ཀྲུང་གོ་བོད་ཀྱི་དྲ་བ།

མདོ་ལ་རི་བོའི་རྩྭ་ཐང་ཡུལ་སྲོལ་སྐྱེ་ཁམས་རིག་གནས་གནས་སྐོར་མུ་འབྲེལ་བྱ་འགུལ་མགོ་བརྩམས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རིག་ལྡན་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2022-07-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ7པའི་ཚེས27ཉིན། མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ཆི་ལེན་རྫོང་མདོ་ལ་རི་བོའི་རྩྭ་ཐང་ཡུལ་སྲོལ་སྐྱེ་ཁམས་རིག་གནས་གནས་སྐོར་བྱ་འགུལ་དང་པ་པའོ་གྲོང་རྡལ་སྐབས9བའི་དབྱི་སི་ལན་ཟས་རིགས་འོས་སྦྱོར་ཚོགས་འདུ་པ་པའོ་གྲོང་རྡལ་དུ་མགོ་བརྩམས།

ཐེངས་འདིའི་བྱ་འགུལ་གྱིས་རྩྭ་ཐང་སྐྱེ་ཁམས་གཙོར་འཛིན་པ་དང་། དབྱི་སི་ལན་ཟས་རིགས་དྲིལ་སྒྲོག་བྱེད་པ། སྔར་ལས་ཡངས་པའི་ཁྱབ་ཁོངས་དང་ཚད་གཞི་མཐོ་བ། རིམ་པ་མཐོ་བའི་སྒོ་ནས་མདོ་ལའི་གནས་སྐོར་ཟོང་རྟགས་འོས་སྦྱོར་བྱ་རྒྱུ་རེད། བྱ་འགུལ་ལ་“ཤང་དང་གྲོང་རྡལ་རེར་ཟོང་རྟགས་རེའི”བྱ་འགུལ་འདུ་བ་དང་། རིག་གནས་དང་ཡུལ་སྐོར། ལུས་རྩལ་མཉམ་འདྲེས་འཕེལ་རྒྱས་ཀྱི་རྣམ་པས་ཆི་ལེན་གྱི་གནས་སྐོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་རེད།

ཉེ་བའི་ལོ་ཤས་རིང་། ཆི་ལེན་རྫོང་གིས་སྐྱེ་ཁམས་སྲོག་ཤིང་དང་རིག་གནས་རྨང་གཞིར་བྱེད་པ། ཡུལ་སྐོར་གཞི་གཅིག་རྒྱུན་འཁྱོངས་བྱས་ཏེ། ཧུར་ཐག་གིས“རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱེད་ས་གསར་སྐྲུན”གྱི་འཕེལ་རྒྱས་རྣམ་པས། རྫོང་ཁོངས་ཀྱི་མཚར་སྡུག་གི་རི་ཆུ་དང་ཐུན་མིན་གྱི་ས་ཁོངས་རིག་གནས། ཕུན་སུམ་ཚོགས་པའི་དམངས་སྲོལ་བཅས་ལ་བརྟེན་ནས། འཆར་འགོད་མཐོ་ཤོས་དང་ཚད་གཞི་མཐོན་པོས་འཛུགས་སྐྲུན་བྱས་ཏེ། ས་ཁོངས་ཡོངས་དང་དུས་ཚིགས་ཡོངས་ཀྱི་སྐྱེ་ཁམས་ཡུལ་སྐོར་ལ་སྐུལ་འདེད་དང་། ཡུལ་སྐོར་རྨང་གཞི་སྒྲིག་ཆས་མུ་མཐུད་དུ་འཐུས་ཚང་དུ་བཏང་ནས། གནས་སྐོར་ཐོན་ལས་ཀྱི་གཞོགས་འདེགས་ནུས་པ་མངོན་གསལ་གྱིས་ཇེ་མཐོར་སོང་ཞིང་། ས་ཁོངས་ཟོང་རྟགས་ཀྱི་ཤན་ཤུགས་ཀྱང་མངོན་གསལ་གྱི་མཐོ་རུ་ཕྱིན་ནས། གནས་སྐོར་གྱིས་སྐྱེ་ཁམས་དཔལ་ཡོན་མཐོ་ས་འཛུགས་སྐྲུན་གྱི་གོམ་སྟབས་ཇེ་མགྱོགས་སུ་བཏང་སྟེ། རྫོང་ཡོངས་ཀྱི་གནས་སྐོར་ཐོན་ལས་ཀྱི་རྣམ་པ་ལེགས་པོ་མངོན།།

རྩོམ་སྒྲིག་པ། : རིག་ལྡན་རྒྱ་མཚོ།