ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པའམ་ཞིང་ཆེན་སྤྱིའི་བཟོ་ཚོགས་ཀྱི་ཀྲུའུ་ཞི་མཱ་ཅི་ཞའོ་ཟི་ལིང་གྲོང་ཁྱེར་སྟོང་སྐོར་རྫོང་དང་། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཁྲི་ཀ་རྫོང་དུ་སོང་ནས་ཁེ་ལས་བསྐྱར་སྐྲུན་ཐོན་སྐྱེད་དང་། བཟོ་ཚོགས་ཀྱི་བྱ་བའི་གནས་ཚུལ་ལ་རྟོག་ཞིབ་བྱས་པ་དང་། ལས་ཡུལ་དང་པོའི་ལས་བཟོ་བ་དང་དཀའ་ངལ་ཡོད་པའི་ལས་བཟོ་བར་འཚམས་འདྲི་བྱས་པ་མ་ཟད།“བསིལ་བ་སྦྱིན”པའི་བྱ་འགུག་སྤེལ་བ་དང་། ཁྲི་ཀ་རྫོང་དུ་ངལ་རྩོལ་དཔེ་ལེགས་རྟེན་གཞིའི་སྒོ་བྱང་གི་ཡོལ་བ་ཕྱེས།
མཱ་ཅི་ཞའོ་ཡིས་ཁེ་ལས་བསྐྱར་སྐྲུན་ཐོན་སྐྱེད་གནས་ཚུལ་ལ་རྟོག་ཞིབ་བྱེད་སྐབས་ནན་གྱིས་བསྟན་དོན། སྐྱེ་ཁམས་དཔལ་ཡོན་མཐོ་ས་གསར་སྐྲུན་དང་། “གནས་བཞི”ཐོན་ལས་འཛུགས་སྐྲུན། སྐྱེ་ཁམས་ཐོན་རྫས་གསར་སྤེལ་སྒྲིག་སྲོལ་འཐུས་ཚང་དུ་བཏང་ནས། སྐྱེ་ཁམས་གནས་སྐོར་གསར་སྤེལ་རྣམ་པ་ཕུན་ཚོགས་སུ་བཏང་ནས།རང་ས་གནས་དང་འཚམས་པའི་དོན་དངོས་གནས་ཚུལ་གྱི་སྒྲུབ་ཐབས་གསར་བ་འཚོལ་ཞིབ་བྱེད་དགོས། ལས་བཟོ་བ་གཙོ་བོར་འཛིན་པའི་འཕེལ་རྒྱས་ཀྱི་འདུ་ཤེས་རྒྱུན་འཁྱོངས་དང་། ཞབས་ཞུའི་རྩ་བའི་ལས་འགན་ཀྱི་དབང་ཆ་སྲུང་སྐྱོང་བྱས་ཏེ། ལས་བཟོ་མང་ཚོགས་ཀྱི་སེམས་ཁུར་བྱེད་པའི་གནད་དོན་ཐག་གཅོད་དང་། ལས་བཟོ་བའི་མི་སེམས་གཅིག་སྒྲིལ་གྱིས། འཕེལ་རྒྱས་ཡིད་ཆེས་བརྟན་པོ་དང་། ལས་སྐྲུན་ཐོན་སྐྱེད་ལ་རོགས་འདེགས་བྱེད་དགོས། ལས་བཟོ་བ་ཕྱིར་སོང་ནས་སྔོན་ཐོན་ཚོང་གཉེར་དོ་དམ་འདུ་ཤེས་དང་བྱེད་ཐབས་རྩ་འཛུགས་དང་། ཚོང་རའི་དགོས་མཁོར་རྟོག་ཞིབ་བྱས་ཏེ། ཐོན་རྫས་ཀྱི་སྤུས་ཚད་ཁག་ཐེག་དང་། ཟོང་རྟགས་གསར་སྐྲུན་བྱེད་པ་དང་། ཕྱིར་འཚོང་ཐབས་ལམ་རྒྱ་བསྐྱེད་དགོས། ངལ་རྩོལ་དཔེ་ལེགས་ཀྱི་བྱ་བའི་གསར་སྐྲུན་ཁང་གི་དཔེ་སྟོན་སྣེ་ཁྲིད་འདོན་སྤེལ་དང་། མཁྲེགས་གཏོར་སོགས་ཐད་ཀྱི་བྱེད་ནུས་གསར་གཏོད་དང་། ཁེ་ལས་འབྲིང་ཆུང་གི་ལས་བཟོ་བའི་ནུས་རྩལ་གསོ་སྦྱོང་ལ་ཤུགས་བསྣན་ཏེ། ལས་བཟོ་བའི་ནུས་རྩལ་ཆུ་ཚད་མཐོ་རུ་བཏང་ནས། ཁེ་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ཞེས་བསྟན། །