ཀྲུང་གོ་བོད་ཀྱི་དྲ་བ།

ཝང་ཝེ་ཏུང་གིས་མཚོ་སྔོན་གྱི2022ལོའི་ས་ཡོམ་གནོད་འཚེའི་ཕྱོགས་བསྡུས་དངོས་འཐབ་སྦྱོང་བརྡར་ལ་ལྟ་སྦྱོང་དང་མཛུབ་སྟོན་གནང་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : བདེ་ལེགས་མཚོ་ཡིས་བསྒྱུར།   སྤེལ་དུས། : 2022-07-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ7པའི་ཚེས5ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ནམ། རྒྱུན་ལས་ཧྲིན་ཀྲང་གཞོན་པ་ཝང་ཝེ་ཏུང་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གཅན་ཚ་རྫོང་ཁམས་ར་གྲོང་རྡལ་དུ་སོང་སྟེ། ཡུལ་དངོས་ནས་མཚོ་སྔོན་གྱི2022ལོའི་ས་ཡོམ་གནོད་འཚེའི་ཕྱོགས་བསྡུས་དངོས་འཐབ་སྦྱོང་བརྡར་ལ་ལྟ་སྦྱོང་དང་མཛུབ་སྟོན་བྱས་ཏེ།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གནོད་འགོག་ཉེན་སེལ་རྒུད་སྐྱོབ་སྐོར་གྱི་རྣམ་བཤད་གལ་ཆེན་ལག་བསྟར་ནན་མོ་བྱེད་པ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བྱ་བའི་བླང་བྱ་ཁྱོན་ཡོངས་ནས་དངོས་འབེབས་བྱས་ཏེ། མི་དམངས་བླ་ན་མེད་པ་དང་ཚེ་སྲོག་བླ་ན་མེད་པའི་འདུ་ཤེས་ཆགས་པར་བྱེད་པ་དང་། འགོག་སྲུང་གཙོ་བོར་འཛིན་པ་དང་འགོག་རྒོལ་རྒུད་སྐྱོབ་ཟུང་འབྲེལ་བྱེད་པ་རྒྱུན་འཁྱོངས་བྱེད་དགོས་པ་མ་ཟད། བྱ་བའི་རྐྱེན་སྲོལ་སྔར་ལས་འཐུས་ཚང་དུ་གཏོང་བ་དང་། གཞི་རིམ་གྱི་རྨང་གཞི་སྲ་བརྟན་དུ་གཏོང་བ། སྦྱོང་བརྡར་ལ་དམ་འཛིན་བྱེད་པ་བཅས་བྱས་ཏེ། སྟོབས་ཤུགས་ཡོད་རྒུ་བཏོན་ནས་རིགས་སོ་སོའི་གནོད་འཚེ་དང་ཉེན་ཁར་དོགས་ཟོན་བྱེད་པ་དང་ཞི་འཇགས་སུ་གཏོང་དགོས་ཞེས་བསྟན།

ཝང་ཝེ་ཏུང་གིས་ས་ཡོམ་སོགས་གནོད་འཚེའི་ཕྱོགས་བསྡུས་དངོས་འཐབ་སྦྱོང་བརྡར་གཏིང་ཟབ་ཏུ་སྤེལ་བ་ནི། འཕྲལ་བསྟུན་མཉམ་འབྲེལ་རྐྱེན་སྲོལ་ལ་ཞིབ་བཤེར་བྱེད་པ་དང་། རྒུད་སྐྱོབ་དཔུང་སྡེ་དངོས་འཐབ་ནུས་པ་མཐོར་འདེགས་སུ་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་ཡིན་པས། ས་གནས་སོ་སོ་དང་ལས་ཁུངས་སོ་སོ། སྡེ་ཁག་སོ་སོས་འཕྲལ་བསྟུན་ཇུས་གཞིའི་སྒྲིག་ཁོངས་བཟོ་བཅོས་དང་རྒྱུན་རྣམ་ཅན་གྱི་དངོས་འཐབ་སྦྱོང་བརྡར་ལ་མཐོང་ཆེན་བྱས་ཏེ། རྩ་འཛུགས་བྱས་ནས་དངོས་འཐབ་སྦྱོང་བརྡར་བཟང་བོ་བྱེད་པ་དང་། ཕན་ནུས་འདོན་སྤེལ་བྱེད་པ་དེ་ཉེན་ཁ་འགོག་སྲུང་དང་ཉམས་ཉེན་ཞི་འཇགས་སུ་གཏོང་བ་དང་། བདེ་འཇགས་ལ་འགན་སྲུང་བྱེད་པའི་བྱ་བ་གཙོ་བོར་བཟུང་ནས་དམ་འཛིན་བྱེད་པ་དང་། ནུས་ཤུགས་ཡོད་རྒུ་བཏོན་ནས་ཕྱོགས་གཅིག་གི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། ཕྱོགས་གཅིག་གི་བདེ་འཇགས་ལ་འགན་སྲུང་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་དང་ལེན་བྱེད་དགོས་ཞེས་ནན་གྱིས་བསྟན། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།