ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་དོན་འཁྱོལ་བྱེད་པའི་ཞིང་ཆེན་ཏང་ཨུའི་སྒྲོག་འགྲེལ་ཚོགས་པས་སྒྲོག་འགྲེལ་བྱ་འགུལ་སྤེལ་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་འབུམ་ཚེ་རིང་གིས་བསྒྱུར།   སྤེལ་དུས། : 2022-07-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ6པའི་ཚེས30ཉིན་ནས་ཟླ7པའི་ཚེས4ཉིན་བར། མཚོ་སྔོན་ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་དོན་འཁྱོལ་བྱེད་པའི་ཞིང་ཆེན་ཏང་ཨུའི་སྒྲོག་འགྲེལ་ཚོགས་པའི་ཁོངས་མི་སྟེ། ཞིང་ཆེན་སྲིད་གྲོས་མི་རིགས་ཆོས་ལུགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཝང་ཧྭ་ཕིང་དང་། མཚོ་སྔོན་ཉིན་རེའི་ཚགས་པར་ཁང་གི་ཏང་ཙུའུ་ཧྲུའུ་ཅིའམ་ཧྲེ་ཀྲང་ཧུའུ་ཝེ་ཀྲུང་། ཞིང་ཆེན་ས་གནས་དངུལ་རྩ་ལྟ་སྐུལ་དོ་དམ་ཅུའུ་ཡི་ཅུའུ་ཀྲང་གཞོན་པ་ལི་ཅན་ལེ། ཞིང་ཆེན་རྒྱང་སྒྲོག་བརྙན་འཕྲིན་ཅུའུ་ཡི་ཅུའུ་ཀྲང་གཞོན་པ་ཝང་ཡུས་ཧོང་། མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་སློབ་གཙོ་གཞོན་པ་དབྱི་ཁྲིན་ཧྥུའུ་བཅས་ཞིང་ཆེན་སྤྱི་ཁྱབ་བཟོ་ཚོགས་དང་ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུའུ། ཞིང་ཆེན་ཐད་གཏོགས་ལས་ཁུངས་བྱ་བའི་ཨུ་ཡོན་ལྷན་ཁང་། ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་། ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིང་། ཞིང་ཆེན་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ། ཧེ་ཡན་རྫོང་སོགས་ལ་སོང་ནས་གཅིག་བསྡུས་སྒོས་སྒྲོག་འགྲེལ་བྱས།

སྒྲོག་འགྲེལ་སྐབས་སུ། ཞིང་ཆེན་ཏང་ཨུའི་སྒྲོག་འགྲེལ་ཚོགས་པའི་ཁོངས་མི་སོ་སོས་ས་གནས་སོ་སོ་དང་ལས་ཁུངས་སོ་སོའི་བྱ་བའི་དོན་དངོས་དང་ཟུང་འབྲེལ་དང་། ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་པའི་བརྗོད་དོན་གཙོ་བོ་དང་གྲུབ་འབྲས་གཙོ་བོ། སྙན་ཞུའི་འཆར་ཟིན་གྱི་བརྒྱུད་རིམ། འདས་པའི་ལོ་ལྔའི་ལོ་རྒྱུས་རང་བཞིན་ལྡན་པའི་ཡར་ཐོན་དང་གྲུབ་འབྲས། མ་འོངས་པའི་ལོ་ལྔའི་ཞིང་ཆེན་ཡོངས་ཀྱི་བྱ་བའི་སྤྱིའི་བླང་བྱ་དང་འབད་འཐབ་དམིགས་འབེན་སོགས་ལ་དམ་པོར་དམིགས་ནས་ཀློག་འགྲེལ་ཟབ་མོ་དང་། གོ་རིམ་ལྡན་པའི་དབྱེ་ཞིབ་བྱས་པ་སོགས་ཁྱོན་ཡོངས་ནས་འགྲེལ་བཤད་བྱས།

