ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་ཞིབ་དཔྱོད་ལས་ཁུངས་ཀྱིས་ངའི་ཉེ་འགྲམ་གྱི་ཏང་ཡོན་བཟང་བོ་ཞེས་པའི་སྔོན་ཐོན་མཛད་རྗེས་སྙན་ཞུ་གྲོས་ཚོགས་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-07-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ6པའི་ཚེས30ཉིན། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་ངའི་ཉེ་འགྲམ་གྱི་ཏང་ཡོན་བཟང་བོ་ཞེས་པའི་སྔོན་ཐོན་མཛད་རྗེས་སྙན་ཞུ་གྲོས་ཚོགས་བསྡུས། ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གི་ཏང་ཙུའུ་ཧྲུའུ་ཅི། ཞིབ་དཔྱོད་འགོ་གཙོ་ཀྲ་ཆིན་ཅིག་གིས་གྲོས་ཚོགས་ལ་མགོ་འཛིན་བྱས་པར་མ་ཟད་ཆེད་དོན་ཏང་གི་སློབ་ཁྲིད་བྱས།

སྙན་ཞུའི་གྲོས་ཚོགས་སྟེང་། ཞིང་ཆེན་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱི་ངའི་ཉེ་འགྲམ་གྱི་ཏང་ཡོན་བཟང་བོའི་འཐུས་ཚབ་མི་སྣ་དགུ་ཡིས། རང་སྟེང་གི་བསམ་བློ་དང་བྱ་བ་དངོས་ལ་ཟུང་འབྲེལ་བྱས་ནས་སྔོན་ཐོན་མཛད་རྗེས་ཀྱི་སྙན་ཞུ་ཕུལ།

ཀྲ་ཆིན་ཅིག་གིས་ནན་གྱིས་བསྟན་དོན། ཏང་ཡོན་ནི་ཏང་གི་ཕྲ་ཕུང་ཡིན་པ་དང་། ཏང་ཡོན་གྱི་ཕྲ་ཕུང་ལ་གསོན་ཤུགས་ལྡན་ན། ཏང་གི་ལུས་ཕུང་ལ་ད་གཟོད་གསོན་ཤུགས་ལྡན་པས། ཏང་གི་སྔོན་ཐོན་རང་བཞིན་མཐའ་མཇུག་ཏང་ཡོན་སོ་སོས་གདོང་ལེན་དཔེ་སྟོན་ནུས་པ་འདོན་སྤེལ་བྱེད་པའི་སྟེང་ལག་བསྟར་བྱེད་དགོས། ཏང་ཡོན་གྱི་གདོང་ལེན་དཔེ་སྟོན་ནུས་པ་འདོན་སྤེལ་བྱེད་ན་ཕྱོགས་དྲུག་ཁོང་དུ་ཆུད་པར་བྱེད་པ་དེ། ཡིད་རྟོན་བརྟན་སྲུང་བྱེད་པ་ནི་རྨང་རྡོ་ཡིན་པ་དང་། གཞུང་ལུགས་ཀྱི་དྲག་ཆས་སྤྲས་པ་ནི་སྔོན་ཁྲིད་ཡིན་ལ། དམིགས་འབེན་ལག་བསྟར་བྱེད་པ་ནི་རྩ་བ་ཡིན་པ་དང་། ཁག་ཁུར་བྱེད་ཕོད་པ་ནི་འགན་འཁྲི་ཡིན་ལ། གཏོང་ཕོད་པ་ནི་རང་གཤིས་ཡིན་པ་དང་། སྤྱོད་གཙང་རང་གཅུན་ནི་སྤྱོད་ལམ་ཡིན་པས། རྒྱ་ཆེའི་ཞིབ་དཔྱོད་ཏང་ཡོན་ཉེན་རྟོག་པས་ནུས་ལྡན་སློབ་སྦྱོང་བྱེད་པར་སྐུལ་སློང་གཏོང་བ་དང་། ཕུལ་བྱུང་གུང་ཁྲན་ཏང་ཡོན་ལ་སློབ་སྦྱོང་བྱེད་པ། ཏང་ཡོན་གདོང་ལེན་དཔེ་མཚོན་གྱི་ནུས་པ་འདོན་སྤེལ་བྱེད་པ། ཧུར་ཐག་གིས་མཚོ་སྔོན་གྱི་ཞིབ་དཔྱོད་ལས་དོན་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་བཏང་སྟེ། དེང་རབས་ཅན་གྱི་མཚོ་སྔོན་གསར་བ་མྱུར་དུ་འཛུགས་སྐྲུན་བྱེད་པའི་ཐད་བྱས་རྗེས་དང་སྟོབས་ཤུགས་འབུལ་དགོས། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།