ཀྲུང་གོ་བོད་ཀྱི་དྲ་བ།

​གཙང་གསུམ་འབྱུང་ཡུལ་རྣམ་སྲས་མང་ཚོགས་ཀྱི་འཚོ་བ་ཉིན་རེ་བཞིན་ཇེ་ལེགས་སུ་ཕྱིན་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ལྷ་སྒྲོན་མཚོ་ཡིས་བསྒྱུར།   སྤེལ་དུས། : 2022-07-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

3.jpg

འདི་ནི་སེང་འབྲུག་གིས་བཟའ་བཏུང་གྲ་སྒྲིག་བྱེད་བཞིན་པའི་ཚུལ་རེད།

4.jpg

འདི་ནི་རྣམ་སྲས་ཤང་མངའ་ཁོངས་ཀྱི་རང་བྱུང་མཛེས་ལྗོངས་རེད།

5.jpg

འདི་ནི་སེང་འབྲུག་ལས་ཀར་བྲེལ་བཞིན་པའི་ཚུལ་རེད།

6.jpg

འདི་ནི་ཐག་རིང་ནས་པར་བླངས་པའི་སེང་འབྲུག་གི་ཁྱིམ་རེད།

3.jpg

འདི་ནི་སེང་འབྲུག་ཚང་གི་སྣེ་ལེན་བྱེད་ས་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། དབྱར་གཞུང་གི་དུས་སུ་རྣམ་སྲས་གྲོག་རོང་ཆེན་མོ་རུ་ཆུ་བོ་ཤང་ཤང་དུ་རྒྱུག་ཅིང་སྤང་ལྗོངས་སྔོ་ཐིང་ཐིང་དུ་མངོན་ལ། ཕྱོགས་བཞིའི་རི་ཀླུང་ཀུན་ནི་ངོ་མཚར་ལྡན་པ་ཞིག་ཡིན། གནས་དེ་རུ་རྒྱུན་དུ་རི་སྐྱེས་སྲོག་ཆགས་གསའ་དང་། ཤྭ་སྐྱ། གནའ་བ་སོགས་མཐོང་རྒྱུ་ཡོད། དམིགས་བསལ་ཆོག་འཐུས་གཉེར་སྐྱོང་སྣེ་ལེན་དོས་སྒམ་ནང་སེང་འབྲུག་གིས་གཙང་སྦྲ་དང་ཉལ་ཁྲི་གཙང་འཁྲུད་བྱེད་པའི་ལས་ལ་བྲེལ་ནས་ས་གནས་སོ་སོ་ནས་ཡོང་བའི་རང་བྱུང་ཉམས་ལེན་པར་བསུ་བ་ཞུ་རྩིས་ཡོད།

སེང་འབྲུག་ད་ལྟ་ལོ28ཡིན་ཞིང་། ཁོ་ནི་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་རྫ་སྟོད་རྫོང་རྣམ་སྲས་ཤང་རི་ཁྱིམ་གྲོང་ཚོའི་གྲོང་མི་ཞིག་ཡིན་པ་དང་། ཁོའི་ཁྱིམ་མི་དག་གིས་མི་རབས་ནས་མི་རབས་བར་ཕྱུགས་འཚོས་ནས་འཚོ་བ་སྐྱེལ་བཞིན་ཡོད། ད་ལྟ་སེང་འབྲུག་ལ་ཐོབ་ཐང་གསར་པ་ཞིག་ཡོད་པ་ནི་ཡུལ་སྐོར་སྣེ་ཁྲིད་པ་དེ་རེད།

སེང་འབྲུག་གི་ཁྱིམ་ནི་རྫ་སྟོད་རྫོང་རྣམ་སྲས་གྲོག་རོང་ཆེན་མོ་རུ་གནས་ཤིང་། དེ་ནི་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་རྫ་ཆུའི་འབྱུང་ཡུལ་གྱི་ཁོངས་སུ་གཏོགས་ཤིང་། 2016ལོར་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟ་དངོས་སུ་བྱེད་མགོ་ཚུགས་པ་དང་། 2019ལོར། རྣམ་སྲས་ཤང་ལ་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གིས་ཆོག་མཆན་གནང་སྟེ། རྣམ་སྲས་རང་བྱུང་ཉམས་ལེན་གྱི་དམིགས་བསལ་ཆོག་འཐུས་གཉེར་སྐྱོང་ཚོད་ལྟ་བྱེད་མགོ་ཚུགས་པ་རེད།

