ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ7པའི་ཚེས25ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་མཁར་གྲོང་གི་རང་སྐྲུན་ཁང་བའི་བདེ་འཇགས་ཉེན་ཁའི་རྩད་ཞིབ་དང་ཆེད་དོན་བཅོས་སྐྱོང་བྱ་བའི(བརྙན་རིས)བཀོད་གཏོང་ཚོགས་འདུའི་སྟེང་རྒྱུས་ལོན་པ་ལྟར་ན། མཁར་གྲོང་གི་ཚོང་གཉེར་རང་བཞིན་གྱི་རང་སྐྲུན་ཁང་བའི་བདེ་འཇགས་ཆེད་དོན་བཅོས་སྐྱོང་གི“ཉིན་བརྒྱའི་བྱ་འགུལ”སྤེལ་བའི་ཚུན་ལ། ཞིང་ཆེན་ཡོངས་ཀྱི་ས་ཁུལ་དང་སྡེ་ཁག་སོ་སོས་གཙོ་གནད་དམིགས་འབེན་ལ་དམིགས་ཏེ། རྩ་འཛུགས་མགོ་ཁྲིད་ལ་ཤུགས་བསྣོན་དང་དྲིལ་སྒྲོག་སྣེ་ཁྲིད། རྩད་ཞིབ་བཅོས་སྐྱོང་། ལས་རིགས་ལྟ་སྐུལ་དོ་དམ་ཤུགས་དྲག་ཏུ་བཏང་སྟེ། རང་སྐྲུན་ཁང་བའི་བདེ་འཇགས་ཉེན་ཁའི་རྩད་ཞིབ་དང་ཆེད་དོན་བཅོས་སྐྱོང་བྱ་བ་སྤེལ་ནས་དུས་རིམ་རང་བཞིན་གྱི་ཕན་འབྲས་བླངས། ཐོག་མའི་ཞིབ་བཤེར་བྱས་པ་བརྒྱུད། ཟླ7པའི་ཚེས23ཉིན་བར། ཞིང་ཆེན་ཡོངས་ཀྱིས་མཁར་གྲོང་གི་ཚོང་གཉེར་རང་བཞིན་གྱི་རང་སྐྲུན་ཁང་བའི་རྩད་ཞིབ་བྱ་བ87.53%ལེགས་འགྲུབ་བྱས་ཟིན།
ས་གནས་དང་སྡེ་ཁག་སོ་སོས་ཞིང་ཆེན་སྲིད་གཞུང་གི་བྱ་བའི་བྱེད་ཐབས་ལྟར། གྲོང་ཁྱེར(ཁུལ)རིམ་པ་དང་རྫོང་རིམ་པའི་ལག་བསྟར་བྱེད་ཐབས་སྒྲིག་བཟོ་དང་བྱ་བའི་མགོ་ཁྲིད་ཚན་ཆུང་བཙུགས་ནས་བྱ་བའི་ཆེད་དོན་སྒྲིག་འཛུགས་བྱས་ཏེ། ཞིང་ཆེན་དང་གྲོང་ཁྱེར(ཁུལ)། རྫོང་། ཤང(གྲོང་རྡལ)བཅས་རིམ་པ་བཞིའི་བྱ་བའི་མགོ་ཁྲིད་ཚན་ཆུང་གི་མཉམ་འབྲེལ་སྒྲིག་སྲོལ་གྲུབ་ནས། རང་སྐྲུན་ཁང་བའི་བདེ་འཇགས་ཆེད་དོན་བཅོས་སྐྱོང་བྱ་བར་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་། དྲ་རྒྱ་དང་ཚགས་པར། སྐད་འཕྲིན་སྤྱི་སྟེགས་སོགས་རྣམ་པ་མང་པོའི་སྒོ་ནས་ཁང་བའི་བདེ་འཇགས་ཀྱི་ཚན་རིག་ཁྱབ་གདལ་སློབ་གསོ་བྱ་བ་སྤེལ་ཏེ།སྤྱི་ཚོགས་ཀྱི་ལས་རིགས་སོ་སོས་ཁང་བའི་བདེ་འཇགས་འདུ་ཤེས་མཐོར་འདེགས་དང་། མང་ཚོགས་ཀྱི་སྣེ་ཁྲིད་དེ་རང་སྐྲུན་ཁང་བའི་བདེ་འཇགས་ཆེད་དོན་བཅོས་སྐྱོང་བྱ་བར་མཐུན་སྦྱོར་རྒྱབ་སྐྱོར་བྱས་ནས། སྤྱི་ཚོགས་མང་ཚོགས་རྣམས་རང་སྐྲུན་ཁང་བའི་བདེ་འཇགས་ཆེད་དོན་བཅོས་སྐྱོང་བྱ་བ་ཤེས་པ་དང་རྒྱབ་སྐྱོར། དེའི་ནང་ཞུགས་པའི་ཁོར་ཡུག་ལེགས་པོ་ཞིག་གསར་སྐྲུན་བྱས། རྒྱལ་ཡོངས་ཀྱི་ཐེངས་དང་པོའི་རང་བྱུང་གནོད་འཚེའི་ཕྱོགས་བསྡུས་ཉེན་ཁའི་ཞིབ་བཤེར་ཁྱབ་གདལ་དང་། ཞིང་ཆེན་ཡོངས་ཀྱི་རོང་འབྲོག་ཁུལ་གྱི་ཁང་བའི་ཉེན་ཁའི་རྩད་ཞིབ་བཅོས་སྐྱོང་དང“སྒྲིག་འགལ”རྩད་ཞིབ་བྱ་བའི་ཕན་འབྲས་བེད་སྤྱད་དེ། བདེ་འཇགས་ཉེན་ཁའི་རང་སྐྲུན་ཁང་བར “དུད་ཁྱིམ་རེར་རྩད་ཞིབ་དང་དུད་ཁྱིམ་རེར་བཅོས་སྐྱོང་། དུད་ཁྱིམ་རེར་ཞིབ་བཤེར། དུད་ཁྱིམ་རེར་མེད་པར་བཟོ་བའི”རྩ་དོན་ལྟར། བཅོས་སྐྱོང་རྩིས་ཐོ་སྒྲིག་འཛུགས་དང་ཐོ་བསུབ་དོ་དམ་ལག་བསྟར་བྱས། །
རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།
མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་མཁར་གྲོང་གི་རང་སྐྲུན་ཁང་བའི་བདེ་འཇགས་ཆེད་དོན་བཅོས་སྐྱོང་བྱ་བར་དུས་རིམ་རང་བཞིན་གྱི་ཕན་འབྲས་བླངས།