ཟི་ལིང་གྲོང་ཁྱེར་གྱིས་སློབ་གསོའི་དྲིན་གཟོའི་བརྗོད་དོན་བྱ་འགུལ་ཆེན་པོ་བཅུ་མགོ་བརྩམས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ7པའི་ཚེས21ཉིན། ཟི་ལིང་གྲོང་ཁྱེར་གྱིས“ཚོགས་ཆེན་ཉི་ཤུ་བར་ལེགས་སྐྱེས་ཕུལ་ནས། བགྲོད་ལམ་གསར་བར་འབད་པས་བསྐྱོད”ཅེས་པའི་སློབ་གསོའི་དྲིན་གཟོའི་བརྗོད་དོན་བྱ་འགུལ་དངོས་སུ་མགོ་བརྩམས། བྱ་འགུལ་ལ་ཁྱོན་“མདུན་བསྐྱོད་ཀྱི་ལམ་བུར་འབད་པས་བསྐྱོད་དེ། བདེན་ལུགས་དྲིལ་སྒྲོག་བྱས་ཏེ་མ་འོངས་པར་ཕྱོགས”པའི་གཞུང་ལུགས་སྒྲོག་བཤད་དང་། “མདུན་བསྐྱོད་ཀྱི་ལམ་བུར་བསྐྱོད་དེ། དུས་རབས་གསར་བར་བྱས་རྗེས་འཇོག”ཅེས་པའི་བརྗོད་དོན་དྲིལ་སྒྲོག  “ཚོགས་ཆེན་ཉི་ཤུ་བར་དགའ་བས་བསུ་བ་དང་། རིག་གནས་མིང་བྱང་གསལ་བོར་བྱེད”པའི་རིག་གནས་བྱ་འགུལ་སོགས་ཀྱི་ནང་དོན་སྣ10ཡོད་པ་དང་། མགོ་བརྩམས་རྗེས་མུ་མཐུད་དུ་སྤེལ་ནས་ཟླ12པའི་ཟླ་མཇུག་བར་དུ་མཇུག་སྒྲིལ་རྒྱུ་རེད། 

ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ། ཟི་ལིང་གྲོང་ཁྱེར་གྱི་ཆབ་སྲིད་དང་དཔལ་འབྱོར། རིག་གནས། སྤྱི་ཚོགས། སྐྱེ་ཁམས་སོགས་ཁྱབ་ཁོངས་ཐད་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་བླངས་པ་དང་། ལོ་རྒྱུས་རང་བཞིན་གྱི་འགྱུར་ལྡོག་བྱུང་ཞིང་། གྲོང་ཁྱེར་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་ལས་དོན་འཕེལ་རྒྱས་ཐད་དུས་རིམ་གསར་བར་བསྐྱོད་པ་དང་ཐོལ་བརྒལ་གསར་བ་མངོན་འགྱུར་བྱུང་ལ། སྔ་གཞུག་ཏུ་རྒྱལ་ཡོངས་དཔལ་ཡོན་གྲོང་ཁྱེར་དང་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་གྲོང་ཁྱེར། རྒྱལ་ཁབ་འཕྲོད་བསྟེན་གྲོང་ཁྱེར། རྒྱལ་ཁབ་ནགས་ཚལ་གྲོང་ཁྱེར། བདེ་འཇགས་ཀྲུང་གོ་འཛུགས་སྐྲུན་དཔེ་སྟོན་གྲོང་ཁྱེར་སོགས་ཀྱི་མཚན་སྙན་ཐོབ་ཅིང་། དེང་རབས་དང་མཛེས་སྡུག བདེ་སྐྱིད་བཅས་ཀྱི་ཟི་ལིང་ཆེན་མོ་འཛུགས་སྐྲུན་གྱི་ལམ་བུ་གསར་བར་བསྐྱོད་བཞིན་ཡོད། 

ཐེངས་འདིའི་བརྗོད་དོན་བྱ་འགུལ་གྱིས“ཚོགས་ཆེན་ཉི་ཤུ་བར་ལེགས་སྐྱེས་ཕུལ་ནས། བགྲོད་ལམ་གསར་བར་འབད་པས་བསྐྱོད”ཅེས་པ་བརྗོད་དོན་དུ་བྱས་ཏེ། ཆེད་དོན“ཆེན་པོ་བཞི”ཡི་བྱ་འགུལ་གོ་སྐབས་སུ་འཛིན་པར་སྐུལ་འདེད་གཏོང་བ་དང་། རྣམ་པ་འདྲ་མིན་དང་ནང་དོན་ཕུན་སུམ་ཚོགས་པའི་བརྗོད་དོན་དྲིལ་སྒྲོག་སློབ་གསོའི་བྱ་འགུལ་སྤེལ་ཏེ། “རྒྱལ་ཁབ་སྟོབས་ལྡན་དང་དར་རྒྱས་ལ་ང་ཡོད”པའི་དུས་རབས་ཀྱི་འབོད་སྒྲ་བསྒྲགས་ནས། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་རླབས་ཆེའི་འཐབ་རྩོད་དང་རླབས་ཆེའི་བཟོ་སྐྲུན། རླབས་ཆེའི་ལས་དོན། རླབས་ཆེའི་ཕུགས་འདུན་བཅས་ལ་སྤྱི་འདོམས་བྱེད་པ་དྲིལ་སྒྲོག་དང་མངོན་པར་མཚོན་ནས། ཏང་དང་རྒྱལ་ཁབ་ཀྱི་ལས་དོན་ཐད་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་བླངས་པ་དང་ལོ་རྒྱུས་རང་བཞིན་གྱི་འགྱུར་ལྡོག་བྱུང་བར་སྐུལ་འདེད་བཏང་སྟེ། གྲོང་ཁྱེར་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱིས་དྲིན་གཟོ་ཡར་བརྩོན་དང་དཀའ་སྤྱད་འབད་འབུངས་བྱས་པའི་གཏམ་རྒྱུད་ལེགས་པོར་བརྗོད་ནས། རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་དང་དྲིན་གཟོའི་སློབ་གསོར་ཤུགས་བསྣན་ཏེ“དེང་རབས་ཅན་དྲུག་གི་མཚོ་སྔོན་གསར་བ”འཛུགས་སྐྲུན་ལ་དམིགས་པ་དང་། དཀའ་སྤྱད་ཀྱི་སྙིང་སྟོབས་དང་སྟོབས་ཤུགས་སྔར་ལས་གཅིག་སྒྲིལ་བྱེད་དགོས། ། 

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།