ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་ཡོངས་སུ་མཁར་གྲོང་གི་ལས་ཞུགས་མི་གྲངས་ཁྲི3.6ཡན་གསར་སྣོན་བྱུང་ནས་ལོ་སྟོད་ལ་མཚོ་སྔོན་གྱི་ལས་ཞུགས་གནས་བབ་གཏན་འཇགས་ངང་ལེགས་པོའི་ཕྱོགས་སུ་བསྐྱོད།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རིག་ལྡན་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2022-08-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ད་ལོའི་ཚུན་ལ། མཚོ་སྔོན་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་གིས་ཧུར་ཐག་གིས་དཔལ་འབྱོར་སྲིད་ཇུས་བྱེད་ཐབས་གཏན་འཇགས་དང“རིམས་ནད་བཀག་ནས་ལས་ཞུགས་གཏན་འཇགས”སུ་གཏོང་བའི་བཀོད་སྒྲིག་བླང་བྱ་དོན་འཁྱོལ་བྱས་ཏེ། ལས་ཞུགས་གསར་སྐྲུན་གྱི་སྤུས་ཚད་མཐོར་འདེགས་བཟོ་སྐྲུན་ལག་བསྟར་དང་དམ་དུ་འབྲེལ་བ་དང་། ལས་ཞུགས་སྲིད་ཇུས་དོན་འཁྱོལ་དང་ལས་གནས་གཏན་འཇགས། གཙོ་གནད་ཚོགས་པའི་ལས་ཞུགས་ལ་འགན་སྲུང་བྱེད་པ། སྤྱི་བའི་ལས་ཞུགས་ཞབས་ཞུ་ཇེ་ལེགས་སུ་གཏོང་བ། ལས་ཞུགས་གནས་བབ་ཀྱི་ལྟ་སྐུལ་ཚད་ལེན་ཇེ་དྲག་ཏུ་གཏོང་བ་བཅས་བྱས་ནས། ལས་ཞུགས་གསར་སྐྲུན་གྱི་སྤུས་ཚད་མཐོར་འདེགས་བཟོ་སྐྲུན་ལ་ཐོག་མའི་ཕན་འབྲས་ཐོབ། ལོ་སྟོད་དུ་ཞིང་ཆེན་ཡོངས་སུ་མཁར་གྲོང་གི་ལས་ཞུགས་མི་གྲངས་ཁྲི3.6མངོན་འགྱུར་བྱུང་བ་དང་། རོང་འབྲོག་ཁུལ་གྱི་ངལ་རྩོལ་ནུས་ཤུགས་གནས་སྤོར་ལས་ཞུགས་བྱས་པ་མི་ཁྲི77.23ལ་སླེབས་པ་དང་། ས་ཞུགས་གནས་བབ་གཏན་འཇགས་ངང་ལེགས་པའི་ཕྱོགས་སུ་བསྐྱོད་ཡོད། 

