ཀྲུང་གོ་བོད་ཀྱི་དྲ་བ།

དབྱང་ཧྥིན་ཁྲུན་གྱིས་མཚོ་སྔོན་ཚོང་གཏམ་གྲོས་ཚོགས་དང་སྐྱེ་ཁམས་འགྲེམ་སྟོན་གྲོས་ཚོགས་ཀྱི་གྲ་སྒྲིག་བྱ་བར་རྟོག་ཞིབ་བྱས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་འབུམ་ཚེ་རིང་གིས་བསྒྱུར།   སྤེལ་དུས། : 2022-07-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ7པའི་ཚེས4ཉིན། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་དབྱང་ཧྥིན་ཁྲུན་ཟི་ལིང་གྲོང་ཁྱེར་མཁར་ལྷོའི་རྒྱལ་སྤྱིའི་འགྲེམ་སྟོན་ལྟེ་གནས་སུ་སོང་ནས། ཡུལ་དངོས་སྐུལ་སྤེལ་གྲོས་ཚོགས་བསྡུས་པ་དང་། མཚོ་སྔོན་ཚོང་གཏམ་གྲོས་ཚོགས་དང་སྐྱེ་ཁམས་འགྲེམ་སྟོན་གྲོས་ཚོགས་ཀྱི་གྲ་སྒྲིག་གནས་ཚུལ་ལ་ཉན་ཞིང་། དེའི་ཐད་གནས་པའི་དཀའ་ཁག་གནད་དོན་མཐུན་སྦྱོར་ངང་ཐག་བཅད་པ་དང་། ཡུལ་དངོས་ནས་འགྲེམ་སྟོན་ཁང་གི་འགྲེམ་སྟོན་ཇུས་འགོད་དང་འཛུགས་སྐྲུན་བྱ་བར་ལྟ་ཞིབ་མཛུབ་སྟོན་བྱས།

དབྱང་ཧྥིན་ཁྲུན་གྱིས་མཚོ་སྔོན་ཚོང་གཏམ་གྲོས་ཚོགས་དང་སྐྱེ་ཁམས་འགྲེམ་ཚོགས་གྲ་སྒྲིག་བྱ་བ་སྤེལ་བ་ནས་བཟུང་། ལག་བསྟར་ཨུ་ཡོན་ལྷན་ཁང་གི་ཁོངས་གཏོགས་སྡེ་ཁག་སོ་སོས་མྱུར་དུ་འགུལ་སྐྱོད་བྱས་པ་དང་། ཁག་ཁུར་འབད་འཐབ། མཉམ་ལས་གཞོགས་འདེགས་བྱས་ནས། ཕན་འབྲས་ལྡན་པའི་བྱ་བ་མང་པོ་བསྒྲུབས་པ་དང་། གྲ་སྒྲིག་བྱ་བ་སྣ་ཚོགས་འཆར་གཞི་ལྟར་ཤུགས་དང་གོ་རིམ་ལྡན་པའི་ངང་སྤེལ་ཞེས་བསྟན། ཁོས་ད་དུང་མཚོ་སྔོན་ཚོང་གཏམ་གྲོས་ཚོགས་དང་སྐྱེ་ཁམས་འགྲེམ་ཚོགས་འཚོག་ལ་ཉེ་བ་དང་། གྲ་སྒྲིག་བྱ་བ་སྣ་ཚོགས་ཀྱི་དུས་ཚོད་བྲེལ་མྱུར་ཆེ་བ་དང་ལས་འགན་ཧ་ཅང་ལྕི་ལ། རེ་བ་མཐོ་བ་དང་འགན་འཁྲི་ཧ་ཅང་ལྕི་བས། ལག་བསྟར་ཨུ་ཡོན་ལྷན་ཁང་གི་ཁོངས་གཏོགས་ལས་ཁུངས་སོ་སོས་འགན་འཁྲི་འདུ་ཤེས་དང་བྲེལ་མྱུར་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་དང་། སྤྱི་ཡོངས་ཀྱི་འདུ་ཤེས་དང་མ་ལག་བསམ་བློ་འཛུགས་པ། གནད་འགག་ལ་དམ་དུ་དམིགས་པ། ལས་འགན་གཙོ་བོ་དམ་འཛིན་བྱས་ཏེ། སྟོབས་ཤུགས་ཡོད་རྒུས་གྲ་སྒྲིག་བྱ་བ་སྣ་ཚོགས་ལེགས་པར་བསྒྲུབ་དགོས་པར་ནན་གྱིས་བསྟན། 

དབྱང་ཧྥིན་ཁྲུན་གྱིས་གཅིག་གྱུར་བཀོད་འདོམས་ལ་ཤུགས་སྣོན་དང་། སྤྱི་ཁོག་གི་ཇུས་གཞི་གཙིགས་སུ་འཛིན་པ། ལག་བསྟར་ཨུ་ཡོན་ལྷན་ཁང་གཞུང་ལས་ཁང་གིས་མགོ་ཁྲིད་དེ་སྤྱི་ཡོངས་དམ་འཛིན་རྐྱེན་སྲོལ་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ། ལས་འགན་གྱི་གསལ་ཕྲ་དང་དུས་ཚོད། འགན་འཁྲི་མི་སྣ་གཏན་ཁེལ་གསལ་བོ་བྱེད་པ། འགྲེམ་ཚོགས་ཀྱི་བྱ་འགུལ་གལ་ཆེན་དང་སྐུ་མགྲོན་གདན་ཞུ། ཚོང་འགུག་འགྲེམ་སྟོན། འགྲེམ་ཁང་འཛུགས་སྐྲུན། སྣང་ཚུལ་སྐྲུན་པ་སོགས་ལ་དམིགས་ནས། ཇུས་གཞི་ཇེ་ཞིབ་ཏུ་གཏོང་བ་དང་། སྙན་ཞུ་མཆན་འགོད་རྒྱུད་རིམ་ཇེ་དམ་ཏུ་བཏང་སྟེ། མཉམ་ལས་གཅིག་གྱུར་ནན་མོ་བྱེད་དགོས། བརྗེ་རེས་ལ་ཤུགས་སྣོན་པ་དང་། ཞིབ་ཕྲར་དོ་སྣང་བྱེད་པ། གཙོ་གནད་ཁོང་དུ་ཆུད་པར་བྱེད་པ། སྦྲེལ་མཐུད་ཐད་ནས་གོ་རིམ་ལྡན་པར་བྱས་ནས། མཉམ་ཤུགས་གྲུབ་པར་བྱེད་དགོས། ཡུལ་དངོས་དྲ་ཐོག་གི་ལམ་བུ་སྣ་ཚོགས་བེད་སྤྱོད་གང་ལེགས་བྱས་ཏེ། འགྲེམ་ཚོགས་ཀྱི་དྲིལ་སྒྲོག་ངོ་སྤྲོད་བྱ་བ་ཤུགས་ཆེར་སྤེལ་དགོས། རིམས་ནད་འགོག་སྡོམ་དང་བདེ་འཇགས་འགན་སྲུང་སོགས་བྱེད་ཐབས་ལག་བསྟར་ནན་མོ་བྱས་ནས། འགྲེམ་སྟོན་གྲོས་ཚོགས་དུས་བཅད་ལྟར་བདེ་འཇགས་དང་བདེ་བླག་ངང་འཚོགས་པར་ཁག་ཐེག་བྱེད་དགོས་པའི་བླང་བྱ་བཏོན། །

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།