ཀྲུང་གོ་བོད་ཀྱི་དྲ་བ།

2022ལོའི་ཁུ་ནུ་འཆད་ཁྲིད་སྐབས་བརྒྱད་པ་དངོས་སུ་སྤེལ་མགོ་བརྩམས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : མཁའ་མཚོ་སྐྱིད་ཀྱིས་བསྒྱུར།   སྤེལ་དུས། : 2022-07-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡིས་གཙོ་སྒྲུབ་བྱས་པ་དང་། མཚོ་སྔོན་མི་རིགས་སློབ་ཆེན་དང་མཚོ་སྔོན་ལས་བྱེད་པའི་དྲ་རྒྱའི་སློབ་གླིང་། མཚོ་སྔོན་ཞིང་ཆེན་ཆེད་མཁས་པ་དང་ཤེས་ལྡན་མི་སྣའི་མཉམ་འབྲེལ་ལྷན་ཚོགས་བཅས་ཀྱིས་འགན་ཁུར་ནས་བསྡུས་པའི2022ལོའི་ཁུ་ནུ་འཆད་ཁྲིད་སྐབས་བརྒྱད་པ་ཟླ7པའི་ཚེས7ཉིན་སྤེལ་མགོ་བརྩམས་པ་དང་། ཀྲུང་གོའི་སྲིད་ཁྲིམས་སློབ་ཆེན་བསམ་བློ་ཆབ་སྲིད་ཞིབ་འཇུག་ཁང་གི་དགེ་རྒན། པེ་ཅིང་གྲོང་ཁྱེར་ཏང་ཨུའི་འཆད་ཁྲིད་ཚོགས་པའི་འཆད་ཁྲིད་པ་ཀའོ་ཅི་ཁྲིན་གྱིས་ཁ་བྱང་ལ《རུལ་སུངས་བྱེད་མི་འདོད་པ་དང་རུལ་སུངས་བྱེད་མི་ཕོད་པ། རུལ་སུངས་མི་བྱེད་པའི་བསམ་བློ་ཀུན་སྤྱོད་ཀྱི་རགས་རྒྱག》ཞེས་པའི་དྲ་ཐོག་ཐད་གཏོང་འཆད་ཁྲིད་བྱས།

འཆད་ཁྲིད་བྱེད་སྐབས། ཀའོ་ཅི་ཁྲིན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་དང་དུས་རབས་གསར་བའི་དག་གཙང་རིག་གནས་འཛུགས་སྐྲུན་གྱི་གོ་དོན་རེ་བར་དམ་དུ་དམིགས་པ་དང་། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་བསམ་བློའི་ཉིང་བཅུད་དང་ཟུང་འབྲེལ་བྱས་ཏེ། དག་གཙང་རིག་གནས་འཛུགས་སྐྲུན་གཏིང་ཟབ་ཏུ་སྤེལ་བའི་གལ་ཆེན་རང་བཞིན་ལ་དབྱེ་ཞིབ་ཟབ་མོ་བྱས། དུས་ཚོད་གཉིས་རིང་གི་འཆད་ཁྲིད་ཀྱི་ཟུར་སྣེ་གསར་བ་ཡིན་པ་དང་བསམ་བློའི་གཏིང་ཟབ་ལ། ནང་དོན་ཕུན་སུམ་ཚོགས་པ་དང་། སྐུལ་སློང་རང་བཞིན་དྲག་པོ་ལྡན། རང་ཞིང་གི་ཏང་ཡོན་ལས་བྱེད་པས། ལངས་གནས་མཐོ་བ་དང་རྣམ་པ་གསར་བའི་འཆད་ཁྲིད་འདི་འདྲར་ཉན་ན། ཚང་མས་གཞི་གཅིག་སྒོས་རུལ་སུངས་བྱེད་མི་ཕོད་པ་དང་རུལ་སུངས་བྱེད་མི་འདོད་པ། རུལ་སུངས་མི་བྱེད་པའི་དུས་རབས་གསར་བའི་ཏང་ཁྱོན་ཡོངས་བཅོས་སྐྱོང་ནན་མོ་བྱེད་པའི་ཇུས་ཆོད་གལ་ཆེན་དེར་ངོས་འཛིན་སྔར་ལས་ཟབ་མོ་བྱེད་པར་ཕན་པ་ཡོད་ཟེར། ཚང་མས་བསྟན་དོན། རུལ་སུངས་ལ་ངོ་རྒོལ་བྱེད་རྒྱུ་ནི་ཆབ་སྲིད་ཀྱི་འཐབ་རྩོད་ནན་མོ་ཞིག་ཡིན་པ་དང་། “ལོ་ལྔའི་འཆར་གཞི་བཅུ་བཞི་པ”ལག་བསྟར་བྱེད་པའི་གནད་འགག་གི་ལོར། རང་ཉིད་ནས་མགོ་རྩོམ་པ་དང་མི་དམངས་ཀྱི་ལངས་ཕྱོགས་ཇེ་བརྟན་དུ་གཏོང་བ། ཧུར་ཐག་གིས་སྤྱོད་གཙང་སྲོལ་བཟང་གི་ལས་གཉེར་ལས་སྐྲུན་གྱི་ཁོར་ཡུག་བསྐྲུན་ནས། འགན་འཁྲི་འདུ་ཤེས་མཐོན་པོ་དང་ལོ་རྒྱུས་ཀྱི་འདུ་ཤེས་མཐོན་པོས་དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་དགོས།

གྲོང་ཁྱེར་དང་ཁུལ་སོ་སོའི་ལས་ཁུངས་དང་ཞིང་ཆེན་ཐད་གཏོགས་འབྲེལ་ཡོད་སྡེ་ཁག ཞིང་ཆེན་ཁོངས་གཏོགས་མཐོ་རིམ་སློབ་གྲྭ། ཞིང་ཆེན་ཁོངས་གཏོགས་ཁེ་ལས་བཅས་ཀྱི་ལས་བྱེད་པ700ལྷག་གིས་འཆད་ཁྲིད་ལ་ཉན།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།