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་། མྱུར་དུ་སློབ་སྦྱོང་གི་ཚ་རླབས་འཕྱུར་བར་བྱས་ཏེ། དཔེ་མཚོན་སྣེ་ཁྲིད་ཀྱི་བྱེད་ནུས་བཏོན་ནས། སྟོབས་ཤུགས་ཡོད་རྒུས་རྒྱལ་ཁབ་ཀྱི་ཆབ་སྲིད་བདེ་འཇགས་དང་སྤྱི་ཚོགས་གཏན་འཇགས་ཀྱི་བྱ་བ་སོ་སོ་ལེགས་པོར་སྒྲུབ་ཆེད། ཟླ8པའི་ཚེས1ཉིན་གྱི་ཕྱི་དྲོར། རྒྱལ་ཡོངས་སྤྱི་བདེ་སྡེ་ཁག་གི་དཔའ་བོའི་དཔེ་ལེགས་བྱས་རྗེས་ཀྱི་ཐུན་མོང་གི་མཚོ་སྔོན་འཐུས་ཚབ་ཚོགས་པའི་སྔོན་ཐོན་མཛད་རྗེས་སྙན་ཞུ་ཚོགས་འདུ་ཟི་ལིང་དུ་བསྡུས།

གཞི་རིམ་ཡུལ་དངོས་དང་པོ་ནས་ཐོན་པའི་སྙན་ཞུ་བ10ཡིས་རིམ་པ་བཞིན་རྒྱལ་ཡོངས་དམིགས་བསལ་ཕུལ་བྱུང་མི་དམངས་ཉེན་རྟོག་པའམ་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་སྤྱི་བདེ་ཅུའུ་ཉེས་དོན་ཉེན་རྟོག་ཡན་ལག་རུ་ཁག་གི་རུ་གཙོ་གཞོན་པ་ཞིན་ཅིན་ཆིན། རྒྱལ་ཡོངས་སྤྱི་བདེ་ལས་ཁུངས་དམངས་གཅེས་དཔེ་ལེགས་ཐུན་མོང་ངམ་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་སྤྱི་བདེ་ཅུའུ་དམིགས་བསལ་ཉེན་རྟོག་ཡན་ལག་རུ་ཁག རྒྱལ་ཡོངས་ཕུལ་བྱུང་སྤྱི་བདེ་གཞི་རིམ་ལས་ཁུངས་སམ་མཚོ་སྔོན་ཞིང་ཆེན་སྤྱི་བདེ་ཐིང་ནགས་ཚལ(རྒྱལ་ཁབ་སྤྱི་གླིང)ཉེན་རྟོག་སྤྱི་ཁྱབ་རུ་ཁག་མདོ་ལ་རི་བོའི་རྒྱལ་ཁབ་ནགས་ཚལ་སྤྱི་བདེ་ཅུའུ། རྒྱལ་ཡོངས་ཕུལ་བྱུང་སྤྱི་བདེ་གཞི་རིམ་ལས་ཁུངས་སམ་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ན་གོར་མོ་གྲོང་ཁྱེར་སྤྱི་བདེ་ཅུའུ་ཉེས་དོན་ཉེན་རྟོག་ཡན་ལག་རུ་ཁག རྒྱལ་ཡོངས་ཕུལ་བྱུང་མི་དམངས་ཉེན་རྟོག་པའམ་ཟི་ལིང་གྲོང་ཁྱེར་སྤྱི་བདེ་ཅུའུ་མཁར་ནུབ་ཡན་ལག་དུག་འགོག་ཉེན་རྟོག་རུ་ཆེན་གྱི་རུ་གཙོ་ལའོ་ལིན་ཧྥ། རྒྱལ་ཡོངས་དཔེ་ལེགས་སྤྱི་བདེ་ལས་ཁུངས་སམ་མཚོ་བོད་ལྕགས་ལམ་སྤྱི་བདེ་ཅུའུ་ན་གོར་མོ་སྤྱི་བདེ་ཁྲུའུ་དམར་ཆུ་མངགས་གཏོང་ཁང་། རྒྱལ་ཡོངས་སྤྱི་བདེ་ལས་ཁུངས་དམངས་གཅེས་དཔེ་ལེགས་ཐུན་མོང་ངམ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧོ་རྫོང་སྤྱི་བདེ་ཅུའུ་རྨ་ཤར་མངགས་གཏོང་ཁང་། རྒྱལ་ཡོངས་ཕུལ་བྱུང་སྤྱི་བདེ་གཞི་རིམ་ལས་ཁུངས་སམ་མཚོ་ཤར་གྲོང་ཁྱེར་ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་སྤྱི་བདེ་ཅུའུ་ཝའེ་ཡོན་གྲོང་རྡལ་མངགས་གཏོང་ཁང་། རྒྱལ་ཡོངས་ཕུལ་བྱུང་མི་དམངས་ཉེན་རྟོག་པའམ་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གཅན་ཚ་རྫོང་སྤྱི་བདེ་ཅུའུ་ཁྲིམས་སྐྱོང་རུ་ཆེན་གྱི་རུ་གཙོ་ཀྲང་ཡུས་ཏུང་། རྒྱལ་ཡོངས་ཕུལ་བྱུང་སྤྱི་བདེ་ཅུའུའམ་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དགའ་བདེ་རྫོང་སྤྱི་བདེ་ཅུའུ་བཅས་ཀྱིས་སྔོན་ཐོན་མཛད་རྗེས་ཞིབ་བརྗོད་བྱས། ཁོ་ཚོས་བབ་ཆགས་པའི་སྐད་ཆ་དང་། བརྩེ་བ་ཟབ་མོས། རང་ཞིང་གི་རྒྱ་ཆེའི་མི་དམངས་ཉེན་རྟོག་པ་དང་། ཉེན་རྟོག་པའི་ལག་རོགས་པའི་མདུན་བསྐྱོད་ཀྱི་གོམ་སྟབས་གསར་བ་དང་། དུས་རབས་གསར་བར་བྱས་རྗེས་འཇོག་པའི་ཡིད་ཆེས་དང་ཆོད་སེམས་བརྒྱུད་བསྐུར་བྱས་པ་དང་། ཡུལ་དངོས་ཀྱི་ཉན་མཁན་ཚོར་སྐུལ་ལྕག་ཆེན་པོ་ཐེབས།། 

རྩོམ་སྒྲིག་པ། : རིག་ལྡན་རྒྱ་མཚོ།