“ཡོང་འབབ་འཕར་ཐུབ་པ་མ་ཟད། ས་གནས་སོ་སོའི་གྲོགས་པོ་ཡང་ངོ་ཤེས་ཐུབ་པས། ང་དེའི་ནང་ལོས་ཞུགས”ཞེས་སེང་འབྲུག་གིས་འཕྲལ་མར་གཉེར་སྐྱོང་རེ་ཞུ་ཕུལ་བ་རེད།

ཡུན་རིང་མ་སོང་བར། སེང་འབྲུག་ཚུད་པའི་འབྲོག་དུད22ནི་ཁྱིམ་ཚང་སྣེ་ལེན་བྱེད་མཁན་དང་། ཉམས་ལེན་རྣམ་གྲངས་ཀྱི་སྣེ་ཁྲིད་པ། ཁ་ལོ་བ་དང་སྣེ་ལེན་ལས་འགན་ཁུར་མཁན་དུ་གྱུར་ནས། རང་བྱུང་ཉམས་ལེན་བྱེད་འདོད་མཁན་གྱི་སྣེ་ཁྲིད་དེ་རྣམ་སྲས་གྲོག་རོང་ཆེན་མོ་རུ་རང་བྱུང་མཛེས་ལྗོངས་ལ་ལྟ་བ་དང་། རི་སྐྱེས་སྲོག་ཆགས་ལ་ལྟ་བ། ལྟ་སྐོར་བྱེད་པ་དང་འབྲེལ་འབྲོག་ཁུལ་གྱི་འཚོ་བར་ཉམས་ལེན་བཅས་བྱེད་ཀྱིན་ཡོད།

སེང་འབྲུག་གིས་རང་ཉིད་ཀྱིས་སྣེ་ལེན་བྱས་པའི་ཚོགས་པ་དང་པོ་དེ་ད་དུང་བརྗེད་མེད་ལ། ཁོས“དེ་ནི་རི་སྐྱེས་སྲོག་ཆགས་པར་ལེན་འདོད་པའི་ཧྲང་ཧའེ་ནས་ཡོང་བའི་ཉམས་ལེན་མཁན་གསུམ་ཡིནཞེས་དྲན་གསོ་བྱེད་བཞིན། ཉིན་བཞིའི་རིང་སེང་འབྲུག་གིས་ཁོང་ཚོ་ཁྲིད་དེ་གྲོག་རོང་ཆེན་མོའི་རང་བྱུང་མཛེས་ལྗོངས་ཉམས་སུ་མྱོང་བ་དང་། རི་སྐྱེས་སྲོག་ཆགས་མི་ཉུང་བ་ཞིག་པར་བླངས་པ་མ་ཟད། ཁོང་ཚོར་སྔར་ལས་ཧང་སངས་སྐྱེས་སུ་བཅུག་པ་ཞིག་ནི་རི་སྐྱེས་སྲོག་ཆགས་གསའ་པར་དུ་བླངས་པ་དེ་རེད། རྗེས་སུ་པར་དེ་དག་རྣམ་སྲས་ཤང་སྲིད་གཞུང་གིས་རྩ་འཛུགས་བྱས་པའི་པར་ལེན་འགྲན་བསྡུར་ནང་ཞུགས་ནས་བྱ་དགའ་ཐོབ་ཡོད་ཟེར།

“ཉིན་འདི་དག་རིང་། ཁོང་ཚོས་ཡང་བསྐྱར་ང་དང་མཉམ་དུ་ཡུས་ཧྲུའུ་གྲོང་ཁྱེར་དཔལ་ཐང་ཤང་ཞོམ་འགུ་གྲོང་ཚོ་རུ་དྲེད་མོང་པར་ལེན་དུ་འགྲོ་རྒྱུའི་ཁ་ཆད་བཞག་ཡོད”ཅེས་ད་ལྟའི་བར་དུ་འགྲུལ་པ་སྔ་ཤོས་དེ་དག་གིས་སྔར་བཞིན་སེང་འབྲུག་དང་འབྲེལ་བ་རྒྱུན་འཁྱོངས་བྱེད་བཞིན་ཡོད།

