མཚོ་སྔོན་རྒྱལ་སྤྱིའི་གཞུང་ལམ་ལྕགས་རྟ་འགྲན་བསྡུར་སྐབས་ཉེར་གཅིག་པ་གཟབ་རྒྱས་ངང་བསྡུས།

 

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ7ཚེས26ཉིན་གྱི་སྔ་དྲོའི་དུས་ཚོད10ཡི་སྟེང་། 2022ལོའི་ཐེན་དབྱི་ཏི་རྟགས་མའི་མཚོ་སྔོན་རྒྱལ་སྤྱིའི་གཞུང་ལམ་ལྕགས་རྟ་འགྲན་བསྡུར་སྐབས་ཉེར་གཅིག་པ་མཚོ་སྔོན་ལུས་རྩལ་ལྟེ་གནས་སུ་གཟབ་རྒྱས་ངང་བསྡུས། རྒྱལ་ནང་གི་ཆུ་ཚད་མཐོ་བའི་རུ་ཁག21གི་ལུས་རྩལ་པ140འགྲན་བསྡུར་ལ་ཞུགས།

ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་མགོན་པོ་བཀྲ་ཤིས་དང་། རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུའུ་ཡི་ཅུའུ་ཀྲང་གཞོན་པ་ལིའུ་ཀའོ་ཡུང་། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ཡུས་ཚོང་ལི། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཟི་ལིང་གྲོང་ཁྱེར་གྱི་ཏང་ཨུའི་ཧྲུའུ་ཅི་ཁྲིན་རུའེ་ཧྥིན། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ཝང་ཏ་ནན། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་ཏང་ཨུའི་དྲུང་ཡིག་ཆེན་མོ་ཀྲུའུ་ཞང་ཧྥིན། ཧྲིན་ཀྲང་གཞོན་པ་དབྱང་ཧྥིན་ཁྲུན། མཚོ་སྔོན་ཞིང་ཆེན་དམག་ཁུལ་གྱི་དམག་སྤྱི་གཞོན་པ་རྣམ་རྒྱལ། དྲག་ཆས་ཉེན་རྟོག་མཚོ་སྔོན་སྤྱིའི་རུ་ཁག་གི་དམག་སྤྱི་གཞོན་པ་ཝང་ཧྥིན། ཀྲུང་དབྱང་རྒྱང་སྒྲོག་བརྙན་འཕྲིན་སྤྱི་ཁྱབ་ཁང་ན་གཞོན་ལོ་ཆུང་ལུས་རྩལ་ལེ་ཚན་ལྟེ་གནས་ཀྱི་ཀྲུའུ་རིན་གཞོན་པ་ཞུའུ་པེན་བཅས་མགོ་རྩོམ་པའི་མཛད་སྒོར་ཞུགས། ལིའུ་ཀའོ་ཡུང་དང་དབྱང་ཧྥིན་ཁྲུན་གཉིས་ཀྱིས་སོ་སོར་ཤིས་ཚིག་ཕུལ། ཚོགས་ཐོག་ནས་རྒྱལ་སྤྱིའི་ལྕགས་རྟ་མནའ་འབྲེལ་གྱི་ཀྲུའུ་ཞི་ཏ་ཝེ.ལ་ཕ་ཏིས་ཨན་གྱི་ཤིས་ཚིག་སྒྲོག་འདོན་བྱས།