ལས་ཞུགས་བྱ་བ་བདེ་བླག་ངང་སྐུལ་འདེད་གཏོང་བར་ཁག་ཐེག་བྱ་ཆེད། ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་གིས་ལས་ཞུགས་གསར་སྐྲུན་གྱི་སྤུས་ཚད་མཐོར་འདེགས་བཟོ་སྐྲུན་གྱི་སྤྱིའི་སྙོམས་སྒྲིག་དང་། ཐོན་ལས་འཕེལ་རྒྱས་ལས་གནས་རྒྱ་བསྐྱེད་ལག་བསྟར་བྱས་ཏེ། ཁེ་ལས་ཀྱི་དཀའ་ཁག་སེལ་རོགས་དང་ལས་གནས་གཏན་འཇགས་སོགས་ཀྱི་བྱེད་སྟངས་སྣ9ཡི་བྱེ་བྲག་གི་བྱེད་ཐབས44ཡིས། སྟོབས་ཤུགས་ཡོད་རྒུས་ལས་ཞུགས་གསར་སྐྲུན་བྱ་བ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ་དང་། སྟོབས་ཤུགས་ཡོད་རྒུས་ལས་ཞུགས་གསར་སྐྲུན་བྱ་བའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་། ལས་སྐྲུན་བསྐྱར་སྐྲུན་ལ་དམིགས་ཏེ། ཁེ་ལས་ཀྱི་ལས་བཀོལ་དགོས་མཁོའི་རྟོག་ཞིབ་བྱ་བ་སྤེལ་ཏེ། “ཁེ་ལས་གཅིག་ལ་སྲིད་ཇུས་གཅིག”གི་དམིགས་གཏད་རང་བཞིན་གྱི་ཞབས་ཞུ་བྱས་ནས། “གཅིག་གིས་གཅིག”ལ་ཞབས་ཞུ་སྒྲུབ་པའི་འགན་སྲུང་ལས་བཀོལ་དང་། གནད་ཁེལ་སྒོས་ཁེ་ལས་ཀྱི་མི་བཀོལ་དགོས་མཁོ་མི་ཐེངས་ཁྲི1.3ཐག་བཅད། མགྱོགས་མྱུར་ངང་སྤྱི་ཚོགས་འགན་སྲུང་འགྲོ་གྲོན“ཕྱིར་སྤྲོད་པ་དང་། འགོར་འགྱངས་བྱེད་པ། མར་ཆག་པ། རྒྱ་བསྐྱེད་པ། ཁ་གསབ”བཅས་ཀྱི་སྲིད་ཇུས་བཏོན་ནས། ལས་གནས་གཏན་འཇགས་ཕྱིར་སྤྲོད་མ་དངུལ་སྒོར་དུང་ཕྱུར2.1བཏང་ནས་“གྲངས་ཀ་གཏན་འཁེལ་བྱས་ཏེ་ཐད་ཀར་སྟེར་བ”ནས་དུད་ཁྱིམ12729ཡི་རྩིས་ཐོ་ཐོག་བྱིན་ཏེ། གོ་རིམ་ཧྲིལ་བོར“རེ་ཞུ་མེད་པ་དང་། འདུར་རྒྱུག་བྱེད་མི་དགོས་པ། འགྲེམ་གཏོང་མགྱོགས་པ”བཅས་མངོན་འགྱུར་བྱུང་སྟེ། ལས་གནས་ལས་རྐང་ཁྲི36.13གཏན་འཇགས་སུ་བཏང་། 

“12+N”སྤྱི་བའི་ལས་ཞུགས་ཞབས་ཞུ་དང་“ཐད་གཏོང་དུ་ལས་གནས་ཁྱེར་ཡོང་བའི”བྱ་འགུལ་སྤེལ་བ་དང་། དྲ་ཐོག་དང་ཡུལ་དངོས་ཟུང་འབྲེལ་གྱིས་ཁྱོན་རིགས་སོ་སོའི་བསྡུ་ལེན་བྱ་འགུལ358སྤེལ་བ་དང་། ཁེ་ལས4376རྩ་འཛུགས་བྱས་ཏེ་ལས་གནས་ཁྲི14.6མཁོ་འདོན་བྱས་ཤིང་། ལས་ཞུགས་གྲོས་གཞི་མི་ཐེངས་ཁྲི1.15ལ་མིང་རྟགས་བཀོད། “རྩལ་ནུས་ཀྲུང་གོའི་མཚོ་སྔོན་དུ་བསྐྱོད་པ”ལག་བསྟར་བྱས་ནས། ངལ་རྩོལ་བའི་ཆེད་ལས་རྩལ་ནུས་ཆུ་ཚད་དང་ལས་ཞུགས་གསར་སྐྲུན་ནུས་ཤུགས་མཐོར་འདེགས་སུ་གཏོང་བ་དང་། ཁ་གསབ་རང་བཞིན་གྱི་ཆེད་ལས་རྩལ་ནུས་གསོ་སྦྱོང་མི་ཐེངས་ཁྲི4.5རྩ་འཛུགས་བྱས། དེ་མིན། དབུལ་ཐར་ངལ་རྩོལ་ནུས་ཤུགས་སོགས་ཀྱི་རོང་འབྲོག་ཁུལ་གྱི་ངལ་རྩོལ་ནུས་ཤུགས་ཀྱི་གཙོ་གནད་ཚོགས་པ་འབུར་ཐོན་དུ་བྱས་ཏེ། “མཚོ་སྔོན་ཕྱེ་ཐུག”དང“མཚོ་སྔོན་འཚེམ་དྲུབ”“འཕང་འབྲས”སོགས་ཁྱད་ལྡན་ངལ་རྩོལ་ཟོང་རྟགས་ཀྱིས་ལས་ཞུགས་ནུས་ཤུགས་མཐོར་འདེགས་སུ་བཏང་ནས། ཞིང་བ་ལས་བཟོ་བའི་གནས་སྤོར་ལས་ཞུགས་གཞི་ཁྱོན་མུ་མཐུད་དུ་རྒྱ་བསྐྱེད་བར་སྐུལ་འདེད་བཏང་།། 

རྩོམ་སྒྲིག་པ། : རིག་ལྡན་རྒྱ་མཚོ།