ཀྲུང་གོ་བོད་ཀྱི་དྲ་བ།

ཀོས་ནན་རྫོང་གི་སྐབས་བརྒྱད་པའི་བོད་ཀྱི་གཙགས་དྲུབ་དང་གླུ་གར་རིག་གནས་ཡུལ་སྐོར་དུས་ཚིགས་བྱ་འགུལ་མགོ་ཚུགས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རིག་ལྡན་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2022-07-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མུ་མཐུད་དུ་བོད་ཀྱི་གཙགས་དྲུབ་དང་གླུ་གར་ཁྱད་ལྡན་རིག་གནས་ཐོན་ལས་གསར་འཛུགས་བྱེད་པ་དང་། མུ་གེ་ཐང་བྱེ་མའི་ཁྱད་ལྡན་གནས་སྐོར་ཟོང་རྟགས་གསར་སྐྲུན་བྱས་ཏེ།ཀོས་ནན་རིག་གནས་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ཀྱི་རྣམ་པ་གསར་སྐྲུན་བྱ་ཆེད། ཟླ7པའི་ཚེས12ཉིན། མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཀོས་ནན་རྫོང་གི་སྐབས་བརྒྱད་པའི་བོད་ཀྱི་གཙགས་དྲུབ་དང་གླུ་གར་རིག་གནས་ཡུལ་སྐོར་དུས་ཚིགས་བྱ་འགུལ་དངོས་སུ་མགོ་ཚུགས། 

ཐེངས་འདིའི་རིག་གནས་ཡུལ་སྐོར་དུས་ཚིགས་བྱ་འགུལ་གྱི་ནང་དོན་ཕུན་སུམ་ཚོགས་ཤིང་རྣམ་པ་འདྲ་མིན་ཡོད་པ་སྟེ། རོལ་དབྱངས་དགོང་ཚོགས་དང་མི་སྟོང་གི་སྐོར་བྲོ་འགྲན་བསྡུར། མི་རིགས་མདའ་འཕེན་འགྲན་བསྡུར། སྲོལ་རྒྱུན་རྟ་རྒྱུག་སོགས་མི་དམངས་མང་ཚོགས་ཀྱི་མཐོང་འདོད་ཉན་སྤྲོའི་རིག་གནས་བྱ་འགུལ་སྣ་ཚོགས་འདུ། སྐབས་བརྒྱད་པའི་བོད་ཀྱི་གཙགས་དྲུབ་དང་གླུ་གར་རིག་གནས་ཡུལ་སྐོར་དུས་ཚིགས་བྱ་འགུལ་གྱིས་ཞིང་ཆེན་སྐབས་བཞི་བའི་དམངས་ཡོངས་ལུས་སྦྱོང་ཚོགས་ཆེན་གོ་སྐབས་སུ་བྱས་ཏེ། “ཚོགས་ཆེན་ཉི་ཤུ་བ་རྒྱལ་ཁའི་ངང་འཚོགས་པར་བསུ་མ་བྱེད་པ་དང་། རིག་གནས་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས”དང་དམ་དུ་འབྲེལ་ཏེ། གྲོང་གསེབ་དར་སྤེལ་འཐབ་ཇུས”ལ་སྐུལ་འདེད་བྱེད་པ་བརྗོད་དོན་དུ་བྱས་ནས། གནས་ཚད་ཡོངས་དང་ཟུར་སྣེ་མང་པོ་ནས་ཀོས་ནན་རྫོང་གི་མཚར་སྡུག་གི་རིག་གནས་དར་སྤེལ་འཕེལ་རྒྱས་ཀྱི་གོམ་སྟབས་གསར་བ་མངོན་པ་དང་། ཕྱི་ཕྱོགས་སྒོ་འབྱེད་མཉམ་ལས་ཀྱི་འདུ་ཤེས་གསར་བར་ཤུགས་བསྣན་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་དང་མཉམ་དུ་ཡར་རྒྱས་གོང་འཕེལ་གྱི་རྣམ་པ་གསར་བར་སྐུལ་འདེད་གཏོང་རྒྱུ་རེད།

ཀོས་ནན་ལ“མཐོ་སྒང་གི་རྩྭ་ཕྱུགས་ཕ་ས”དང“བོད་ཀྱི་གཙགས་དྲུབ་གླུ་གར་གྱི་ཕ་ས”། “ཀྲུང་གོའི་ལུག་ནག་གི་ཕ་ས”བཅས་ཀྱི་མཚན་སྙན་ཡོད། ཉེ་བའི་ལོ་ཤས་རིང་། ཀོས་ནན་རྫོང་གིས་ཁྱད་ལྡན་ཐོན་ཁུངས་ཀྱི་དགེ་མཚན་དང་རིག་གནས་ཀྱི་དགེ་མཚན་དེ་དཔལ་འབྱོར་འཕེལ་རྒྱས་ཀྱི་དགེ་མཚན་དུ་བསྒྱུར་བར་དོ་སྣང་བྱས་ནས། བསྟུད་མར་སྐབས་བདུན་ལ་བོད་ཀྱི་གཙགས་དྲུབ་དང་གླུ་གར་རིག་གནས་ཡུལ་སྐོར་དུས་ཚིགས་བྱ་འགུལ་སྤེལ། རིག་གནས་ཡུལ་སྐོར་ཟོང་རྟགས་དེ་མི་རིགས་ཕུལ་བྱུང་རིག་གནས་མངོན་པའི་སྟེགས་བུ་གལ་ཆེན་ཞིག་དང་། ཕྱི་ཕྱོགས་སྒོ་འབྱེད་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་བྱེད་པའི་སྟེགས་བུ་གལ་ཆེན་ཞིག་ཏུ་གྱུར་ནས། རིགས་སོ་སོའི་མི་རིགས་འགྲོ་འོང་མཉམ་འདྲེེས་དང་སྤུན་ཟླ་རྫོང་དང་གྲོང་ཁྱེར་གྱི་བརྩེ་བ་སྦྲེལ་སའི་འབྲེལ་ཐག་ཞིག་ཏུ་གྱུར་ཡོད། །

རྩོམ་སྒྲིག་པ། : རིག་ལྡན་རྒྱ་མཚོ།