དབྱང་ཧྥིན་ཁྲུན་གྱིས་དགའ་བསུ་ཞུ་བའི་ཤིས་ཚིག་ཕུལ་སྐབས་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ནས་སྐུ་མགྲོན་རྣམས་དང་ལུས་རྩལ་པ། རྩལ་ཁྲིད་པ། ཤན་འབྱེད་པ། གསར་འགྱུར་ལས་རིགས་ཀྱི་གྲོགས་པོ་ཚོར་དགའ་བསུ་ཞུས་པ་དང་། འགྲན་བསྡུར་བསྡུ་བར་རྒྱབ་སྐྱོར་བྱས་པའི་རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུའུ་དང་ཀྲུང་དབྱང་རྒྱང་སྒྲོག་བརྙན་འཕྲིན་ཁང་། རྒྱལ་སྤྱིའི་ལྕགས་རྟ་མནའ་འབྲེལ་བཅས་ལ་བཀའ་དྲིན་ཞུས། ཁོས་བཤད་རྒྱུར། ཞིང་ཆེན་གོང་འོག་ཡོངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་བྱེད་བཞིན་པའི་སྒང་འདིར། ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་པའི་སྟེང་གཏན་ཁེལ་བྱས་པའི་འབད་འཐབ་དམིགས་འབེན་ལྟར། དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པ་དང་། གྲུབ་འབྲས་བཟང་བོས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་རྒྱལ་ཁའི་ངང་བསྡུ་བར་བསུ་མ་བྱེད་པའི་སྐབས་སུ། ང་ཚོས་ཕུགས་འདུན་འཚོལ་སྙེག་བྱེད་པའི་མཚོ་སྐོར་ལྕགས་རྟ་འགྲན་བསྡུར་སྐབས་ཉེར་གཅིག་པ་བསྡུས། ལོ་ངོ་ཉི་ཤུའི་སྦྱོང་བརྡར་བརྒྱུད་དེ། མཚོ་སྐོར་ལྕགས་རྟ་འགྲན་བསྡུར་གྱིས་མཚོ་སྔོན་གྱི་སྣང་བརྙན་འགྲེམ་སྟོན་བྱེད་པའི་མཐོ་ཚད་དང་ལྗང་མདོག་འཕེལ་རྒྱས་རྒྱུན་སྐྱོང་བའི་གཏིང་ཚད། སྐྱེ་ཁམས་མཛའ་མཐུན་རྒྱ་སྐྱེད་པའི་ཡངས་རྒྱ། མི་དམངས་ཀྱི་བདེ་སྐྱིད་མཐོར་འདེགས་གཏོང་བའི་དྲོད་ཚད་བཅས་དམིགས་འབེན་ཏུ་བཟུང་ནས། ལུས་རྩལ་གྱི་དགའ་སྟོན་དང་མི་དམངས་ཀྱི་དུས་ཆེན་གྱི་གོ་དོན་རྒྱུན་མཐུད་ངང་ཇེ་ཟབ་ཏུ་བཏང་། དུས་རབས་གསར་བར་ཞུགས་པ་དང་བགྲོད་ལམ་གསར་བར་བསྐྱོད་པའི་སྐབས་སུ། མཚོ་སྔོན་གྱི་རིགས་སོ་སོའི་བུ་དང་བུ་མོས་སྙིང་སྟོབས་ཆེར་སྐྱེད་དེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གྱི་ཁ་ཕྱོགས་ལྟར། འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ཁྱོན་ཡོངས་ནས་ལག་བསྟར་བྱས་པ་དང་། འཕེལ་རྒྱས་ཀྱི་རྣམ་པ་གསར་བའི་ཁྲོད་འདྲེས་པར་བྱས་ལ། འཛམ་གླིང་རིམ་པའི་ཚྭ་མཚོ་ཐོན་ལས་ཀྱི་རྟེན་གཞི་མྱུར་དུ་འཛུགས་སྐྲུན་བྱས་པ་དང་། རྒྱལ་ཁབ་དག་གཙང་ནུས་ཁུངས་ཐོན་ལས་ཀྱི་མཐོ་གནས་དང་རྒྱལ་སྤྱིའི་སྐྱེ་ཁམས་གནས་སྐོར་དམིགས་འབེན་ས་ཆ། ལྗང་མདོག་སྐྱེ་ལྡན་གྱི་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་ས་བཅས་འཛུགས་སྐྲུན་བྱས་ཏེ། ཧུར་ཐག་གིས་ལྗང་མདོག་འཕེལ་རྒྱས་དང་སྐྱེ་ཁམས་མཛའ་མཐུན། གསར་གཏོད་སྒོ་འབྱེད། དཔལ་ཡོན་འཆམ་མཐུན། མི་དམངས་བདེ་སྐྱིད། ཆབ་སྲིད་དག་གཙང་གི་དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་དགོས།

