ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ7པའི་ཚེས23ཉིན། སྐབས23པའི་ཀྲུང་གོ·མཚོ་སྔོན་ལྗང་མདོག་འཕེལ་རྒྱས་མ་འཇོག་ཉོ་ཚོང་ངོ་འཕྲད་གྲོས་མོལ་ཚོགས་འདུ་དང་། སྐབས་གཉིས་པའི་ཀྲུང་གོའི(མཚོ་སྔོན)རྒྱལ་སྤྱིའི་སྐྱེ་ཁམས་སྟོན་ཚོགས་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱི་ཆེད་དོན་གན་འཇོག་བྱེད་སྒོ་ཟི་ལིང་དུ་སྤེལ།
ཐེངས་འདིར་མཚོ་ནུབ་ཁུལ་གྱིས་ཆེད་དོན་རྣམ་གྲངས42ལ་གན་རྒྱ་བཞག་པ་དང་མ་དངུལ་སྒོར་དུང་ཕྱུར231.48ལ་སླེབས། གན་རྒྱ་བཞག་པའི་རྣམ་གྲངས་ལ་ལོ་དེར་ཐོན་སྐྱེད་བྱས་པའི་གློག་སྨན་རིམ་པའི་ཐཱན་སྐྱུར་ལིས་ཏུནུ་ཁྲི2དང་། ཁྱད་ལྡན་སྐམ་ཤ་སོགས་སྣ42ཡོད། དེ་དག་ཚྭ་མཚོའི་རྫས་འགྱུར་བཟོ་ལས་དང་ནུས་རྒྱུ་གསར་པའི་སྒྲིག་ཆས་བཟོ་སྐྲུན། ལས་སྣོན་ཞིབ་ཚགས་བྱས་པའི་ཁྱད་ལྡན་ཞིང་ཕྱུགས་ཐོན་རྫས། རིག་གནས་ཡུལ་སྐོར། གྲངས་གཞིའི་དཔལ་འབྱོར་སོགས་དང་འབྲེལ་བ་ཡོད། གན་རྒྱ་བཞག་པའི་རྣམ་གྲངས་ནང་ཐོན་ལས་ཀྱི་རིགས་མང་བ་དང་མ་འཇོག་གྲངས་འབོར་མང་བ། ཚན་རྩལ་འདུས་ཚད་མཐོ་བ་སོགས་ཀྱི་ཁྱད་ཆོས་མངོན།
ཤེས་རྟོགས་བྱུང་བ་ལྟར་ན། སྐབས23པའི་ཀྲུང་གོ·མཚོ་སྔོན་ལྗང་མདོག་འཕེལ་རྒྱས་མ་འཇོག་ཉོ་ཚོང་ངོ་འཕྲད་གྲོས་མོལ་ཚོགས་འདུ་དང་། སྐབས་གཉིས་པའི་ཀྲུང་གོའི(མཚོ་སྔོན)རྒྱལ་སྤྱིའི་སྐྱེ་ཁམས་སྟོན་ཚོགས་ཐོག་མཚོ་ནུབ་ཁུལ་གྱིས་བསྡོམས་པས་རྣམ་གྲངས52ལ་གན་རྒྱ་བཞག་པ་དང་མ་དངུལ་སྒོར་དུང་ཕྱུར307.89ལ་སླེབས། ཞིང་ཆེན་རིམ་པའི་མཉམ་ལས་རྣམ་གྲངས་གལ་ཆེན་ལ་གཅིག་སྡུད་ཐོག་གན་རྒྱ་འཇོག་པའི་མཛད་སྒོའི་ཐོག་མཚོ་ནུབ་ཁུལ་གྱིས་རྣམ་གྲངས2ལ་གན་རྒྱ་བཞག་པ་དང་མ་དངུལ་སྒོར་དུང་ཕྱུར49ལ་སླེབས།
རྣམ་གྲངས་སོ་སོར་བདེ་བླག་ངང་གན་རྒྱ་བཞག་པ་དེ་མཚོ་ནུབ་ཁུལ་གྱིས་ཐོན་ལས་ཀྱི“གནས་བཞིའི”འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བ་དང་། སྒོ་འབྱེད་ཆེན་པོ་དང་ཚོང་འགུགས་ཆེན་པོ་བྱེད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་གཅིག་སྡུད་སྒོས་སྐུལ་འདེད་གཏོང་བ་བཅས་མཚོན་པ་རེད། །
རྩོམ་སྒྲིག་པ། བདེ་ལེགས་མཚོ།
མཚོ་ནུབ་ཁུལ་གྱིས་ཆེད་དོན་རྣམ་གྲངས42ལ་གན་རྒྱ་བཞག་པ་དང་མ་དངུལ་སྒོར་དུང་ཕྱུར231.48ལ་སླེབས།