སྒྲོག་འགྲེལ་སྙན་ཞུ་བྱས་པ་བརྒྱུད་ནས། ང་ཚོ་ལ་ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པར་གལ་ཆེའི་བློ་སྒོ་ཕྱེ་བ་དང་ཕན་ཁེ་ལྡན་པའི་དཔྱད་གཞི་འདོན་སྤྲོད་བྱས། ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིང་ལས་ཁུངས་ཀྱི་ཏང་ཨུའི་ཆེད་དུ་འགན་འཁུར་པའི་ཧྲུའུ་ཅི་གཞོན་པ་ལི་ཡའོ་ལིན་གྱིས་བརྗོད་དོན། རྗེས་ཕྱོགས་ཀྱི་བྱ་བའི་ཁྲོད་དུ་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་ས་ཁུལ་འཛུགས་སྐྲུན་བྱེད་པ་གཏན་འཁེལ་དང་། གྲོང་གསེབ་དར་སྤེལ་འཐབ་ཇུས་ཀྱི་སྲོག་ཤིང་དམིགས་འབེན་དང་བསྟུན་ནས། ལྷག་བསམ་དག་པས་འགན་འཁྲི་འཁུར། དཀའ་བ་སྤྱད་ནས་དོན་དངོས་སྒྲུབ། ཞིང་གསུམ་བྱ་བར་བྱས་རྗེས་བཞག་ནསཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་སྟེང་བཀོད་སྒྲིག་བྱས་པའི་དམིགས་འབེན་དང་ལས་འགན་དོན་འཁྱོལ་བྱས་ཏེ། ཞིང་ལས་དང་ཞིང་སྡེ་ལས་དོན་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་གཏོང་བར་སྐུལ་འདེད་གཏོང་རྒྱུ་ཡིན་ཟེར།

སྒྲོག་འགྲེལ་ཚོགས་པའི་སྙན་ཞུའི་བརྗོད་དོན་འབུར་དུ་ཐོན་ཞིང་། ཁྱོན་ཡོངས་གོ་རིམ་ལྡན་པ་དང་གཏིང་ཟབ། ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུའུ་ཡི་ལས་ཁུངས་ཀྱི་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ལས་བྱེད་པ་ཀྲིག་ཡ་ཡིས་བརྗོད་དོན། ཁོ་རང་སྐྱེ་ཁམས་སྲུང་སྐྱོང་འཐབ་ཕྱོགས་ཀྱི་ཏང་ཡོན་ལས་བྱེད་པ་ཞིག་ཡིན་པའི་ངོས་ནས། ཏང་གི་འཐུས་མི་ཚོགས་ཆེན་གྱི་དགོངས་དོན་དེ་མིག་སྔར་གྱི་བྱ་བ་སྣ་ཚོགས་དམ་འཛིན་བྱེད་པ་དང་ཟུང་འབྲེལ་བྱས་ནས། དེང་རབས་ཅན་དྲུག་གི་མཚོ་སྔོན་གསར་པའིའབད་འཐབ་དམིགས་འབེན་དངརྟག་བརྟན་འགྱུར་མེད་བརྒྱདཀྱི་བཀོད་སྒྲིག་གལ་ཆེན་གྱི་ངོས་འཛིན་ཇེ་ཟབ་ཏུ་གཏོང་བ་དང་། རང་འགུལ་སྒོས་རང་ཉིད་ཀྱི་ལས་གནས་སུ་ཧུར་ཐག་གིས་བརྩོན་པ་བསྐྱེད་པ། སློབ་སྦྱོང་གྲུབ་འབྲས་དེ་བྱེ་བྲག་གི་བྱ་བ་དང་མཉམ་བསྲེས་བྱེད་པར་མ་ཟད། དོན་དངོས་ཀྱི་འགུལ་སྐྱོད་ལ་བརྟེན་ནས་སྐྱེ་ཁམས་དཔལ་ཡོན་མཐོ་ས་འཛུགས་སྐྲུན་བྱེད་པར་ནུས་ཤུགས་གང་ཡོད་འདོན་རྒྱུ་ཡིན་ཟེར།  །

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།