ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་ཤར་གྱིས་ཐེངས་དང་པོར་གནམ་གྲུ་སྤྱད་ནས་རྒྱ་ཁྱོན་ཆེ་བའི་ནགས་ཚལ་བསྐྲུན་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་འབུམ་ཚེ་རིང་གིས་བསྒྱུར།   སྤེལ་དུས། : 2022-07-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ7པའི་ཚེས15ཉིན། གསར་འགོད་པས་མཚོ་ཤར་གྲོང་ཁྱེར་ནགས་ལས་དང་རྩྭ་ཐང་ཅུའུ་ནས་ཤེས་གསལ་ལྟར་ན། ཟླ7པའི་ཚེས14ཉིན། མཚོ་ཤར་གྲོང་ཁྱེར་དཔའ་ལུང་ཧུའེ་རིགས་རང་སྐྱོང་རྫོང་ས་སེར་མཐོ་སྒང་གི་ས་ཆུ་ཤོར་བར་ཕྱོགས་བསྡུས་བཅོས་སྐྱོང་ལ་གནམ་གྲུའི་འདེབས་འཛུགས་རྣམ་གྲངས་ལག་བསྟར་བྱེད་མགོ་བརྩམས་པ་དེས་ས་སེར་མཐོ་སྒང་གི་ས་ཆུ་ཤོར་བར་ཕྱོགས་བསྡུས་བཅོས་སྐྱོང་དང་། རྨ་ཆུ་བཞུར་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་། དེ་བཞིན་སྐྱེ་ཁམས་མཚོ་ཤར་དང་། ལྗང་མདོག་མཚོ་ཤར། མཛེས་སྡུག་ལྡན་པའི་མཚོ་ཤར་འཛུགས་སྐྲུན་སོགས་ཀྱི་ཕྱོགས་ལ་དངོས་ཡོད་དོན་སྙིང་ལྡན། 

མཚོ་ཤར་གྲོང་ཁྱེར་གྱིས་ཐེངས་འདིའི་ལག་བསྟར་བྱེད་མགོ་བརྩམས་པར་གྱེན་འཕུར་གནམ་གྲུའི་ནགས་འདེབས་འཛུགས་རྣམ་གྲངས་ལས་འགན་གྱི་དམིགས་ཚད་ནི་དཔའ་ལུང་རྫོང་ཆིང་ལ་དམར་ནགས་ཁུལ་ཡིན་པ་དང་། ནགས་ཁུལ་དེ་གྲང་དྲོད་ཕྱེད་བཞའ་ཚན་ཆེ་བའི་གནམ་གཤིས་ཀྱི་ཁོངས་སུ་གཏོགས་ཤིང་། ཆུ་ཚན་གྱི་ཆ་རྐྱེན་དེ་ས་བབ་མཐོ་ཚད་དང་བསྟུན་ནས་གྱེན་ངོས་ཀྱི་འགྱུར་ལྡོག་མངོན་གསལ་དོད་པ་དང་། དགུན་དུས་གྲང་ངར་ཆེ་ལ་སྐམ་ཤས་ཆེ་བ། དྲོད་ཚད་དམའ་བའི་དུས་ཚོད་རིང་བ། དཔྱིད་དུས་དྲོད་ཚད་འཕར་ཚད་དལ་བ་བཅས་དང་དབྱར་དུས་བཞའ་ཚན་ཆེ་བའི་ཆར་པ་མང་བས་རྩི་ཤིང་སྐྱེ་བར་ཕན་ཐོགས་ཡོད་པ་རེད། མཚོ་ཤར་གྲོང་ཁྱེར་གྱིས་ནགས་འདེབས་འཛུགས་མྱུར་ཚད་ཇེ་མགྱོགས་སུ་གཏོང་བ་དང་། ནགས་འདེབས་འཛུགས་བྱས་ནས་ལྗང་བསྒྱུར་གཏོང་བའི་གོམ་སྟབས་ཇེ་མགྱོགས་སུ་གཏོང་ཆེད། གྱེན་འཕུར་གནམ་གྲུ་སྤྱད་ནས་སྡོང་བོ་བཙུགས་ཏེ་མཚོ་སྔོན་གྱི་གསོམ་ཤིང་སོགས་ཀྱི་སྡོང་བོ་སྣ་ཚོགས་ཀྱི་ཤིང་སོན་སྤྱི་ཆིང1333.3བཏབ་པ་རེད།

ཤེས་གསལ་ལྟར་ན། རྨ་ཆུ་བཞུར་ཁུལ་གྱི་སྐྱེ་ཁམས་སྲུང་སྐྱོང་བཅོས་སྐྱོང་ལ་མགྱོགས་མྱུར་སྒོས་སྐུལ་འདེད་གཏོང་བ་དང་ཆུ་བོ་བཞུར་ཁུལ་ཧྲིལ་བོའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད། མཚོ་སྔོན་ཞིང་ཆེན་གྱིས་བྱང་གསུམ་ལས་གཞིའི2021ལོའི་གནམ་གྲུས་ནགས་འདེབས་འཛུགས་རྣམ་གྲངས་སྤྱི་ཆིང12000ལག་བསྟར་བྱ་འཆར་ཡོད་པ་དང་། ལག་བསྟར་ས་ཁོངས་ནི་མཚོ་ཤར་གྲོང་ཁྱེར་དཔའ་ལུང་ཧུའེ་རིགས་རང་སྐྱོང་རྫོང་དང་། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་གུང་ཧོ་རྫོང་དང་ཀོས་ནན་རྫོང་བཅས་ལ་ཁྱབ་ཡོད་པ་རེད། །

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།