“ཡུལ་སྐོར་སྣེ་ཁྲིད་པ་བྱས་རྗེས། ང་ཚོས་གསོ་སྦྱོང་སྣ་ཚོགས་དང་ལེན་བྱས་པ་དང་། ཉམས་ལེན་བྱེད་མཁན་ལ་སྣེ་ལེན་ཇི་ལྟར་ཞུ་ལུགས་སློབ་སྦྱོང་བྱས་ནས། དོ་སྣང་བྱེད་དགོས་པའི་རིགས་ཤེས་རྟོགས་བྱེད་དགོས། གཞན་ད་དུང་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་གི་ཤེས་བྱ་སོགས་སློབ་སྦྱོང་བྱེད་དགོས། ན་ནིང་ལོ་གཅིག་ནང་གསོ་སྦྱོང་ཐེངས་བཞི་ལ་ཞུགས་ཡོད” ། ཉམས་ལེན་བྱེད་མཁན་སྣེ་ལེན་མ་བྱས་སྔོན་དུ། ངས་ད་དུང་གསོ་རླུང་དམ་བུ་དང་། རྒུན་འབྲུམ་གྱི་མངར་ཆ། སྲོ་ལོ་དམར་པོའི་བཏུང་ཆས་ཉོས་ནས། འགྲུལ་པར་ས་མཐོར་མི་འཕྲོད་པའི་གནས་ཚུལ་ཐོན་པར་སྔོན་འགོག་བྱས་ནས་གྲ་སྒྲིག་ཡག་པོ་བྱེད་དགོས”ཞེས་སེང་འབྲུག་གིས་བཤད།

ཞབས་ཞུར་ལྷག་བསམ་ལྡན་ཞིང་ཞིབ་ཚགས་ཡིན་སྟབས། སེང་འབྲུག་ལ་ཉམས་ལེན་བྱེད་མཁན་ཚོས་གདེང་འཇོག་ཡག་པོ་ཐོབ་ནས་རྣམ་སྲས་ཤང་སྲིད་གཞུང་གིས་སྤྲད་པའི“ཕུལ་བྱུང་སྣེ་ལེན་ཁྱིམ་ཚང”གི་མཚན་སྙན་ཐོབ་པ་རེད། ཁོས་གཟི་བརྗིད་མཚན་སྙན་འདི་ལ་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད་ལ། “འདི་ནི་ཚང་མས་ང་ལ་ཁས་ལེན་བྱས་པ་ཡིན་པས། ངས་སྣེ་ལེན་ལས་དོན་སྔར་ལས་ནན་ཏན་ངང་ཡག་པོར་སྒྲུབ་དགོསཅེས་ཟེར།

པྲོག་གསར་གློ་ཚད་རིམས་ནད་ཀྱི་ཤུགས་རྐྱེན་ཐེབས་པས་རྣམ་སྲས་གྲོག་རོང་ཆེན་མོའི་རང་བྱུང་ཉམས་ལེན་རྣམ་གྲངས་ན་ནིང་གནས་སྐབས་ཤིག་གཉེར་མཚམས་བཞག་པ་དང་། ད་ལོའི་ཟླ7པའི་ཚེས8ཉིན། གྲོག་རོང་ཆེན་མོའི་རང་བྱུང་ཉམས་ལེན་བྱེད་སྒོ་སླར་ཡང་སྒོ་ཕྱེ་ནས་ཁ་ཆད་དང་ལེན་བྱས་པ་དང་། སྲིད་གཞུང་གིས་སྣེ་ལེན་གཏན་འཁེལ་བྱས་པའི་ཁྱིམ་ཚང་ལ་སྣེ་ལེན་དོས་སྒམ་གསར་པ་རེ་སྤྲད་པ་དང་། སེང་འབྲུག་གིས་ཀྱང་ཉལ་ཁྲི་དང་། ཉལ་ཆས། སྒྲོག་ཙེ། མེ་ཐབ་སོགས་གསར་པ་བཀོད་སྒྲིག་བྱས་པ་མ་ཟད། ད་དུང་དེའི་ནང་ཨ་སྔོན་སྤྲིན་དཀར་གྱི་ལྡེབས་ཤོག་ཀྱང་སྦྱར་ཡོད། “འཕྲལ་མར་ཉམས་ལེན་བྱེད་མཁན་གསར་པར་སྣེ་ལེན་ཞུ་དགོས་པས། ངེས་པར་དུ་ཁོང་ཚོར་རང་ཁྱིམ་གྱི་ཚོར་སྣང་ཡོད་དུ་འཇུག་དགོས་ཞེས་གསར་དུ་སྒྲིག་པའི“ཁྱིམ”ལ་བལྟ་བཞིན་སེང་འབྲུག་ལ་དགའ་སྤྲོ་ཆེན་པོ་སྐྱེས་ཡོད།

