ཀྲུང་གོ་བོད་ཀྱི་དྲ་བ།

“གཙང་གསུམ་འབྱུང་ཡུལ་ལ་བརྩེ་བ་བཅངས། རབ་མཛེས་མཚོ་སྔོན་ལ་ལྷག་བསམ་དཀར”ཞེས་པའི་འགྲམ་གཉིས་ཀྱི་རིག་གནས་དང་ཡུལ་སྐོར་བྱ་འགུལ་མཚོ་སྔོན་དུ་སྤེལ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རིག་ལྡན་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2022-07-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ7པའི་ཚེས25ཉིན། “གཙང་གསུམ་འབྱུང་ཡུལ་ལ་བརྩེ་བ་བཅངས། རབ་མཛེས་མཚོ་སྔོན་ལ་ལྷག་བསམ་དཀར”ཞེས་པའི་འགྲམ་གཉིས་ཀྱི་རིག་གནས་དང་ཡུལ་སྐོར་བྱ་འགུལ་དངོས་སུ་མགོ་བརྩམས་པ་དང་། རིག་གནས་དང་ཡུལ་སྐོར་པུའུ་ཡི་པུའུ་ཀྲང་གཞོན་པ་ཀྲང་ཞུའུ་དང་། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་དབྱང་ཧྥིན་ཁྲུན་བྱ་འགུལ་ཁྲོད་ཞུགས་པ་མ་ཟད་ཤིས་ཚིག་ཕུལ། 

ཀྲང་ཞུའུ་ཡིས་བསྟན་དོན། འགྲམ་གཉིས་ཀྱི་སྤུན་ཟླ་ནི་ཀྲུང་ཧྭ་མི་རིགས་སུ་གཏོགས་ཤིང་། ཐུན་མོང་གི་རིག་གནས་རྩ་ལག་དང་སེམས་ཀྱི་རེ་བཅོལ་བྱེད་ས་ཡོད་པས། ང་ཚོའི་མཐའ་གཅིག་ཏུ་འགྲམ་གཉིས་བརྗེ་རེས་སྐུལ་སྤེལ་གྱི་ལངས་ཕྱོགས་རྣམ་འགྱུར་རྒྱུན་འཁྱོངས་བྱེད་བཞིན་ཡོད་ལ། ཚང་མ་དེའི་ཁྲོད་དུ་ཞུགས་ནས་འགྲམ་གཉིས་ཀྱི་བརྗེ་རེས་མཉམ་ལས་གསར་སྐྲུན་ལ་སྔར་ལས་ལྷག་པའི་ཆ་རྐྱེན་གསར་སྐྲུན་བྱེད་འདོད་ཡོད། རེ་བར་ཐེངས་འདིའི་བརྗེ་རེས་བྱ་འགུལ་སྤེལ་བ་དེས། འགྲམ་གཉིས་ལས་རིགས་ཁག་གི་བློ་སེམས་གཅིག་སྒྲིལ་བྱེད་པར་སྐུལ་འདེད་བཏང་ནས། མཚོ་སྔོན་དང་ཐའེ་ཝན་ས་ཁུལ་གཉིས་ཀྱི་རིག་གནས་དང་གནས་སྐོར་བརྗེ་རེས་དང་མཉམ་ལས་ཐད་ཀྱི་ཐབས་ལམ་གསར་བ་དང་བྱེད་ཐབས་གསར་བ་འཚོལ་ཞིབ་བྱས་ཏེ། བློ་གྲོས་དང་སྟོབས་ཤུགས་གསར་བ་བྱས་རྗེས་སུ་འཇོག་འདོད་ཡོད། 

དབྱང་ཧྥིན་ཁྲུན་གྱིས་བསྟན་དོན། དེང་སྐབས། མཚོ་སྔོན་ཞིང་ཆེན་གྱིས་པུའུ་དང་ཞིང་ཆེན་མཉམ་སྐྲུན་གྱི་གོ་སྐབས་དམ་འཛིན་བྱས་ཏེ། རྒྱལ་སྤྱིའི་ཚད་གཞིར་རྐང་འཛུགས་པ་དང་། སྐྱེ་ཁམས་ཁྱད་ཆོས་འབུར་ཐོན། དམིགས་འབེན་བྱེད་ས་འཛུགས་སྐྲུན། ཡུལ་སྐོར་བ་ལྟེ་བར་འཛིན་པ་རྒྱུན་འཁྱོངས་བྱེད་པ་བཅས་ཀྱི་སྒོ་ནས། རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱེད་ས་གསར་སྐྲུན་བྱེད་བཞིན་ཡོད། བྱ་འགུལ་བདེ་བླག་ངང་སྤེལ་བ་དེས་འགྲམ་གཉིས་བརྗེ་རེས་མཉམ་ལས་ལ་འབྲེལ་ཟམ་ཅིག་བཙུགས་པ་དང་། 2020ལོའི“དྲ་ཐོག་ཐད་གཏོང”ནས2022ལོའི་ཡུལ་དངོས་སུ་འཛོམས་པ་དེས། མཚོ་སྔོན་དང་ཐའེ་ཝན་ས་ཁུལ་གཉིས་ཀྱི་བརྗེ་རེས་ཁྲོད་གཅིག་མཐུན་གྱི་འདོད་བློ་གཅིག་སྒྲིལ་བྱུང་ཡོད་པ་དང་། རེ་བ་ནི་མ་འོངས་པར་ས་གནས་གཉིས་ཀྱི་རིག་གནས་དང་ཡུལ་སྐོར་ཁྱབ་ཁོངས་ཀྱི་བརྗེ་རེས་མཉམ་ལས་སྔར་བས་རྒྱ་བསྐྱེད་འདོད་ཡོད། ། 

རྩོམ་སྒྲིག་པ། : རིག་ལྡན་རྒྱ་མཚོ།