ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ལས་གནས་གཏན་འཇགས་དང་ལས་གནས་ཁ་གསབ་ལ་སྒོར་ཁྲི5741རྩིས་སྤྲོད་བྱས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རིག་ལྡན་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2022-07-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ7པའི་ཚེས5ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་ནས་ཤེས་གསལ་ལྟར་ན། རིམས་ནད་ཀྱིས་སིལ་འཚོང་དང་བཟའ་བཏུང་། གནས་སྐོར། དམངས་སྤྱོད་མཁའ་འགྲུལ། གཞུང་ལམ་དང་ཆུ་ལམ། ལྕགས་ལམ་སོགས་དམིགས་བསལ་དཀའ་ཁག་ལྡན་པའི་ལས་རིགས་ཀྱི་ཁེ་ལས5ལ་ཤུགས་རྐྱེན་ཐེབས་ཚད་ཇེ་དམའ་རུ་གཏོང་བ་དང་། ལས་ཤོར་འགན་བཅོལ་ལས་གནས་གཏན་འཇགས་བྱེད་ནུས་འདོན་སྤེལ་བྱ་ཆེད། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སྡེ་ཁག་གིས་རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་དཀའ་ཁག་ཡོད་པའི་ཁེ་ལས་ཆེ་གྲས་ཀྱི་ལས་གནས་གཏན་འཇགས་ཚད་གཞིའི20%ཕྱིར་སློག་དང་། ཐེངས་གཅིག་རང་བཞིན་གྱི་ལས་གནས་སོར་འཇོག་གསོ་སྦྱོང་ཁ་གསབ་མ་དངུལ། ཐེངས་གཅིག་རང་བཞིན་གྱི་ལས་གནས་ཁ་གསབ་སྟེར་པའི་བྱ་བ་ལག་བསྟར་བྱས་ཤིང་། དུས་ཐོག་ཏུ་སྲིད་ཇུས་ཀྱི་ཕན་ནུས་འདོན་སྤེལ་བྱས།

ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་གིས་སྔར་ལས་ལྷག་པར་ཁེ་ལས་ཀྱིས་ལས་རྐང་བརྟན་སྐྱེད་མ་དངུལ་བཀོལ་སྤྱོད་ཐད་ཀྱི་ལྟ་སྐུལ་ལ་ཤུགས་བསྣན་ཏེ། མ་དངུལ་ལྐོག་ཟ་དང་ཧམ་བཟུང་། སོར་འཇོག མགོ་སྐོར། སྲིད་ཇུས་མ་དངུལ་ལྐོག་ལེན། དེ་མིན་ཁྲིམས་འགལ་བྱ་སྤྱོད་བཀག་འགོག་བྱས། སྤྱི་ཚོགས་ལྟ་སྐུལ་སྒྲིག་གཞི་འཛུགས་སྐྲུན་དང་། ཡིད་རྟོན་ཤོར་བ་དང་ཡིད་རྟོན་མཉམ་འབྲེལ་ཁྲིམས་བཅད་དོན་འཁྱོལ་བྱས་ཏེ། ཁེ་ལས་ཀྱིས་ལས་གནས་ཐོབ་ཐང་མ་དངུལ་རེ་ཞུ་བྱེད་པའི་གོ་རིམ་ཁྲོད་འབྱུང་སྲིད་པའི་ཡིད་རྟོན་ཤོར་བའི་ཉེན་ཁར་དམིགས་ནས། དུས་ཐོག་ཏུ་ཡིད་རྟོན་ཤོར་བའི་མཉམ་འབྲེལ་ཁྲིམས་བཅད་བྱ་བ་ལག་བསྟར་བྱས། ད་ལྟའི་བར་དུ། ཞིང་ཆེན་ཡོངས་ཀྱིས་ཁེ་ལས་ཆེ་གྲས99ཡི་ལས་གནས་གཏན་འཇགས་ཚད་གཞི་མཐོར་འདེགས་ཀྱི་མ་དངུལ་སྒོར་ཁྲི3411རྩིས་སྤྲོད་བྱས་པ་དང་། ཁེ་ལས1302ལ་ཐེངས་གཅིག་རང་བཞིན་གྱི་གསོ་སྦྱོང་ཁ་གསབ་མ་དངུལ་སྒོར་ཁྲི2330རྩིས་སྤྲོད་བྱས་ནས། ལས་བཟོ་བ་ཁྲི4.7ལ་ཕན་ཁེ་ཐོབ་པ་རེད།  ། 

རྩོམ་སྒྲིག་པ། : རིག་ལྡན་རྒྱ་མཚོ།