ཀྲུང་གོ་བོད་ཀྱི་དྲ་བ།

ཡུས་ཧྲུའུ་ཁུལ་གྱིས་སྐབས9བའི་ནོར་ནག་ཐོན་ལས་མཐོ་རིམ་གླེང་སྟེགས་བསྡུས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རིག་ལྡན་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2022-07-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ7པའི་ཚེས21ཉིན། མཚོ་སྔོན་ཞིང་ཆེན་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཞིང་ཕྱུགས་ཚན་རྩལ་ཅུའུ་ཡིས་གཙོ་སྒྲུབ་བྱས་པའི་སྐབས9བའི་ནོར་ནག་ཐོན་ལས་མཐོ་རིམ་གླེང་སྟེགས་ཡུས་ཧྲུའུ་གྲོང་ཁྱེར་དུ་བསྡུས། 

ནོར་ནག་བཤད་ནས་འཕེལ་རྒྱས་གླེང་། གླེང་སྟེགས་སྟེང་། ཞིང་ཆེན་ཕྱི་ནང་གི་ཆེད་མཁས་པ20ལྷག་དང་ཚོགས་ཞུགས་མི་སྣས་གླེང་སྟེགས་ཀྱི་བརྗོད་དོན་དང་འབྲེལ་ཏེ། རིག་གནས་དང་ཐོན་ལས་གླེང་བ་དང་།རང་སྟེང་གི་ལག་ལེན་ལ་ཟུང་འབྲེལ་སྒོས། ཟུར་སྣེ་མི་འདྲ་བ་ནས་ཡུས་ཧྲུའུ་ཡི་གྲོང་གསེབ་དར་སྤེལ་དང་ནོར་ནག་ཐོན་ལས་འཕེལ་རྒྱས་གླེང་བ་དང་། མཉམ་དུ་ཕྱུགས་འཚོ་བའི་རིག་གནས་དང་ནོར་ནག་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་ཀྱི་མདུན་ལྗོངས་གླེང་། ཁུལ་དང་རྫོང་། ཤང60ལྷག་གི་རིམ་པ་གསུམ་གྱི་ལས་བྱེད་པ་ལྷན་གཅིག་ཏུ་འཛོམས་ནས། དེང་རབས་ཞིང་ཕྱུགས་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཇུས་ཆེན་ལ་འཆར་འགོད་བྱས། དུས་མཚུངས་སུ། སྐྱེ་ཁམས་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང36ཡི་དཔེ་སྟོན་ལས་འཛིན་མགོ་གཙོ་དང་། ཞིང་ཆེན་དང་ཁུལ་རིམ་པའི་སྣེ་ཁྲིད་ཁེ་ལས17གྱི་འགན་ཁུར་བ་གླེང་སྟེགས་སུ་ཞུགས་ཏེ། སྙན་ཞུར་ཉན་ནས་སྲིད་ཇུས་དང་རྗེས་མའི་ཁ་ཕྱོགས་ཁོང་དུ་ཆུད་པར་བྱས།

ཉེ་བའི་ལོ་ཤས་རིང་། ཡུས་ཧྲུའུ་ཁུལ་གྱིས་ཡུས་ཧྲུའུ་ནོར་ནག་ས་ཁོངས་སྤྱི་བའི་ཟོང་རྟགས་གསར་སྐྲུན་དང་། ནོར་ནག་ཐོན་ལས་གཞི་ཁྱོན་ཅན་དང་ཚད་ལྡན་ཅན། ཟོང་རྟགས་ཅན་གྱི་ཐད་ཤུགས་བསྣན་ཏེ། སྟོབས་ཤུགས་ཡོད་རྒུས་ལྗང་མདོག་བཅུད་ལྡན་ཞིང་ཕྱུགས་ལས་ཐོན་རྫས་ཕྱིར་གཏོང་བྱེད་སའི་མཁོ་འདོན་ཁུལ་གཙོ་བོ་དང་། ནོར་ནག་རྒྱུད་ལེགས་གསོ་སྐྱོང་ཁུལ། ནོར་ནག་རིག་གནས་སྲུང་སྐྱོང་རྒྱུན་འཛིན་ཁུལ་བཅས་གསར་སྐྲུན་བྱས་ཏེ། ཁྱོན་ཡོངས་ནས་ཡུས་ཧྲུའུ་ནོར་ནག་གིས་ཞིང་ཆེན་ཡོངས་དང་རྒྱལ་ཡོངས། ཐ་ན་འཛམ་གླིང་ནོར་ནག་ཐོན་ལས་ཁྲོད་ཀྱི་གོ་གནས་གལ་ཆེན་ཆགས་སུ་བཅུག “ཡུས་ཧྲུའུ་ནོར་ནག”དེ་ཞིང་ལས་པུའུ་སོགས་པུའུ་ཨུ9ཡིས་ཀྲུང་གོའི་ཁྱད་ལྡན་ཞིང་ལས་ཐོན་རྫས་དགེ་མཚན་ཁུལ་དུ་ངོས་ལེན་བྱས་ཤིང་། རྒྱལ་ཁབ་ཁྱིམ་ཕྱུགས་རྒྱུད་འདེད་ཐོན་ཁུངས་སྲུང་སྐྱོང་གི་མིང་བྱང་ཁྲོད་བཞག་པ་མ་ཟད། རྒྱལ་ཁབ་ཞིང་ལས་ཐོན་རྫས་ས་གཤིས་རྟགས་མཚན་ཐོ་འགོད་ཀྱི་དཔང་ཡིག་ཡང་ཐོབ་ཡོད། །

རྩོམ་སྒྲིག་པ། : རིག་ལྡན་རྒྱ་མཚོ།