གསར་འགོད་པས་ཤེས་གསལ་ལྟར་ན། རྣམ་སྲས་གྲོག་རོང་ཆེན་མོའི་རང་བྱུང་ཉམས་ལེན་རྣམ་གྲངས་ཀྱི་ཡོང་འབབ45%ཁྱིམ་ཚང་ལ་དབང་བ་དང་། 45%མཉམ་སྡེབ་ལ་དབང་ཞིང་། 10%ནི་གྲོང་ཚོའི་སྲོག་ཆགས་སྲུང་སྐྱོང་ཐེབས་རྩར་དབང་བ་བཅས་ཡིན་པས་གྲོང་ཚོ་ཡོངས་ལ་ཕན་ཐོགས་བཞིན་ཡོད། ཉེ་བའི་ལོ་གཉིས་རིང་ལ་རིམས་ནད་ཀྱི་ཤུགས་རྐྱེན་ཕོག་ཀྱང་འཛམ་གླིང་ས་གནས་སོ་སོ་ནས་ཡོང་བའི་རང་བྱུང་ཉམས་ལེན་མཁན479ལ་སྣེ་ལེན་ཞུས་ནས། ཡུལ་དེར་སྣེ་ལེན་ཡོང་འབབ་དང་ཁེ་སྤོགས་ཀྱི་ཡོང་འབབ་སྒོར་ཁྲི173ལྷག་བསྐྲུན་ཡོད།

ད་ལྟ་སེང་འབྲུག་ཚང་གིས་རང་བྱུང་ཉམས་ལེན་རྣམ་གྲངས་དང་། སྐྱེ་ཁམས་བདག་སྐྱོང་པའི་གླ་ཆ། དབྱར་རྩྭ་དགུན་འབུ་བརྐོ་པ་དང་དེ་བཞིན་རྩྭ་ཐང་གི་བྱ་དགའི་ཁ་གསབ་སོགས་ལ་བརྟེན་ནས་ལོ་རེའི་ཡོང་འབབ་སྒོར་ཁྲི5ལྷག་ཟིན་ཡོད།

རང་བྱུང་ཉམས་ལེན་གྱི་ཡུལ་སྐོར་སྣེ་ཁྲིད་པར་གྱུར་རྗེས། སེང་འབྲུག་གིས་རང་གི་ཕ་ཡུལ་ལ་རྒྱུས་མངའ་སྔར་ལས་ཆེ་བ་བྱུང་ཞིང་། མཐོང་རྒྱ་ཡང་སྔར་ལས་ཆེ་རུ་ཕྱིན་ཡོད། “སྔོན་ཆད་ཁོར་ཡུག་སྲུང་སྐྱོང་གི་གལ་ཆེན་རང་བཞིན་གསལ་བོར་ཤེས་མེད། ད་ལྟ་ངོས་འཛིན་ཧ་ཅང་ཟབ་མོ་སྐྱེས་བྱུང་། སྐྱེ་ཁམས་ཇེ་ལེགས་སུ་ཕྱིན་ཚེ་ང་ཚོའི་འཚོ་བ་ཡང་གཞི་ནས་ཇེ་ཡག་ཏུ་འགྲོ་སྲིདཅེས་སེང་འབྲུག་གིས་བཤད། ། 

རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།