མ་ཅི་ཞའོ་ཆུ་གློག་ས་ཚིགས་ཅུའུ་བཞི་བའི་ལས་ཡུལ་དང་པོར་སོང་སྟེ་ལས་བཟོ་བར་འཚམས་འདྲི་བྱས་པ་མ་ཟད་བྱ་བར་རྟོག་ཞིབ་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ7པའི་ཚེས20ཉིན་ནས་ཚེས22ཉིན་བར། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པའམ་ཞིང་ཆེན་སྤྱི་ཁྱབ་བཟོ་ཚོགས་ཀྱི་ཀྲུའུ་ཞི་མ་ཅི་ཞའོ་ཀྲུང་གོ་ཆུ་གློག་ཅུའུ་བཞི་བའི་ཁྲུང་ཆིན་ལས་གཞི་ཚོགས་པའི་ཨར་ལས་ཡུལ་དངོས་དང་། པའེ་ཧོ་ཐན་ཆུ་གློག་ས་ཚིགས་ལས་གཞིའི་ཡུལ་དངོས་ལ་སོང་ནས་ལས་བཟོ་བར་འཚམས་འདྲི་བྱས་པར་མ་ཟད། ཞབས་ཞུའི་གཡུལ་སའི་འཛུགས་སྐྲུན་དང་བཟོ་ཚོགས་ཀྱི་བྱ་བར་རྟོག་ཞིབ་བྱས་ལ། ཆུ་གློག་ཅུའུ་བཞི་བས་འཛུགས་སྐྲུན་གྱི་འགན་འཁུར་བའི་པའེ་ཧོ་ཐན་ཆུ་གློག་ས་ཚིགས་ཀྱི་དམིགས་འབེན་གལ་ཆེན་ཁྱོན་ཡོངས་ནས་ཡོངས་འགྲུབ་བྱེད་པའི་ཡུལ་དངོས་ཀྱི་སྤྱི་བསྡོམས་དང་ངལ་རྩོལ་འགྲན་བསྡུར་རྩ་འཛུགས་དང་། ཐོན་ལས་བཟོ་བའི་ཚོགས་པའི་འཛུགས་སྐྲུན་ཉམས་མྱོང་བརྗེ་རེས་བགྲོ་གླེང་ཚོགས་འདུར་ཞུགས་ཏེ། འཐབ་ཕྱོགས་དང་པོའི་ལས་བཟོ་བས་མཐོ་སྒང་གི་ཆུ་གློག་པའི་སྙིང་སྟོབས་དར་སྤེལ་བྱེད་པ་དང་རྒྱལ་ཁབ་ཆེན་པོའི་ལས་དོན་འཛུགས་སྐྲུན་ཐད་ལ་བྱས་རྗེས་ཆེན་པོ་འཇོག་དགོས་པའི་སྐུལ་མ་བྱས།

མ་ཅི་ཞའོ་ཡིས་བདེ་འཇགས་ནི་འགན་འཁྲི་དང་པོ་ཡིན་པའི་འདུ་ཤེས་ཆགས་པར་བྱས་ཏེ། བདེ་འཇགས་ཐོན་སྐྱེད་ཀྱི་གདོང་ལེན་པ་དང་བདེ་འཇགས་ཐོན་སྐྱེད་ཀྱི་དཔེ་དམག་བརྩོན་ལེན་བྱེད་དགོས། སྤུས་ཚད་ནི་ཚེ་སྲོག་གི་ལམ་ཐིག་དང་པོ་ཡིན་པའི་འདུ་ཤེས་ཆགས་པར་བྱས་ཏེ། སྤུས་ལེགས་བཟོ་སྐྲུན་དང་དཔེ་མཚོན་བཟོ་སྐྲུན་འཛུགས་སྐྲུན་བྱེད་དགོས། སྐྱེ་ཁམས་སྲུང་སྐྱོབ་བྱེད་པ་ནི་འགན་འཁྲི་གཙོ་བོ་ཡིན་པའི་འདུ་ཤེས་ཆགས་པར་བྱས་ཏེ། ལྗང་མདོག་གི་བཟོ་སྐྲུན་ཡུལ་དངོས་དང་སྐྱེ་ཁམས་བཟོ་སྐྲུན་གསར་སྐྲུན་བྱེད་དགོས། གསར་སྐྲུན་ནི་སྒུལ་ཤུགས་དང་པོ་ཡིན་པའི་འདུ་ཤེས་ཆགས་པར་བྱས་ཏེ། མི་རེ་རེ་ཡིས་ངལ་རྩོལ་དཔེ་ལེགས་ཅན་ལ་སློབ་སྦྱོང་བྱེད་པ་དང་མི་རེ་རེ་ཡིས་རྩལ་ནུས་སྦྱོང་བརྡར་བྱེད་པ། མི་རེ་རེ་ཡིས་གསར་སྐྲུན་བྱེད་པའི་སྣང་བརྙན་བཟང་བོ་གསར་སྐྲུན་བྱེད་དགོས། མི་ཚང་མ་རིམས་ནད་འགོག་སྡོམ་གྱི་འགན་འཁུར་བ་དང་པོ་ཡིན་པའི་འདུ་ཤེས་ཆགས་པར་བྱས་ཏེ། རྒྱུན་རྣམ་ཅན་གྱི་རིམས་ནད་འགོག་སྡོམ་བྱེད་ཐབས་དོན་འཁྱོལ་བྱེད་པར་འགན་སྲུང་བྱེད་དགོས་ཞེས་ནན་གྱིས་བསྟན། །

རྩོམ་སྒྲིག་པ། བདེ་ལེགས་མཚོ།

དཔྱད་མཆན 0 ཡོད།