ཀྲུང་གོ་བོད་ཀྱི་དྲ་བ།

མཱ་ཧྥིན་ཧྲིན་གྱིས་རྟོག་ཞིབ་ཚན་ཆུང་གི་སྣེ་ཁྲིད་དེ་མགོ་ལོག་ཏུ་རིམ་པ་བཞིའི་སྲིད་གྲོས་ཨུ་ཡོན་གྱིས་མཉམ་འབྲེལ་གཟིགས་ཞིབ་བྱས་པར་ལྟ་སྐུལ་བྱས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རིག་ལྡན་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2022-07-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ6པའི་ཚེས22ཉིན་ནས་ཚེས24ཉིན་བར། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་མཱ་ཧྥིན་ཧྲིན་གྱིས་རྟོག་ཞིབ་ཚན་ཆུང་གི་སྣེ་ཁྲིད་དེ་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དུ་སོང་ནས“མགྱོགས་མྱུར་ངང་རྒྱལ་སྤྱིའི་སྐྱེ་ཁམས་གནས་སྐོར་ལམ་ཐིག་མ་ལག་འཛུགས་སྐྲུན”ལ་དམིགས་ནས་རིམ་པ་བཞིའི་སྲིད་གྲོས་ཨུ་ཡོན་གྱིས་མཉམ་འབྲེལ་གཟིགས་ཞིབ་བྱས་པར་ལྟ་སྐུལ་བྱས། རྟོག་ཞིབ་ཚན་ཆུང་གིས་ཡུལ་དངོས་ནས་པད་མ་རྫོང་གི་གསར་བརྗེའི་སློབ་གསོ་རྟེན་གཞི་དང་གཅིག་སྒྲིལ་རྫོང་གི་གཉན་པོ་གཡུ་རྩེ་རུ་སོང་ནས། མགོ་ལོག་ཁུལ་གྱི་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བ་དང་བཞུགས་མོལ་བརྗེ་རེས་བྱས། 

མཱ་ཧྥིན་ཧྲིན་གྱིས་བསྟན་དོན། མཚོ་སྔོན་གྱིས་རྒྱལ་སྤྱིའི་སྐྱེ་ཁམས་གནས་སྐོར་བྱེད་ས་གསར་སྐྲུན་བྱེད་པ་ནི། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ང་ཚོར་གནང་བའི་ལས་འགན་གལ་ཆེན་དེ་ཡིན་པ་དང་། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་བསམ་བློ་ལག་ལེན་དོན་འཁྱོལ་བྱེད་པའི“ཆེས་ཆེ་བ་གསུམ”གྱི་ཞིང་ཆེན་གནས་ཚུལ་གཏན་འཁེལ་དང“ཏན་ཏིག་བཞིའི”བླང་བྱ་གལ་ཆེན་གྱི་བྱེ་བྲག་གི་ལག་ལེན་ཡིན་ལ། མཚོ་སྔོན་གྱི་སྤྱི་ཚོགས་དཔལ་འབྱོར་ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད། རྒྱུན་མཐུད་འཕེལ་རྒྱས། ཕན་ནུས་ལྡན་པའི་སྒོ་ནས་མང་ཚོགས་ཀྱི་ཡོང་སྒོ་འཕར་བ་དང་། དམངས་འཚོའི་ཕན་བདེ་ཇེ་མང་དུ་གཏོང་བའི་བྱེད་ཐབས་ནུས་ལྡན་ཡིན་ཞེས་བསྟན། 

མཱ་ཧྥིན་ཧྲིན་གྱིས་ནན་གྱིས་བསྟན་དོན། རྒྱལ་སྤྱིའི་སྐྱེ་ཁམས་གནས་སྐོར་བྱེད་ས་གསར་སྐྲུན་གྱི་དོན་སྙིང་གལ་ཆེན་ལ་ངེས་ཤེས་ཟབ་མོ་ཡོད་པ་དང་། བསམ་བློ་དང་བྱེད་སྟངས་དེ་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་བསམ་བློའི་སྟེང་ཐོན་པར་བྱེད་པ་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་སྟེང་གཅིག་གྱུར་ཡོང་བར་བྱས་ནས། ལངས་ཕྱོགས་མཐོན་པོ་དང་ལས་དོན་སྒྲུབ་ཕོད་པའི་སྙིང་སྟོབས་ཀྱིས། ཏན་ཏིག་གིས་འཆར་འགོད་དང་སྟོབས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས། སྐྱེ་ཁམས་གནས་སྐོར་ལམ་ཐིག་མ་ལག་འཛུགས་སྐྲུན་བྱེད་པ་དེ་ཏང་ཨུ་དང་སྲིད་གཞུང་གི་རྗེས་ཕྱོགས་ཀྱི་བྱ་བའི་གཙོ་གནད་དུ་བཟུང་ནས། དྲིལ་སྒྲོག་སྣེ་ཁྲིད་བྱ་བ་ལེགས་པོར་སྒྲུབ་པ་དང་། ཕྱོགས་སོ་སོའི་སྟོབས་ཤུགས་གཅིག་གྱུར་མཐུན་སྦྱོར་སྒོས་རྟོག་ཞིབ་ཞིབ་འཇུག་བྱེད་པ་དང་། གོང་འོག་སེམས་པ་གཅིག་ཏུ་བྱས་ནས། མཉམ་དུ་དོ་དམ་བྱེད་པ་དང་། འདུས་ཤུགས་ཀྱིས་མཁྲེགས་གཏོར་རྣམ་པ་ལེགས་པོ་ཆགས་སུ་འཇུག་དགོས། དགེ་མཚན་ཁོང་དུ་ཆུད་པར་བྱེད་པ་དང། ཁྱད་ཆོས་འབུར་ཐོན། ཞིང་ཆེན་ལྟེ་གནས་སུ་བྱེད་པ་དང་། ཁུལ་གཙོ་གནད་དུ་འཛིན་པ། རྫོང་རྨང་གཞིར་བྱས་ཏེ། ས་གནས་དང་མཐུན་པའི་སྐྱེ་ཁམས་གནས་སྐོར་འཕེལ་རྒྱས་འཆར་འགོད་གཏན་འཁེལ་བྱས་ཏེ། སྐྱེ་ཁམས་གནས་སྐོར་ལམ་ཐིག་མ་ལག་གྲུབ་པར་བྱེད་དགོས་ཞེས་བསྟན།  ། 

རྩོམ་སྒྲིག་པ། : རིག་ལྡན་རྒྱ་མཚོ།