ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིང་གིས《ཇུས་གཞི》བཏོན་ཏེ་སྲོག་ཆགས་ཀྱི་འགོས་ནད་གཙང་སེལ་བྱ་བར་སྐུལ་འདེད་བཏང་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : མཁའ་མཚོ་སྐྱིད་ཀྱིས་བསྒྱུར།   སྤེལ་དུས། : 2022-07-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། མཚོ་སྔོན་ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིང་གིས《མཚོ་སྔོན་ཞིང་ཆེན་གྱི་སྲོག་ཆགས་འགོས་ནད་གཙང་སེལ་ལག་བསྟར་ཇུས་གཞི(2022-2025ལོ)(གཤམ་དུ“《ཇུས་གཞི》”ཞེས་བསྡུ་རྒྱུ)དཔར་འགྲེམ་བྱས་ཏེ། རང་ཞིང་གི་སྲོག་ཆགས་ཀྱི་འགོས་ནད་གཙང་སེལ་བྱ་བར་སྐུལ་འདེད་གཏོང་རྒྱུ་དང་། སྲོག་ཆགས་རིམས་འགོག་ཚུལ་སྒྱུར་རིམ་སྤར་བྱ་བར་སྐུལ་འདེད་བཏང་ནས། སྐྱེ་དངོས་བདེ་འཇགས་དམ་ཆུ་ཚོད་ཇེ་མཐོར་བཏང་སྟེ། རང་ཞིང་གི་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་འཛུགས་སྐྲུན་ལ་རོགས་སྐུལ་བྱས།

《ཇུས་གཞི》ལས་སྲོག་ཆགས་ཀྱི་འགོས་ནད་གཙང་སེལ་ལས་དོན་དེ་སོན་ཕྱུགས་སྤེལ་ར་དང་འོ་ཕྱུགས་སྤེལ་ར་གཙོ་གནད་དུ་བཟུང་སྟེ། མི་ཕྱུགས་ལ་མཉམ་དུ་ནད་ཕོག་པ་དང་སྲོག་ཆགས་ཀྱི་འགོས་ནས་ལྗིད་མོ། ཐད་ཀར་མཆེད་པའི་འགོས་ནད་བཅས་གཙོ་བོར་གཙང་སེལ་བྱ་རྒྱུ་དང་། གནས་གཅིག་ཁྱོན་འཁྲིད་དང་རིམ་བཞིན་ཁྱབ་གདལ་གཏོང་བའི་བྱེད་ཐབས་ཀྱིས་ཞིང་ཆེན་ཡོངས་ཀྱི་ཁྱབ་ཁོངས་སུ་སྲོག་ཆགས་ཀྱི་འགོས་ནད་གཙང་སེལ་ལས་དོན་སྤེལ་རྒྱུ་ཡིན་པ་གཏན་འབེབས་བྱས་ཡོད།

《ཇུས་གཞི》ལས2025ལོར་བསླེབ་དུས་ཞིང་ཆེན་ཡོངས་ཀྱི་སོན་ཕྱུགས་སྤེལ་ར38དང་འོ་ཕྱུགས་སྤེལ་ར33ཡོད་པ་ཚང་མ་རིམས་འགོག་གཙང་སེལ་ར་བའི་ཚད་གཞིར་བསླེབ་དགོས་ཤིང་། ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་ཁུལ་བརྒྱད་ཀྱིས་གཞི་ཁྱོན་ཅན་གྱི་གསོ་སྤེལ་ར་བ28ཡན་འདེམས་ནས་ཉུང་མཐར་ཡང་སྲོག་ཆགས་རིགས་གཅིག་གི་འགོས་ནད་གཙང་སེལ་ལས་དོན་སྤེལ་མགོ་རྩོམ་རྒྱུ་དང་། ཞིང་ཆེན་ཡོངས་ཀྱི་རྫོང(གྲོང་ཁྱེར། ཆུའུ)3ཡན་གྱིས་གཙང་སེལ་ཁུལ་གྱི་ཚད་གཞི་བསླེབ་པར་བརྩོན་ལེན་བྱེད་དགོས་པ་གསལ་བོར་བསྟན་ཡོད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།