ལིའུ་ཀའོ་ཡུང་གིས་ཤིས་ཚིག་ཕུལ་སྐབས་མཚོ་སྐོར་ལྕགས་རྟ་འགྲན་བསྡུར་དེ་ཀྲུང་གོའི་ཤན་ཤུགས་ཆེན་པོ་ལྡན་པའི་ལྕགས་རྟ་འགྲན་བསྡུར་གྲས་ཤིག་ཡིན་པའི་ཆ་ནས། བསྟུད་མར་སྐབས་ཉི་ཤུ་ལ་བསྡུས། ལོ་ངོ་ཉི་ཤུའི་རིང་ལ། མཚོ་སྐོར་ལྕགས་རྟ་འགྲན་བསྡུར་གྱིས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ཁྱོན་ཡོངས་ནས་ལག་བསྟར་བྱས་པ་དང་། གསར་གཏོད་མཉམ་བདྲེས་ཀྱི་འཕེལ་རྒྱས་ཁ་ཕྱོགས་རྒྱུན་འཁྱོངས་བྱས་ལ། རྒྱལ་སྤྱིའི་འགྲོ་འོང་ལ་ཤུགས་བསྣན་པ་དང་། རྩལ་འགྲན་ཆུ་ཚད་མཐོར་འདེགས་བཏང་ཞིང་། མང་ཚོགས་ཞུགས་ཚད་རྒྱ་སྐྱེད་དེ། ལུས་རྩལ་དང་རིག་གནས། གནས་སྐོར། ཉོ་ཚོང་མཉམ་བདྲེས་འཕེལ་རྒྱས་ཀྱི་ལམ་བུ་གསར་བ་ཞིག་བཏོད། འགྲན་བསྡུར་དེ་མཚོ་སྔོན་གྱིས་སྒོ་འབྱེད་རྒྱ་སྐྱེད་པ་དང་བརྗེ་རེས་ལ་སྐུལ་འདེད་གཏོང་བའི་གསེར་མདོག་གི་མིང་བྱང་དུ་གྱུར་བ་མ་ཟད། ལུས་རྩལ་བརྒྱུད་དེ་རྒྱལ་ཁབ་ཀྱི་སྣང་བརྙན་འགྲེམ་སྟོན་བྱེད་པའི་སྟེགས་བུ་གལ་ཆེན་དུ་ཡང་གྱུར་ཡོད། སྐབས་འདིའི་མཚོ་སྐོར་ལྕགས་རྟ་འགྲན་བསྡུར་གྱིས་ལུས་རྩལ་གྱི་དགའ་སྟོན་དང་མི་དམངས་ཀྱི་དུས་ཆེན་གྱི་འགྲན་སྒྲུབ་འདུ་ཤེས་ལག་བསྟར་ནན་མོ་བྱས་པ་དང་། བྱ་འགུལ་ཐད་ནས་ཁྱད་ཆོས་འབུར་དུ་ཐོན་ཞིང་ནང་དོན་ཕུན་སུམ་ཚོགས་པ་དང་། ལྷག་པར་དུ་མང་ཚོགས་ཀྱི་ལྕགས་རྟ་འགྲན་བསྡུར་དང་མཚོ་སྔོན་ལྕགས་རྟའི་ལས་ཞོར་འགྲན་བསྡུར་སོགས་མང་ཚོགས་ཀྱི་འགྲན་བསྡུར་བྱ་འགུལ་བཙུགས་ནས། ལོ་ཚོད་མི་འདྲ་བའི་ལྕགས་རྟ་ཞོན་པར་དགའ་བའི་མི་སྣ་དང་ཆེད་ལས་ལུས་རྩལ་པས་འགྲན་ལམ་དང་བྱ་དགའ་སྟེར་བའི་སྟེགས་བུ་མཉམ་སྤྱོད་བྱ་རྒྱུ་རེད། དེ་དང་ཆབས་ཅིག  ཆུ་ཚད་མཐོ་བའི་རྒྱལ་སྤྱིའི་འགྲན་བསྡུར་ཡིན་པའི་ཆ་ནས། མཚོ་སྐོར་ལྕགས་རྟ་འགྲན་བསྡུར་གྱིས་འབྲེལ་ཡོད་འགྲན་བསྡུར་གྱི་བརྒྱུད་རིམ་དང་འགྲན་བསྡུར་གྱི་བདེ་འཇགས། འགྲན་བསྡུར་གྱི་སྒྲིག་ལམ། རིམས་ནད་འགོག་སྡོམ་བཅས་ཀྱི་རེ་བ་ལག་བསྟར་ནན་མོ་བྱས་ནས། སྐབས་འདིའི་འགྲན་བསྡུར་བདེ་འཇགས་དང་སྟབས་བདེ། བདེ་བླག་ངང་བསྡུ་བར་ཁག་ཐེག་བྱས། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་མགོ་ཁྲིད་ཡང་དག་འོག་དང་། མཚོ་སྔོན་གྱི་རིགས་སོ་སོའི་མང་ཚོགས་ཀྱི་རྒྱབ་སྐྱོར་འོག མཚོ་སྐོར་ལྕགས་རྟ་འགྲན་བསྡུར་དེ་ཇེ་ལེགས་ནས་ཇེ་ལེགས་སུ་བསྒྲུབ་ཐུབ་པར་ཡིད་ཆེས་ཡོད་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་བྱེད་པའི་ཞོར་དུ། ལུས་རྩལ་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པ་དང་དམངས་ཡོངས་ལུས་སྦྱོང་དང་བདེ་ཐང་ཀྲུང་གོའི་རྒྱལ་ཁབ་འཐབ་ཇུས་མངོན་འགྱུར་བྱེད་པའི་ཐད་སྔར་ལས་ཆེ་བའི་བྱས་རྗེས་གསར་བ་འཇོག་དགོས་ཟེར། །

རྩོམ་སྒྲིག་པ། བདེ་ལེགས་མཚོ།

དཔྱད་མཆན 0 ཡོད།