ལིའུ་ཐའོ་ཡིས་མཚོ་ལྷོ་ཁུལ་དུ་དཔལ་འབྱོར་གཏན་འཇགས་བྱེད་ཐབས་དོན་འཁྱོལ་གནས་ཚུལ་ལ་རྟོག་ཞིབ་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ7པའི་ཚེས25ཉིན། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ལིའུ་ཐའོ་ཡིས་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་དུ་དཔལ་འབྱོར་གཏན་འཇགས་བྱེད་ཐབས་དོན་འཁྱོལ་གནས་ཚུལ་ལ་རྟོག་ཞིབ་བྱེད་སྐབས་ནན་གྱིས་བསྟན་དོན། ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་བའི་དགོངས་དོན་ལག་ལེན་དོན་འཁྱོལ་དང་། སྲིད་ཇུས་གོ་སྐབས་དང་ཕན་ནུས་ལྡན་པའི་གོ་སྐབས་དམ་འཛིན་བྱས་ཏེ། གཅིག་གྱུར་འཆར་འགོད་དང་སྔོན་ལ་ཞབས་ཕྱི། ཞིབ་ཚགས་ཀྱི་བྱེད་ཐབས་ཀྱིས། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་འགན་སྲུང་མཁོ་འདོན་བྱེད་དགོས་ཞེས་བསྟན། 

ལིའུ་ཐའོ་སྔ་གཞུག་ཏུ་ཆུ་གློག་ས་ཚིགས་ཀྱི་སྡོད་དམངས་གནས་སྤོར་བདེ་འགོད་བྱེད་ས་དང་། འོད་ནུས་གློག་འདོན་ཐོན་ལས་གླིང་ཁུལ། རྨོ་ཞིང“དོ་མཉམ”གྱི་ལས་གཞི་ཡུལ་དངོས་སུ་སོང་ནས། མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བ་དང་ལས་གཞི་འཛུགས་སྐྲུན། རྒྱུ་རྐྱེན་འགན་སྲུང་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས། ཁོས་བསྟན་དོན། ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་བའི་ཚུན་ལ། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་རང་བྱུང་ཐོན་ཁུངས་དང་སྐྱེ་ཁམས་ཁོར་ཡུག ནགས་རྩྭ་སོགས་རྒྱུ་རྐྱེན་འགན་སྲུང་སྡེ་ཁག་གིས“དེང་རབས་ཅན་དྲུག་གི་མཚོ་སྔོན་གསར་བའི”ཧུར་བརྩོན་དམིགས་འབེན་དང་དམ་དུ་འབྲེལ་ཏེ། ཁྱོན་ཡོངས་ནས་དཔལ་འབྱོར་གཏན་འཇགས་སྲིད་ཇུས་དོན་འཁྱོལ་དང་། དུས་ཐོག་ཏུ་ཐོན་ལས་སྐོར་ཞིག་གི“གནས་བཞི”དང་རྨང་གཞི་སྒྲིག་ཆས་གཙོ་གནད་ལས་གཞིའི་ས་བཀོལ་སྤྱོད་དང་ཁོར་ཡུག་དཔྱད་འཇོག ནགས་རྩྭ་ས་ཁུལ་བསྡུ་ལེན་མཆན་འགོད་དོན་འཁྱོལ་བྱས་ཏེ། ལས་གཞི་གོ་རིམ་ལྡན་པའི་ངང་ལག་བསྟར་བྱེད་པར་བྱས་རྗེས་འཇོག་དགོས་ཞེས་བསྟན།

ལིའུ་ཐའོ་ཡིས་ནན་གྱིས་བསྟན་དོན། གཅིག་གྱུར་སྲུང་སྐྱོང་དང་འགན་སྲུང་བྱས་ཏེ། སྐྱེ་ཁམས་སྲུང་སྐྱོང་སྔོན་ལ་བྱེད་པ་རྒྱུན་འཁྱོངས་ཀྱིས། དུས་སྐབས་སྔོན་མའི་བྱ་བ་ཤུགས་དྲག་ཏུ་བཏང་ནས། དུས་ཐོག་ཏུ་གསལ་འདེབས་ལྟ་སྐུལ་མཛུབ་སྟོན་བྱེད་པ་དང་། ལྗང་མདོག་ཐཱན་ཉུང་གི་རྒྱུན་མཐུད་འཕེལ་རྒྱས་བགྲོད་ལམ་དུ་བསྐྱོད་དགོས། འཕེལ་རྒྱས་དང་འགན་སྲུང་གཅིག་གྱུར་བྱས་ནས། རྒྱུ་རྐྱེན་དེ་ལས་གཞིར་འགྲོགས་ནས་འགྲོ་བ་རྒྱུན་འཁྱོངས་ཀྱིས། “ཞབས་ཞུ་པའི”སྙིང་སྟོབས་དར་སྤེལ་དང་། “བདག་སྐྱོང་མ་རྣམ་པའི”ཞབས་ཞུ་མཁོ་འདོན་བྱས་ནས། སྔར་ལས་མཐོ་བའི་ཆུ་ཚད་ཀྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།དམངས་འཚོ་དང་འགན་སྲུང་གཅིག་གྱུར་བྱས་ཏེ། བློ་བརྟན་འགྱུར་མེད་ཀྱིས་དམངས་འཚོ་བདེ་སྐྱིད་ཡར་སྐུལ་དང་། མང་ཚོགས་ཀྱི་ཁེ་ཕན་ལ་སྲུང་སྐྱོང་བྱེད་པ་དང་། ལས་གཞི་ཆེ་གྲས་ཀྱི་སྤྱི་ཚོགས་ཁེ་ཕན་འདོན་སྤེལ་བྱས་ཏེ། མང་ཚོགས་ཀྱིས་འཕེལ་རྒྱས་ཁེ་ཕན་ལོངས་སུ་སྤྱོད་པར་བྱེད་དགོས། ཚད་ལྡན་དང་འགན་སྲུང་གཅིག་གྱུར་བྱས་ཏེ། སྲིད་ཇུས་ལ་གོ་བ་ཟབ་མོ་ལོན་པ་དང་རྩ་དོན་རྒྱུན་འཁྱོངས་བྱས་ནས། ཁྲིམས་ལྟར་དབང་ཆ་ལག་བསྟར་བྱེད་པ་དེ་བྱ་བའི་གོ་རིམ་ཧྲིལ་བོར་སྦྲེལ་ནས། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སྤྱི་ཡོངས་དང་འཆམ་མཐུན་གཏན་འཇགས་ལ་འགན་སྲུང་བྱེད་དགོས། །

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།