ཀྲུང་གོ་བོད་ཀྱི་དྲ་བ།

ཧོང་ཡོན་རྫོང་དུ་གཅན་གཟན་གསའ་ཐོག་མར་མཐོང་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2022-07-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ7པའིཚེས1ཉིན། གསར་འགོད་པས་ཟི་ལིང་གྲོང་ཁྱེར་ཧུང་ཡོན་རྫོང་དྲིལ་སྒྲོག་པུའུ་ནས་ཤེས་གསལ་ལྟར་ན། ཉེ་ལམ། ཀྲུང་གོའི་ཚན་རིག་གླིང་ནུབ་བྱང་སྐྱེ་ཁམས་ཁོར་ཡུག་ཐོན་ཁུངས་ཞིབ་འཇུག་གླིང་གི་ཞིབ་འཇུག་པ་ཁྲིན་ཧྲིན་ཡོན་དང་། ཀྲུང་གོའི་ཚན་རིག་གླིང་ནུབ་བྱང་མཐོ་སྒང་སྐྱེ་དངོས་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་ཀྲང་ཐུང་ཙའོ། མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཨན་ཧྥུ་ཡུན་དང་དགེ་རྒན་ཆེན་མོ་གཞོན་པ་རོང་ཀྲན་ལའེ་བཅས་ཀྱིས་གྲུབ་པའི་མཚོ་བོད་མཐོ་སྒང་གི་ཕྱོགས་བསྡུས་ཚན་རིག་རྟོག་ཞིབ་ཞིབ་འཇུག་ཡན་ལག་རུ་ཁག་སྐོར་གཉིས་པས། མཚོ་སྔོན་ཞིང་ཆེན་ཧོང་ཡོན་རྫོང་ཁོངས་སུ་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་སྲུང་སྐྱོབ་ས་ཚིགས་དང་མཉམ་འབྲེལ་སྒོས་ས་ཁོངས་དེའི་རི་སྐྱེས་སྲོག་ཆགས་དང་སྐྱེ་དངོས་སྣ་མང་རང་བཞིན་ལ་རྟོག་ཞིབ་བྱས།  ཞིབ་འཇུག་བྱེད་སྐབས་ལས་བྱེད་པ་རྣམས་ཀྱིས་ཉེ་བའི་ལོ་གཅིག་ནང་དམར་ཕྱིའི་པར་ཆས་ཀྱིས་བླངས་པའི་པར་གྱི་རྒྱུ་ཆ་ཧྲག་བསྡུ་བྱེད་སྐབས། ཧོང་ཡོན་རྫོང་ཉི་ཟླ་བོད་རིགས་ཞང་གི་མཚོ་ངོས་ལས་སྨི4096ལྷག་ཡོད་པའི་ས་ཆ་རུ་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོབ་སྲོག་ཆགས་གསའ་པར་དུ་བླངས་པ་རྙེད་པ་དང་། འདི་ནི་ཧོང་ཡོན་རྫོང་ནས་གསའ་པར་བླངས་པ་ཐོག་མ་ཡིན། 

22222222.png

མཚམས་སྦྱོར་བྱས་པ་ལྟར་ན།  ཐེངས་འདིར་གསའ་མཐོང་བའི་གནས་ནི་མཚོ་སྔོན་ཞིང་ཆེན་གྱི་ལྟེ་གནས་གྲོང་ཁྱེར་ཟི་ལིང་ནས་དྲང་ཐད་བར་ཐག་ལེ་བར50མཚམས་སུ་ཡོད་ལ། ཟི་ལིང་གྲོང་ཁྱེར་གྱི་སྲུང་སྐྱོབ་ས་ཁོངས་ཀྱི་ཕྱི་ནས་གསའ་མཐོང་དཀའ་བའི་སྟོང་ཆ་བསྐངས་པ་དང་། ཟི་ལིང་གྲོང་ཁྱེར་གྱི་སྐྱེ་དངོས་སྣ་མང་རང་བཞིན་དང་མཚོ་བོད་མཐོ་སྒང་གི་གསའ་ཡི་ཁྱབ་སྟངས་ཞིབ་འཇུག་བྱེད་པར་གཞི་འཛིན་ས་འདོན་སྤྲོད་བྱས་ཡོད།   །  

རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།